ལྷ་མོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 9 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ལྷ་མོ།
ལྷ་མོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/8ལྟ་ཀློག (1493)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལྷ་མོ།

རྭ་ཅོ་ནག་པོ།

ལྷ་མོ།   འུ་གཉིས་བྲག་ཆ་རུ་འབབ་པའི་ཉི་མ་ནས་བཟུང་།
ངས་ཐེངས་མང་བོར།   ཁྱོད་ལ་བཤད་ཅིང་ཁྱོད་ལ་ཉན།
ཉིན་མཚན་རེ་རེ་བཞིན།   འུ་གཉི་ཀས་སྐད་ཆ་ལྡབ་བེ་ལྡིབ་བེ་ལབ་ནས
ནམ་ཚ་བསྐྱལ་བ་ཡིན།

ཁ་པར་སྐུད་ལམ་བརྒྱུད་ནས།
ཁྱོས་ང་ལ་བཤད་མ་མྱོང་བ་ཅི་ཞིག
ངས་ཁྱོད་ལའང་།      རྟག་ཏུ་རང་གཤིས་ཁྱོད་ལ་སྟོན་ཅིང་།
ནེམ་བསིལ་བསིལ་གྱི་སེམས་པ་ཁྱོད་ལ་ཕུལ་མྱོང་།

སྐབས་དེ་ནས་བཟུང་།
ནམ་རྒྱུན།      འུ་གཉིས་ནི་སྐྱེ་བོ་གཞན་ཚོ་དང་འདྲ་བར།
བདེ་བདེ་སྐྱིད་སྐྱིད་ངང་འཚོ་ཡང་མྱོང་། ངུ་ཡང་མྱོང་།
དུས་སྐབས།   ཁྱོད་ལ་སླད་མ་འདྲེས་པའི་སེམས་པ་གཙང་མ་ཞིག་ཡོད།
ང་ལའང་།   དྭངས་གཙང་གཙང་གི་སེམས་པ་ཞིག་ཡོད་མྱོང་།

ལྷ་མོ།   ཆེས་རླབས་ཆེ་བའི་ཁྱོད་ཀྱིས།
ང་ལ་ཀུ་རེ་ཡི་ཚུལ་དུ་ཨམ་གཙིགས་མ་སྡོམ
ང་ནི་སེམས་པ་ཆུང་ཞིང་།   གཉོམ་ཆུང་ཆུང་གི་བྱེའུ་ཞིག་ཀྱང་ཡིན།

ཁ་བ་མེ་ཏོག་བཞིན་ས་རུ་འབབ་དུས།
ཆར་བ་ཤག་ཤག་ཏུ་ས་རུ་ཟེགས་དུས།
ངས་ཁྱོད་ཀྱི་ཞལ་རས་དྲན་ཞིང་། 
སྐད་ངག་སྙན་མོར་ལྷོད་ཀྱིས་མྱངས།

ལྷ་མོ་ལགས།    ཁྱོད་ཀྱིས་གོ་སམ།
ངས་རྒྱང་རིང་ནས་འཕྲིན་པ་བརྒྱ་དང་བརྒྱད་བྲིས་ནས།
ས་ཁུག་ལུང་ཁུག་རི་སྡེ་ཞིག་གི་ཕུ་ནས།
ཁྱོད་ལ་ཅི་ནས་ཀྱང་འཕྲོད་རྩིས་ཐེངས་མང་པོར་བྱས་མྱོང་།
འོན་ཏེ།    དུས་ཚོད་ཀྱི་བར་གླེགས་ཐུང་དྲགས་སོང་མིན་ཡང་།
རི་སྡེ་ཁྲ་མོ་འདིའི་ས་ཆ་གཅོང་རོང་ན།
བརྡ་འཕྲིན་དང་སྐུད་མེད་དྲ་བ་མེད་པས།
ངས་ཁྱོད་ལ་འཕྲོད་ཐབས་མ་བྱུང་།
དགོངས་ཡང་གནང་རོགས།

ངས་བསམ་གཞིག་གི་སྒོ་མོར་ཕྱེ་ནས། འདང་རྩིས་བརྒྱབ་ཟིན།
ཁྱོད་ནི་དྲན་རྟོགས་རྦ་རླབས་ཀི་མཐིལ་དུ་འཁྱིལ་བའི་ངའི།
ཤ་ཁྲག་དྭངས་མ་ཡི་དྭངས་མ་དེ་ཡིན།   ཁྱོས་ཀྱིས།
ཁུ་སིམ་མེར།      སྣང་མེད་དུ་མ་གཏོང་དང་།
ཚེ་རབས་མགོ་མཇུག་གི་སྐད་ཆ་མཐའ་དག་བཤད་ནས།
ཅི་ཡང་སྨྲ་བར་མེད་པར།     གློས་རྒན་ཞིག་གི་ཚུགས་བཟུང་ནས།
དོན་དམ་པར།     བརྩེ་བའི་མཉམ་འཛོམས་བསྒུག་པ་ཡིན།

གང་ལྟར།     ཚང་མ་དེ་རིང་ནས་བསྔོ་སྨོན་བྱས།
ཚིག་རྡོག་གཅིག་ཡང་ལུས་པ་མེད་པར་བསྔོ་སྨོན་བྱས།
དན་རྟག་ཏུ།    དགའ་བ་དེ་ཡང་བསྔོ་སྨོན་བྱས།

ཁྱོད་རང་སར་ནས་སྐྱོ་སྐྱོ་མ་གནངས་རོགས།
ལས་དབང་གི་གྲུ་ཟུར་འདི་ནས།
འུ་གཉིས་འཚོ་བ་ལ་བདེ་བ་མེད་པ་མིན་པས།
སྔོན་ལས་ཟབ་མོ་ཡི་མཐུ་འོག་ན།
འུ་གཉིས་ལ་ལས་སྐལ་མེད་པས་རེད།

དེའི་ཕྱིར།    རང་ས་ནས།
རང་ལུས་ལ་བདག་རྒྱོབ།   ངལ་དུབ་ཀྱི་དབང་གི།
སྒེག་ལྡན་ལང་ཚོ་དེ་རྩེད་ཆས་མ་མཛད་རོགས།

སྙིང་ཉེ་བའི་མི།      བདེ་མོར་བྱོས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
20262613
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号