རྒྱ་ནང་སློབ་གྲྭ་འགྲིམ་པའི་བོད་རིགས་སློབ་མའི་གནས་བབ་ལ་ལྟ་ཚུལ་ཕྲན་ཙམ་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རྒྱ་ནང་སློབ་གྲྭ་འགྲིམ་པའི་བོད་རིགས་སློབ་མའི་གནས་བབ་ལ་ལྟ་ཚུལ་
རྒྱ་ནང་སློབ་གྲྭ་འགྲིམ་པའི་བོད་རིགས་སློབ་མའི་གནས་བབ་ལ་ལྟ་ཚུལ་ཕྲན་ཙམ་གླེང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/5/21ལྟ་ཀློག (2524)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱ་ནང་སློབ་གྲྭ་འགྲིམ་པའི་བོད་རིགས་སློབ་མའི་གནས་བབ་ལ་ལྟ་ཚུལ་ཕྲན་ཙམ་གླེང་བ།

བཙན་གྲོལ།

         ད་ལྟའི་དུས་འདིར་སློབ་གྲྭ་སྣ་ཚོགས་འགྲིམ་པའི་སློབ་མ་མང་པོ་ཞིག་ཡོད་སྲིད་མོད་འདིར་གླེང་བ་ནི་རྒྱ་ནང་གི་སློབ་གྲྭ་འགྲིམས་པའི་བོད་རིགས་སློབ་མ་དག་ལ་ལྟ་ཚུལ་ཙམ་གླེང་བ་ཡིན་ན།
བསིལ་ལྡན་གངས་རི་ར་བས་མཛེས་པར་བསྐོར་བའི་ཞིང་ཁམས་སུ་ཤ་རུས་ཁྲག་གསུམ་བོད་ནས་ཆད་ཀྱང་། ཞེན་ཆགས་རྒྱ་ནང་ལ་ཆགས་པའི་སློབ་མ་འགས་ཕ་མ་དང་རང་ཉིད་ལ་ཤ་ཚ་བའི་སྙིང་གཏམ་དང་རེ་བ་སྟོང་ཟད་དུ་བཏང་ནས།
རྒྱུས་མེད་ཡུལ་ནས་དོན་མེད་ངང་དུས་ཚོད་ཆུད་ཟོས་དང་དངུལ་ལོ་འཕྲོ་བརླག་ཏུ་བཏང་སྟེ་རང་ཉིད་རྐྱལ་སྟོང་དུ་གྱུར་པའང་ངོས་མི་ཟིན་པའི་ཚོད་དུ་སླེབས་དུས། ཀླད་པ་ཤེས་ཡོན་གྱིས་སྟོང་། ལག་པ་ནོར་གྱིས་སྟོང་།
རང་ལུས་བདེ་ཐང་གིས་སྟོང་། སེམས་པ་ལ་རྒྱས་སྟོང་། སྙིང་ཁུངས་རུས་ཞེན་གྱིས་སྟོང་ནས་ཕྱི་སྟོང་ནང་སྟོང་དུ་ཆགས་འགྲོ་བ་མང་པོ་ཞིག་མཐོང་རྒྱུ་ཡོད་འདུག་པ་ནི་ང་ཚོ་བོད་ལ་མཚོན་ན་ཆེས་ཡིད་ཕམ་དང་སྐྱོ་དགོས་པའི་གནས་ཤིག་ཡིན་པ་རེད།

      མི་རིགས་ཀྱི་མ་འོངས་པ།  ཁྱིམ་ཚང་གི་མ་འོངས་པ།  རང་ཉིད་ཀྱི་མ་འོངས་པ་ཞེས་རེ་བ་ཟབ་མོ་ཞིག་འཆང་ཡོད་པ་འདི་ཁྱོད་ཀྱིས་མི་ཤེས་སམ། སློབ་མ་དེ་ཚོ་འདི་ལྟ་བུ་ཞིག་ཡིན་ཚེ་དུས་ཚོད་སྐར་ཆ་རེ་རེར་སློབ་མ་དང་འབྲེལ་འདྲིས་བྱེད་བཞིན་པའི་དགེ་རྒན་གྱིས་སློབ་གསོའི་ཆེད་ལས་ལ་རྒྱུས་ལོན་བྱས་པ་མི་འདང་ས་དང་། བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་མི་ཤེས་པ། སེམས་ཁམས་རིག་པའི་གཞུང་ལུགས་དང་སློབ་གསོའི་གཞུང་ལུགས་མི་ཤེས་པ་ཧ་ཅང་མང་བ་གསལ་བཤད་བྱས་ཡོད་ལ། སློབ་མའི་སྤུས་ཚད་དང་ལུས་སེམས་འཕེལ་རྒྱས་ལ་གནོད་ཚབས་ཆེན་པོ་ཐེབས་བཞིན་ཡོད་པས། དགེ་རྒན་གྱི་ཆེད་ལས་སྦྱོང་བརྡར་དང་སློབ་ཁྲིད་ཀྱི་དོ་དམ། རྨང་གཞིའི་སྤུས་ཚད། སློབ་ཁྲིད་ཞིབ་འཇུག་སོགས་ལ་ངོས་འཛིན་དང་ཤུགས་སྣོན་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་ཞིག་རེད་སྙམ།
    
དགེ་རྒན་ཞིག་ལ་མཚོན་ན། སློབ་དེབ་ནང་གི་གཞུང་ལུགས་དང་རྩལ་ནུས་ཤེས་བྱ་རྐྱང་བ་མ་ཡིན་པར་འགྲོ་འདུག་སྤྱོད་གསུམ་གྱི་སློབ་གསོ་རེ་སྤྲོད་རྒྱུ་ནི་ཧ་ཅང་གིས་གལ་ཆེན་རེད་མ་གཏོགས་བྱིས་པ་བསམ་མེད་ཚོས། ཞན་ཆ་མང་བའི་དགེ་རྒན་དག་ལ་མིག་དཔེ་བྱེད་པས་སློབ་མ་དེ་དག་གི་འཕེལ་རྒྱས་དང་མི་ཚེའི་རང་བཞིན་ལ་ཤན་ཤུགས་ཚབས་ཆེན་ཐེབས་ངེས་ཡིན་ལ། བྱིས་པ་ཆུང་དུས་ནས་ཡིན་མིན་ཡོད་མེད་བཟང་ངན་འགྲིག་མིན་ཐམས་ཅད་རང་གིས་ཐག་གཅོད་བྱེད་མི་ཐུབ་པར་གཞན་ལ་བརྟེན་པའི་གོམས་སྲོལ་དང་སེམས་ཁམས་ངན་པ་ཞིག་ཆགས་ངེས་ཡིན་པས་མང་ཚོགས་ཀྱི་ཁ་དཔེ་ལྟར་ན་ལོ་བརྒྱར་བུད་ཀྱང་བསམ་གཅིག་མི་ཤེས་ཞེས་པ་ལྟར་བྱིས་པ་བསམ་མེད་ནས་ན་གཞོན་བསམ་མེད་དང་དེ་ནས་རྒན་པ་བསམ་མེད་སོགས་མང་པོ་ཞིག་འབྱུང་ངེས་ལ་བརྒྱུད་ཀྱང་དགོས་ངེས་ཡིན་པས། སྤྱི་ཚོགས་འཕེལ་རྒྱས་ལ་ཡང་དངོས་དང་བརྒྱུད་དེ་ཤན་ཤུགས་ཐེབས་སྲིད་པ་ཡིན།
    
     དེ་བས།  བྱིས་པའི་ནུས་པ་སྐྱེད་བསྲིང་ནི་བྱིས་པའི་མི་ཚེ་ཧྲིལ་བོའི་འཚོ་གནས་ལ་འབྲེལ་བ་དམ་པོ་ཡོད་པའི་བྱ་བ་གལ་ཆེན་ཞིག་ཡིན་པར་མ་ཟད། མིའི་ནུས་པ་བཟང་ངན་དང་མི་གཤིས་ཆགས་པ་ལ་ཚད་མི་འདྲ་བའི་སྒོ་ནས་ཤན་ཤུགས་ཐེབས་བཞིན་ཡོད་པས།མིའི་ནུས་པ་བཟང་ངན་གྱིས་མི་གཤིས་ཐག་གཅོད་བྱེད་བཞིན་ཡོད་ལ།
མི་གཤིས་བཟང་ངན་གྱིས་མི་ཚེ་ཧྲིལ་བོ་ཐག་གཅོད་བྱེད་བཞིན་ཡོད་དེ།
དཔེར་ན། ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་ཀྱང་མི་གཤིས་ཞན་ཚེ་སྤྱི་ཚོགས་ལ་ཕན་ལས་གནོད་པ་ཆེ་བ་གང་མང་ཞིག་ཏུ་འགྱུར་སྲོལ་ཡོད་པ་དང་། མི་གཤིས་ཕུན་སུམ་ཚོགས་ཚེ་ཤེས་ནུས་ཀྱི་འཇོན་ཐང་ཅུང་ཞན་ན་ཡང་སྤྱི་ཚོགས་ལ་ཕན་པ་ཆེ་བའི་དོན་དངོས་འདི་དག་གིས་ནུས་པ་གལ་ཆེ་ལ་མི་གཤིས་དེ་བས་ཀྱང་གལ་ཆེན་པོ་ཡིན་པ་ཤེས་ནུས།ནུས་པ་སྐྱེད་བསྲིང་གི་སློབ་གསོ་བྱེད་རྒྱུ་ནི་ཧ་ཅང་གིས་གཙིགས་ཆེན་བྱེད་དགོས་པར་སྙམ།
    
དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པ་ཡིན་པས། རང་གི་བླ་སྲོག་དང་བློ་གྲོས།སྤུས་ཚད་སོགས་ལ་བརྟེན་ནས་སློབ་མའི་བླ་སྲོག་དང་བློ་གྲོས་སྤུས་ཚད་སོགས་སྐྱེད་བསྲིང་བྱེད་བཞིན་ཡོད་ནའང་འདིར་མཉམ་འཇོག་བྱེད་རྒྱུ་གལ་ཆེ་བ་ཞིག་ཡོད་པ་ནི་སྐྱེད་བསྲིང་གི་གོ་རིམ་ཁྲོད་དུ་ནམ་ཡང་སློབ་མ་ནི་མི་ཡིན་པ་དང་མི་ཕན་ཚུན་འདྲ་མཉམ་ཡིན་པས།དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་དབང་ཆ་ཡོད་ཚད་རང་གིས་ཚོད་འཛིན་དང་ཚབ་བྱེད་པ་དང་སློབ་སྦྱོང་གི་འགན་ཁུར་ཡོད་ཚད་སློབ་མའི་སྟེང་དུ་འགེལ་བའི་ནོར་འཁྲུལ་གྱི་བྱེད་སྟངས་དོར་ཏེ། ཆུང་དུས་ནས་སློབ་མའི་ཁེར་རྐྱང་གི་བསམ་གཞིགས་ནུས་པ་དང་རང་ཚུགས་དང་རང་རྐྱ་ཐུབ་པའི་སྒོ་ནས་འཚོ་བ་རོལ་བ་དང་འཚོ་གནས་ཀྱི་ནུས་པ་སྐྱེད་བསྲིང་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ་སྤུས་ཚད་སློབ་གསོའི་རྩ་བའི་རེ་འདུན་ཉག་གཅིག་ཀྱང་རེད་འདོད།
དེ་བས་ད་དུང་དགེ་རྒན་ནི་མར་མེ་ཞིག་ཡིན་པའི་དབང་དུ་བཏང་ན།  སློབ་མ་ཚང་མ་ཡང་ཆེ་ཆུང་དང་ཁ་མདོག་དབྱིབས་གཟུགས་སྣ་ཚོགས་པའི་མར་མེ་ཁྲི་མ་འབུམ་ཕྲག་ཙམ་རེད་ལ།དགེ་རྒན་གྱི་མར་མེས་སློབ་མ་ལ་འོད་སྣང་བསྐྱལ་ཡོང་བ་དག་མཉམ་དུ་སློབ་མའི་མར་མེ་རེ་རེས་ཀྱང་དགེ་རྒན་ལ་ཡང་འོད་སྣང་བསྐྱལ་བཞིན་ཡོད་པར་ངོས་འཛིན་ཡང་དག་ཅིག་བྱེད་དགོས་ས་རེད་བསམ།

མདོར་ན
      རང་རྟོག་གམ་རང་གིས་རང་ལ་ཡིད་ཆེས་པའི་བློ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པས།
ལོ་གཞོན་ཚོས་སྙིང་རུས་བསྐྱེད་དེ། མི་ཐམས་ཅད་མི་ཡིན་པ་ནི་གཅིག་མཚུངས་རེད།
དབང་པོ་ཡོད་པ་དང་བློ་ཡོད་པ་ཤེས་པ་ཡོད་པ་སོགས་གང་ཐད་ནས་གཅིག་མཚུངས་ཡིན་པར་འདུག་ན།  གཞན་གྱིས་གང་ནུས་ངས་ཀྱང་ཅི་ལ་མི་ནུས་སྙམ་ནས་སེམས་ཤུགས་བསྐྱེད་རྒྱུ་གལ་ཆེ།ང་ཚོ་ལམ་ཞིག་ཏུ་ཞུགས་ཟིན་པས་ལམ་འདིའི་སྟེང་ནས་གྲུབ་འབྲས་ཤིག་ངེས་པར་ལེན་དགོས་སྙམ་པ་སྐྱེས་ན་ཤིན་ཏུ་ཡག་སྙམ།
   
རྒྱ་ནང་སློབ་གྲྭ་འགྲིམ་བཞིན་པའི་ཤ་རུས་ཁྲག་གསུམ་བོད་ཡིན་པའི་ན་གཞོན་སློབ་མ་ཚོས་ངེས་པར་དུ་ཐོག་མར་རང་གི་ཡ་མེས་ཚོས་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པའི་རིག་གཞུང་དང་ལོ་རྒྱུས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་ཞིག་བྱས་ཏེ།རྒྱལ་གཅེས་དང་དམངས་གཅེས་ཕ་ཡུལ་ལ་གཅེས་པའི་སྤུས་ཚད་ཀྱི་རྨང་གཞིའི་སྟེང་དུ་འཛམ་གླིང་སྔོན་ཐོན་ཤེས་རིག་གི་སྤུས་ཚད་ཀྱི་རྨང་གཞི་ཆགས་པར་གཙིགས་ཆེན་བྱེད་དགོས་པ་རེད་སྙམ་མོ།།

༢༠༡༨.༥.༢༠ཉིན་གྲུབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmfs བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41147027
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1