ཕ་ཡུལ་དང་ཕ་སྐད།༼ལྷུག་རྩོམ།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཕ་ཡུལ་དང་ཕ་སྐད།༼ལྷུག་རྩོམ།༽
ཕ་ཡུལ་དང་ཕ་སྐད།༼ལྷུག་རྩོམ།༽
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/5ལྟ་ཀློག (3931)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕ་ཡུལ་དང་ཕ་སྐད།

རྩོམ་པ་པོ།  རྣལ།

       གངས་ཀྱི་འོད་མདངས་དང་ལོ་རྒྱུས་ཀྱི་ཚིག་གྲུབ་རེ་རེས་གསེང་རིམ་ན་ནམ་ཡང་མགོ་བོ་སྒུར་མ་མྱོང་བའི་ཁྱེད་ཀྱི་མཛེས་སྡུག་དང་ཚེ་སྲོག་གི་མེ་ལྕེ་སྦར་ཡོད།
ཁ་བའི་རླུང་དང་སྙན་ངག་གི་བརྗོད་བྱ་རེ་རེས་གབ་ཚིག་འོག་ན་ནམ་ཡང་འོད་ཕུང་འཚེར་བའི་ཁྱེད་ཀྱི་ཐུགས་དྲོད་དང་མིག་ཟུང་གནས་ཡོད།
མཛེས་འཛུམ་གྱི་ཁ་བའི་ཁྲོད་ན་མི་ལོ་སྟོང་གི་ཤུལ་རྗེས་དང་བང་སོའི་གཞིས་ཁྱིམ་དེར་གནའ་བོའི་གདོད་མའི་ཤེས་རབ་ཀྱི་དུར་སའི་རྡོ་ཕུང་བཀང་ཡོད།
དེ་ནི་མི་རབས་ཕྱི་མའི་གཅེས་ཕྲུག་ཚོའི་རྣམ་དཔྱོད་ཀྱི་སྔས་མགོ་དང་འགན་ཁུར་གྱི་འཁྲི་ཤིང་ཡིན་ལ།  དེ་ནི་ན་སོ་གཞོན་པའི་ཤུལ་འཛིན་ཚོའི་ཕ་མེས་ཡང་མེས་ཀྱི་རུས་རྐང་དང་ཟུངས་ཁྲག་ཡིན།   དེང་སྐབས་ཁྱེད་ཚོའི་མིག་ཟུང་ནང་།*«ལེགས་པར་གཟིགས་དང་དེ་ནི་གཟི་བརྗིད་ཀྱི་དུར་ས་ཡིན་པས་རང་གི་ལུས་སྲོག་དེ་གར་ཕུལ་ཅིག»ཅེས་པའི་ཡིག་འབྲི་ཞིག་མཐོང་སྟེ་དེས་ཀྱང་སྙིང་གི་བློ་སྟོབས་ཡོད་ན་གྱོང་རྒུད་དང་ཚེ་སྲོག་ཤོར་བའི་གཏམ་རྒྱུད་ཀྱི་ཡིག་འབྲི་ནག་པོ་ཡོད་མི་སྲིད་ལ་དེས་བས་ཀྱང་ཕམ་ཁ་ཁུར་སོང་བའི་མྱ་ངན་གྱི་ཐང་ཆེན་སྐྱ་བོ་ཡོད་མི་སྲིད།    རང་ཅག་ཚོའི་འཇོན་ཐང་ལ་ཡིད་ཆེས་བྱོས་དང་ནམ་ཞིག་དགའ་བྲོད་ཀྱི་བློ་སེམས་ཕྱིར་རུ་མངོན་ཞིང་རྒྱལ་ཁའི་དཔའ་སྙིང་གི་ལོ་རྒྱུས་ཕྲིས་ཏེ་ཡིད་ཚིམ་པའི་གླུ་ངག་གི་དབྱངས་རྟ་འཐེན་ངེས།    སྔོ་ལྗང་ལྗང་གི་རྩྭ་ཐང་དེ་ཚོ་ང་ཚོ་ཕལ་བའི་མི་བུ་དག་གི་འཚོ་རྟེན་གྱི་ཞིང་ས་ཡིན་ན།  ཁྲ་ལེམ་ལེམ་གྱི་མེ་ཏོག་སྣ་ཚོགས་དག་ཀྱང་ང་ཚོའི་གཞིས་ཁྱིམ་དྲོན་མོ་ཆགས་སའི་མཛེས་རྒྱན་གྱི་གཡུ་བྱུར་ཡིན་པ་སྨོས་ཅི་དགོས།   དེ་བས་ང་ཚོས་བློ་བརྟན་གྱི་སྙིང་རུས་མ་འགྱུར་དང་ཡིད་ཆེས་ཀྱི་སེམས་ཁམས་མ་ལྷོད་ཅིག།     *དབྱིན་ཇིའི་རྒྱལ་ཁབ་ཀྱི་མཁས་པ་ཆེན་པོ་(ཏི་ཀེང་སི་ཡིས)«དཔའ་ངར་ཞིམ་མེད་ཀྱི་སྙིང་རུས་ལྡན་གྱུར་ན།  འཇིག་རྟེན་གྱི་ཐོག་ལ་འཛེགས་མི་ཐུབ་པའི་རི་བོ་གང་ཡང་མེད།»
      ཅེས་པའི་ལེགས་བཤད་དེས་ཀྱང་ང་ཚོ་ལ་དཔའ་ངར་ཞིམ་མེད་ཀྱི་སྙིང་རུས་ཡོད་ན།  བསྒྲུབས་མི་ཐུབ་པའི་བྱ་བ་གང་ཡང་མེད་པའི་ཀུན་སློང་གཙང་མ་དེའང་ཁོང་གིས་འཇིག་རྟེན་ལ་བཞག་པའི་ཉམས་མྱོང་གི་ལེགས་སྐྱེས་རིན་ཐང་ཅན་ཞིག་ཡིན་པར་དོགས་པ་མེད།     དེ་བས་ང་ཚོས་ཕ་སྐད་དང་ཕ་ཡུལ་ལ་སྲུང་སྐྱོབས་བྱེད་ཐུབ་མིན་གྱི་རྩ་བ་ང་ཚོ་ལ་སྙིང་རུས་ཡོད་མེད་ལ་རག་ལས་ཡོད།                   

       ཕ་སྐད་ཀྱི་གཟི་བརྗིད་ཁོ་ནས་ང་ཚོ་ལ་འོད་སྣང་གིས་གང་བའི་འཛམ་གླིང་ཟླུམ་པོ་དེའང་སྟོན་ཙམ་བྱས་མྱོང་ལ།   ཕ་སྐད་ཀྱི་གཟི་བརྗིད་ཁོ་ནས་ང་ཚོ་ལ་ཡིད་སེམས་འཁྱགས་པོ་དེའང་སྔར་མེད་གསར་དུ་སྦྱིན་པའི་སྙིང་སྟོབས་བརྟན་པོ་ཞིག་ཀྱང་སྦྱིན་མྱོང་།     ཕ་སྐད་ཀྱི་གཟི་བརྗིད་ཁོ་ནས་ང་ཚོའི་རྒྱུད་ལ་ཤེས་རབ་ཀྱི་མེ་ལྕེ་སྦར་མྱོང་ལ།  ཕ་སྐད་ཀྱི་གཟི་བརྗིད་ཁོ་ནས་ང་ཚོའི་རྒྱུད་ལ་ངོ་ཚ་དང་གནོང་དོགས་ཀྱིས་གང་བའི་ཁེངས་སྐྱ་དེ་ཡི་མགོ་བོ་འང་གནོན་ཐུབ་མྱོང་།
       གནའ་བོའི་ཡང་མྱེས་དེ་ཚོའི་མགྲིན་ཁུགས་ན་མ་བཅོས་གསེར་ལས་ལྷག་པའི་དངོས་པོ་ཞིག་ཡོད།  དེ་ཡི་མིང་ལ་ཕ་སྐད་ཟེར།   ད་ལྟ་ཕ་མེས་དེ་ཚོས་དབུགས་ལམ་ན་མ་ཆད་དངུལ་ལས་ལྷག་པའི་ཐག་པ་ཞིག་ཡོད།    དེ་ཡི་མིང་ལ་ཕ་སྐད་ཟེར།  ཁྱིམ་གཞི་དཀར་པོ་ཞིག་གི་དབུ་ཐོག་ན་ཉི་འོད་ཤར་ནས་འཕྲོས་པའི་དར་ཆ་ཞིག་ཡོད།  དེ་ཡི་སྟེང་ན་ཕ་སྐད་ཅེས་བྲིས་མྱོང་།  དབུ་ཐོག་གི་དར་ལྕོག་སེར་པོ་རླུང་བུས་བལྡེགས་བཞིན་སྣང་བ་རི་ལས་མཐོ་བའི་གཞིས་ཁྱིམ་དེ་ཡི་ནང་།       ལ་ཐོད་དམར་པོ་ཞིག་གི་དབུ་ལོ་དཀྲིས་པས་སྟག་ཤར་ཞིག་ཡོད།   དེ་ཡི་དཔུང་རྒོད་སྟེང་དུ་ཕ་སྐད་ཅེས་བྲིས་མྱོང་ཡོད།    དེ་བས་ང་ཚོ་ལ་དགོས་མཁོ་ཆེ་བ་ནི་ཕ་ཡུལ་དང་ཕ་སྐད་དག་གི་རིན་ཐང་ཤེས་པ་དེའོ།།   །།

2018   5   27
*དབྱིན་ཇིའི་སྙན་ངག་པ་པེ་རོན་གྱི་གདམས་ངག
*དབྱིན་ཇིའི་མཁས་པ་ཆེན་པོ་ཏི་ཀེང་སི་ཡི་ཉམས་མྱོང་གི་ལེགས་བཤད།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtm1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41039902
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1