ཅི་མ་རུང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » ཅི་མ་རུང་།
ཅི་མ་རུང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/4/22ལྟ་ཀློག (2158)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ཅི་མ་རུང་།


ཐེ་བོ་དཀོན་སེང་།


ཡུན་རིང་བསྟེན་པའི་དབྱངས་ཀྱི་བདག་མོ་ཡིས།།
རྒྱུད་དྲུག་པི་ཝང་ཡུན་ཙམ་གཡར་བྱས་ཏེ།།
ཉེ་གནས་བུ་ཡི་མགྲིན་ལམ་ཡངས་པོ་ནས།།
གྲེ་འགྱུར་གླུ་དབྱངས་ལེན་ལ་རམ་འདེགས་མཛོད།།


དུས་སྙིགས་རང་མཚང་མངོན་པར་བདོ་བའི་ཁྲོད།།
མི་བརྟན་སྒྱུ་མའི་བློ་ལ་གང་སྣང་ཀུན།།
བདེན་པར་རློམ་པའི་མཁའ་མཉམ་ལུས་ཅན་རྣམས།།
རྩོད་རྙོག་སྡུག་ལས་ཐར་ན་ཅི་མ་རུང་།།

གསར་མ་རྙིང་གི་ལྟ་བའི་ཁུག་སོ་ན།།
གོ་མ་ཚོར་གྱི་ཨུ་ཚུགས་མཁྲེགས་པོ་འདིས།།
ཤི་མ་གསོན་དུ་གནས་པའི་མི་བུ་དག།
དཀའ་རྙོག་རྒྱ་ལས་ཐར་ན་ཅི་མ་རུང་།།

མི་ཚུགས་བཟུང་ཡང་མི་ཆོས་དྲི་མི་བྲོ།།
མི་གྲལ་བསྙེགས་ཀྱང་མི་དང་བསྟུན་མི་ཤེས།།
མི་ཚེ་སྡུག་ལ་སྦྱོར་བའི་ན་མཉམ་ཚོ།།
མི་ཆོས་ཅུང་ཙམ་བསླབ་ན་ཅི་མ་རུང་།།

ཆོས་གྲྭ་འགྲིམ་གྱིན་ཆོས་པར་སྡང་སེམས་འཕེལ།།
ཆོས་གཞུང་སློབ་ཀྱིན་ཆོས་ལུགས་རིས་སུ་བཅད།།
ཆོས་ཁྲིའི་ཐོབ་ལ་རྔམ་པའི་ཆོས་གྲོགས་དག།
ཆོས་ཀྱིས་རང་སེམས་འདུལ་ན་ཅི་མ་རུང་།།

ཁ་ནས་གཞན་ཕན་གཏམ་བཤད་ཆུ་ལྟར་བཞུར།།
ཁོག་ན་རང་དོན་གཅིག་བུ་མེ་བཞིན་འབར།།
ཁ་ཞེ་འགལ་བའི་བཅོས་མའི་ཆེན་པོ་ཚོ།།
ཁོག་གི་དུག་གསུམ་བཅོས་ན་ཅི་མ་རུང་།།

རང་རིགས་ལ་རྒྱ་གླེང་ཡང་རང་སྐད་བོར།།
རིགས་ལ་ཞེན་པ་ཡོད་ཀྱང་རིགས་རྒྱུད་བརླག།
གཞན་ཡུལ་འགྲིམ་པའི་རང་རེའི་སློབ་ཆེན་པ།།
རང་སྐད་གཅེས་པར་བསྐྱང་ན་ཅི་མ་རུང་།།

རྡོ་ཆག་བཙན་གྱིས་སྒྲིག་པའི་ཚིག་དུམ་འགའ།།
ག་ས་གང་གི་དེབ་ཕྲེང་སྟེང་བཀོད་པས།།
སྙན་ངག་མཁན་དུ་རློམ་པའི་གསར་བུ་དག།
སྙན་གཞུང་ཞིབ་ཏུ་སྦྱང་ན་ཅི་མ་རུང་།།

ཚིག་འཁྲི་རྩོད་པས་ཚ་དང་འཁོར་གསུམ་ཙམ།།
ཁེ་སང་མཆོག་ཏུ་སྒོམ་ནས་ཉིན་མཚན་ཀུན།།
མི་མཐུན་ཚིག་དུམ་རྒུམ་པའི་རྩོད་ཟླ་ཚོ།།
གཞུང་ཆེན་སྤྱི་ཁོག་ངེས་ན་ཅི་མ་རུང་།།

ལྷན་སྐྱེས་རྣམ་རིག་ཤིན་ཏུ་དྭངས་ཤིང་གསལ།།
དགོས་མེད་ལས་ལ་སྡུག་རུས་སྲན་ཚུགས་ཆེ།།
ཉིན་མཚན་ཞལ་པར་གནོན་པའི་མཛའ་གྲོགས་རྣམས།།
དོན་ལྡན་དཔེ་ཀློག་གཉེར་ན་ཅི་མ་རུང་།།

ཁྱིམ་མེད་རབ་ཏུ་བྱུང་ཡང་ཁྱིམ་ལ་འཁྲེང་།།
ཆོས་ཀྱི་ནང་དོན་ཨེ་གོ་མི་སློབ་པར།།
མི་ཚེ་གྲོང་ཆོག་གཉེར་བའི་ཆོས་པ་ཚོ།།
ཆོས་རིག་ཅུང་ཙམ་བསླབ་ན་ཅི་མ་རུང་།།

མངོན་གྱུར་ཤེས་བྱའི་གཞུང་ལུགས་མི་མཁྱེན་པར།།
ལྐོག་གྱུར་མ་འོངས་ལུང་བསྟན་ཐོགས་མེད་ཀྱི།།
ཆ་ལུགས་ཡ་མ་བརླ་ཡི་དེང་སྤྲུལ་དག།
ཆོ་མེད་མཛད་རྣམ་དོར་ན་ཅི་མ་རུང་།།

གང་ནས་འབོད་པ་ཡོད་ན་དེ་རུ་རྒྱུག།
གང་དུ་མི་ཚོགས་མང་ན་དེ་གར་ཆས།།
གང་མཛད་ཆོས་བརྒྱད་འཁྲབ་པའི་གཏམ་བཤད་པ།།
གང་ནུས་རང་རིགས་བསྐྱང་ན་ཅི་མ་རུང་།།

མདོར་ན་སེར་ལམ་སྐྱ་ལམ་གཉིས་ཀ་ནས།།
སེར་སྐྱ་ཟུང་གིས་མཐུན་སྒྲིལ་དཔུང་སྦྲེལ་ཏེ།།
བོད་པའི་བསྟན་སྲིད་ཟུང་ལ་ཕན་ངེས་ཀྱི།།
བྱ་བཞག་མུ་མཐུད་བརྩོན་པས་འཚོ་གྱུར་ཅིག།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc5i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41331325
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1