དཔལ་ཡུལ་སྦི་གསང་གི་རང་མོས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »དཔལ་ཡུལ་སྦི་གསང་གི་རང་མོས།
དཔལ་ཡུལ་སྦི་གསང་གི་རང་མོས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/5/11ལྟ་ཀློག (1881)རྩོམ་ཁུངས: ངེད་དྲ་བ།

ཞོགས་པ་གསར་བ།


ཐོ་རེངས་སུ

ཡུམ་ཆེན་གྱི་ལོ་རྒྱུས་སྐར་ཚོམས་ལ་འཕྲོས་ཏེ
ཁྱེད་རང་ན་ཟུག་གི་འཁུན་སྒྲར་གྱུར་ནས
ང་ཡི་མི་སེམས་ཆག་རོར་འོད་སྟོང་སྦར་རོགས


ཁྱེད་ཀྱི་དབྱངས་རྟ་ལས་འཕྲོས་པའི་བདེ་སྟོང་མཐའ་དག
ངའི་ཚེ་སྲོག་གི་ལྐོག་ཏུ་སྦས་པའི་ལོ་ཟླའི་འཛུམ་རིས
གཡོ་འགུལ་གྱིས་ཟིལ་པ་གཏོར་ནས
ཆེས་མཐོ་བའི་མཁའ་དབྱིངས་སུ་འོད་སྣང་འཐུ
སྟོང་སིང་སིང་གི་མཚན་མོ་ལས་བརྒལ་ཏེ
ང་ལ་མཁོ་བ་ཅིས་ཀྱང་གནང་བྱུང


དེ་རིང་དཀྲོལ་ལེན་མཐའ་དག་གིས་གནམ་ས་དཀྲོགས་ནས
སྙན་ངག་པ་ཞིག་གིས་ཇི་ལྟར་གསན
ས་ཆེན་གྱི་གཞི་ལ་ཞེན་ཆགས་སྲུང་ནས
སུས་ཀྱང་བཀླགས་མྱོང་བའི་འབྲུ་དྲུག་རྡོག་པོ
དར་ལྕོག་དང་རླུང་རྟ་ལ་འཐམས་ནས
བདག་གི་རྩྭ་ཐང་དུ་ལྷབ་ལྷུབ་ཏུ་གཡོ

                                         2018/ 3/ 20/

སྙིང་ཉེ།

རྒོད་པོའི་གཤོག་ཟུང་གིས་ཐེབས་པའི་ཡར་ཀླུང་གི་མཚོ་ཁར
སུ་ཞིག་གི་སྙིང་ཁ་རུ་མགུར་གླུ་ཐེངས་གཅིག་ལེན་འགྲོ
སྔོ་བསངས་ཀྱི་མཁའ་དབྱིངས་ཆགས་པའི་མཐའ་ཡས་དེར
ཕྱེ་ལེབ་ཀྱིས་དགའ་སྐྱོ་ལྡན་པའི་བྲོ་གར་ལ་རྩེད
དུང་ཞེན་གྱི་རླུང་བུ་ལྡང་ཙ་ན
ཁྱེད་ཀྱི་ལྷིང་འཇགས་འབོག་ཆོག་པའི་སྨོན་ལམ་བཏབ་ཨང
ཆུ་སྐྱེས་བཞིན་མཚོ་ཁ་རུ་འཁྲུངས་སྲིད་ན
ང་ཡི་རྨི་ལམ་ལ་ཆུང་འདྲིས་ཤིག་གི་རྒྱབ་གཟུགས་འབྲི་རོགས

ང་ནི་ནམ་ཡང་སྙན་ངག་ཚན་པ་ཞིག་གི་བར་གསེབ་ཏུ་ཡོད་པས
སྔོ་བསངས་ཀྱི་ཁ་དོག་ཨ་སྔོན་དུ་འཁྱིལ་ནས
ཁྱེད་རང་ལ་འབོད་བརྡ་གཏོང་བཞིན
མི་བཟོད་པའི་ཡིད་བརྙན་དེ་མཐའ་མཇུག་གི་རླུང་ལ་བསྐུར་རོགས
གྱེས་བྲལ་གྱི་ཡུན་དེར
ཚེ་སྲོག་གི་མངའ་ཐང་བོར་བའི་ཕོ་བྲང་དུ་སྡོད་པ་དང་མཚུངས
སང་ནུབ   ད་དུང་རྨི་ལམ་ལ་བཅོལ་ནས་ཡོད

                                      18 /4 /15/

ཡུམ་ཆེན་ལ་སྨོན་པ།
                              
གལ་སྲིད་ང་རང་དབྱར་ཟླ་བཞིན་བུད་སོང་ན
ཡུམ་ཆེན་ལགས       ཁྱེད་རང་གཏན་དུ་ཚུགས་དགོས
ཚེ་སྲོག་གི་ལོ་ཟླ་བཞུར་བའི་ཐིག་པ་རེ་རེ
ངུ་ངག་དང་མ་འདྲེས་པར
ཁྱེད་རང་བཞུགས་ལམ་དཀར་དགོས
ཡོད་ཚད་འཆི་བ་ལ་དམིགས་པའི་མིག་ཆུ་དེ་ཡང
ང་དང་ལྷན་དུ་ལྷུང་མི་ཉན

ཡུམ་ཆེན་ལགས
ང་རང་འཇིག་རྟེན་འདི་ནས་ཉི་མ་ནུབ་པ་བཞིན་འགྲོ་ཚེ
ཁྱེད་ཀྱིས་མུན་ནག་གི་ནང་དུ་སྒྲོན་མེ་སྦར་རོགས
སྨྲ་བ་མེད་པ་མཁའ་དབྱིངས་བཞིན་མི་གནས་རོགས
ཡོད་ཚད་མི་རྟག་ལ་ཅེར་ནས
ཁྱེད་རང་ཉི་མ་བཞིན་ཤར་དགོས
བླ་ན་མེད་པའི་སྐྱབས་འཇུག་གིས
སང་ལོའི་དབྱར་ཟླ་དེར
ང་རང་ཁྱེད་ཀྱི་ལྡུམ་རའི་ནང་དུ་མེ་ཏོག་ཅིག་ལ་སྨོན་པ་བཏབ་ནས
ཡུམ་ཆེན་ལགས་ལ་དྲི་བསུང་འཐུལ་ཆོག
 
༡༨/ ༤ /༡༥ /

སྦི་གསང་།  དངོས་མིང་ཚེ་དབང་དགེ་ལེགས་ཟེར་༡༩༩༣ལོར་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གཏེར་ལུང་ཡུལ་ཚོ་ནས་སྐྱེས་ཤིང་རང་དགོན་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་སོགས་སུ་སློབ་སྦྱོང་བྱས།  ༢༠༡༦ལོ་ནས་བཟུང་སྙན་ངག་གི་ལམ་ལ་བརྩོན།
བོད་ཀྱི་རྩོམ་རིག་དུས་དེབ་གངས་དཀར་རི་བོ་དང་མཚོ་མཐའི་གླུ་སྐད་སྒེར་གྱི་དུས་དེབ་དང་ད་དུང་དྲྭ་ཚིགས་སོགས་སུ་རྩོམ་ཡང་དུ་མ་སྤེལ་མྱོང་།                

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41165313
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1