རྔ་བ་ཁུལ་གྱིས་ལས་རིགས་སློབ་གླིང་དངོས་སུ་བཙུགས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 9 ཚེས 23 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »རྔ་བ་ཁུལ་གྱིས་ལས་རིགས་སློབ་གླིང་དངོས་སུ་བཙུགས་པ།
རྔ་བ་ཁུལ་གྱིས་ལས་རིགས་སློབ་གླིང་དངོས་སུ་བཙུགས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/5ལྟ་ཀློག (1357)རྩོམ་ཁུངས: རྔ་ཁུལ་རྔ་སྒྲ།པར་འདེབ།

 

       སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་གནང་བ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་བཀོད་སྙན་སེང་བྱས་པ་བརྒྱུད། རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་དོ་དམ་བྱེད་པའི་རྔ་བ་ཁུལ་གྱི་ལས་རིགས་སློབ་གླིང་ཉེ་ཆར་དངོས་སུ་བཙུགས་ནས།  2018ལོའི་སྟོན་ཁར་ཁུལ་ཡོངས་སུ་སློབ་མ་བསྡུ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག

        རྒྱུས་ལོན་པ་ལྟར་ན།  རྔ་བ་ཁུལ་ལས་རིགས་སློབ་གླིང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་། སི་ཁྲོན་བོད་ཁུལ་གྱི་སྣ་འཛོམས་མཐོ་རིམ་སློབ་གླིང་ཞིག་ཡིན། སློབ་གླིང་ནི་མའོ་རྫོང་དུ་བཙུགས་ཡོད། སློབ་གླིང་དེའི་སློབ་མ་ནི་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མས་གཅིག་གྱུར་དུ་སློབ་མ་བསྡུ་བའི་འཆར་གཞི་རུ་འགོད་རྒྱུ་རེད། སློབ་གླིང་གིས་ས་ཞིང་མུའུ་200ལྷག་ཟིན་པ་དང་ཨར་ལས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་110ཡོད།  སློབ་གླིང་དེར་དགེ་རྒན་118ཡོད།

        ད་ལོར་རྔ་བ་ཁུལ་ལས་རིགས་སློབ་གླིང་གིས་ཐེངས་དང་བོར་ཆེད་སྦྱོང་འཛིན་གྲྭ་དྲུག་བཙུགས་ནས་སློབ་མ་730བསྡུ་རྒྱུ་རེད།  དེ་ལས་སྐྱེ་ཁམས་ཞིང་ལས་ལག་རྩལ་བ་་80(དེའི་ནང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ་20)དང་།  ཕྱུགས་ནད་སྨན་པ་200།  ཕྱུགས་ནད་སྨན་པ(བོད་ལུགས་ཀྱི་ཕྱུགས་ནད་སྨན་བཅོས་དང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ)120། མི་རིགས་ཀྱི་འཁྲབ་སྟོན་པ་50། མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་བ་30། ལྗོངས་སྐོར་དོ་དམ་པ་150(དེའི་ནང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ་30།)རྩིས་པ་100(དེའི་ནང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ་25)ཡོད་ཅེས་བརྗོད་འདུག


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12285859
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号