ཁ་ངོ་བཀྲུ་འོས་པའི་ཁོར་ཡུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཁ་ངོ་བཀྲུ་འོས་པའི་ཁོར་ཡུག
ཁ་ངོ་བཀྲུ་འོས་པའི་ཁོར་ཡུག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/8ལྟ་ཀློག (2188)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འོད་ཞགས།

ཁ་ངོ་བཀྲུ་འོས་པའི་ཁོར་ཡུག


       ༡.འབྱུང་བཞིས་བདག་གིར་བྱས་ཤིང་མཛེས་རྟོག་འགྱུ་བའི་རང་བྱུང་གི་སྐྱེད་ཚལ་མཐའ་ཡས་པ་འདིར།  ར་རིའི་གད་སྙིགས་སམ་བསླད་རྡུལ་གྱི་དྲེག་པ་ནག་པོ་སིམས་པར། གཅེས་སྤྲས་ཀྱི་སྤེན་ཕྱགས་ཀྱིས་ཅིས་ཀྱང་འདག་སེལ་བྱ་རུང་བའི་དཀྱོག་མཚམས་སུ་སླེབས་ཙ་ན། ང་ཚོ་སྟེ་བཅུད་དུ་གྲུབ་པའི་མིའི་རིགས་ཀྱིས་ཁ་བཤད་ཀྱི་གཞེན་བསྐུལ་ལག་ཏུ་དགེ་ལས་ཀྱིས་བསྟར་དགོས་པ་ལགས།
      ༢.རི་ཆུ་ཡི་ངོ་གདོང་ལ་འཛུམ་པའི་སྔོ་ལྗང་གི་རྩི་རྐང་དང་དྭངས་གཙང་གི་བཞུར་རྒྱུན་ནི་སྤྱི་ཚོགས་ཀྱི་ཁོངས་མི་ཐ་དད་ཀྱིས་འགན་བབས་སུ་བླངས་ནས་བདག་སྐྱོང་གི་ལག་ཟུང་རིང་དུ་རྐྱོང་གལ་ཆེ་ལ།  སྤྲིན་ནག་གི་ཕུང་བོ་ཉི་འོད་ཀྱིས་བརྟོལ་བ་ལྟར་དུ་གནས་ཡུལ་གྱི་ཁང་ཁྱིམ་མམ་སྡོད་མལ། ཕྱིའི་ར་བར་སྣང་བའི་སྤང་རིའམ། རྫ་རི། གངས་རི་སོགས་ཀྱི་འཚོ་གནས་རྒྱ་ཆེ་ཆུང་ཀུན་ལ་ཡིད་དུ་འོང་བའི་ཞལ་རས་ཤིག་གསལ་བོར་དོད་དགོས་པས།  ངའམ་ཁྱེད་དང་། ཁོ་ཚོ་ཚང་མས་རང་མོས་ཀྱི་ཀློང་ནས་བྱི་དོར་གྱི་གྲོགས་སུ་མ་གྲོས་རང་མཐུན་གྱི་འཕྲོད་བསྟེན་སེམས་ལ་བཅངས་ཤིང་སྤྲོ་བས་མངོན་དུ་འབྱིན་པའི་དུས་ནི་རན་པ་རེད།

      ༣. ཚོམ་བུར་ཚོམ་བུར་བཞད་དེ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་གི་མགོ་ལྕོག་ལྡེམ་པ་ནི།  མཆོར་སྒེག་གིས་དཀྲིས་པའི་གཞོན་ནུ་མ་ཞིག་གི་གར་སྟབས་ལ་འཁྲུལ་བའི་སྐྱེ་ཁམས་ཀྱི་ཁོར་ཡུག་ཉམས་དགའ་བ་དེར། སུ་དང་གང་གིས་སྦགས་བཙོག་གི་སྣ་གཉེར་བའི་རྣམ་འགྱུར་མདོག་ཉེས་པ་དག་སྟོན་འོས་སམ།   སྐབས་དུ་མར་མིག་མདུན་གྱི་མཐོང་རྒྱར་ཚུད་པའི་ཕྱོགས་སོ་སོར།  ནག་ནོག་གིས་ཟིན་པའི་རྫས་དུད་སྟུག་པོའི་རུལ་སུངས་སམ།  བཙའ་རོ་ཆགས་པའི་ལྕགས་རིགས་ཀྱི་གཡའ་བག་གིས་ལུས་ཕུང་གི་ཕྱིའི་ཐོགས་རེག་ནས་ནང་སེམས་ཀྱི་མྱོང་བྱར་ཡི་མུག་སྐྱེ་ཞིང་དྲི་མས་གོས་པར་འགྱུར་སྟབས།  དེ་མ་ཁད་དུ་ས་གང་དེར་འབྲལ་སྙིང་འདོད་ཀྱང་གནས་སྐབས་ཀྱི་ཟུར་བྱོལ་ཐེངས་གཅིག་བྱས་པ་ཙམ་ལས་ཡུན་རིང་གི་བར་དུ་ཐར་མེད་པ་འདྲ།  དེའི་ཕྱིར་ན།  ང་ཚོས་ངེས་པར་དུ་ད་ལྟའི་མིག་ལམ་དུ་བརྒྱུད་ཀྱིན་པའི་ཁོར་ཡུག་གི་ཁ་ངོར་མི་གཙང་བས་བསྒོས་པའི་ཞད་ལྷད་འདི་དག་ལ་གཙང་སྦྲའི་བྱབས་ཁྲུས་ཆེན་མོ་ཞིག་གི་ཆོ་ག་སྤེལ་བར་བབས་འདུག་ཨང་།

      ༤.དེ་མུར་མ་གཞི་ནས་དག་ཞིང་གི་གནས་མཆོག་གཅིག་ཏུ་གྱུར་བའི་རང་རེ་ཁ་བ་ཅན་གྱི་ཡུལ་གྲུ།   འདི་དང་འབྲེལ་བའི་འཛམ་གླིང་ས་ཕྱོགས་ཀུན་ཏུའང་། ས་གཞི་དང་ཆུ་བོའི་སྙིང་ཁ་ནས་འཕྱུར་དེ་རང་བྱུང་ཁོར་ཡུག་གི་ཡ་ཁོག་ལ་ཐེབས་པའི་འཇིགས་སུ་རུང་བའི་གནོད་སྐྱོན་གྱི་རྒས་པས། ས་ཡི་གོ་ལ་ཟླུམ་པོས་ཚེ་མཇུག་གི་ཟློས་གར་འཁྲབ་ལ་ཉེ་བ་ན། ཁ་ཚ་དགོས་གཏུགས་སྒོས་མི་རེ་རེའི་ཀུན་སློང་ནང་རང་རྟོགས་ཀྱིས་འོས་འགན་འཁུར་བ་ནས་ལམ་ལ་ཆས་ཏེ།    ཕྱིའི་ལུས་ཀྱི་སྦྱོར་བ་རང་གྲུབ་ངང་གད་བདར་བྱེད་པའི་ལམ་བར་གྱི་ལས་ཀ་མུ་མཐུད་དུ་འབད་པ་བྱེད་བཞིན། ཕྱི་རོལ་མ་ལུས་དྭངས་གཙང་དུ་དག་ཅིང་ནང་རོལ་མ་ལུས་རྟོགས་སད་དུ་སངས་བའི་ངོ་བོར།    ཡི་གར་འོང་བའི་འཇིག་རྟེན་གྱི་ལམ་སྣེར་མཛེས་བྱད་ཀྱིས་ཟིན་པར་ཕུགས་བསམ་དང་བཅས་མངོན་འགྱུར་བྱའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41300004
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1