ཁམས་ཡུལ་ཤུལ་གྱི་ན་གཞོན་སྙན་ངག་པ་ལྔའི་སྙན་ངག་ཆེད་བཀོད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 9 ཚེས 23 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཁམས་ཡུལ་ཤུལ་གྱི་ན་གཞོན་སྙན་ངག་པ་ལྔའི་སྙན་ངག་ཆེད་བཀོད།
ཁམས་ཡུལ་ཤུལ་གྱི་ན་གཞོན་སྙན་ངག་པ་ལྔའི་སྙན་ངག་ཆེད་བཀོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/23ལྟ་ཀློག (1226)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནད་པ་རིང་ལུགས་ཚང་གི་རྩོམ་རིག་གི་གྲུབ་མཐའ་གསར་བ།

ཡིད་དུ་འོང་བ།


གྲུ་ཆར།  ཡུལ་ཤུལ།

ཡིད་དུ་འོང་བ་ཞེས་པ་ནི
ཚེ་གཅིག་གི་རང་གི་རྨི་ལམ་དང་ཉམས་རྟོགས
དེ་དག་ལ་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་ལ
དེ་དག་དང་ར་གཏན་ནས་མི་འཕྲོད་པ་ཞིག་ཀྱང་ཡིན་འོས


དྲན་པ་མཚོན་བྱེད་ཀྱི་ཡིག་འབྲུ་འགའ་ལ
ཚོན་ཁ་དཀར་པོ་དང་དམར་པོས་བྱུགས་ཀྱང
སྐྱོ་ཉམས་ཀྱིས་བསླུས་པའི་འུ་ཚོའི་ངོ་གདོང་རེ་རེ་ནི
སྐྱེ་འཆི་མཚོན་པའི་མེ་ལོང་དུ་ཕྱིར་ལྡོག་ཐབས་བྲལ


ཡུན་རིང་དུ་ངོ་མ་འཕྲད་པའི་མི་གཉིས་ལྟར
ཚེ་རབས་འདིའི་ཁ་བ་དང་རྨི་ལམ་ཟེར་བ་འདི་ཡང
དུས་ཚོད་ཀྱི་འཆར་ཡན་སྟོང་པ་དག་གི་ཁྲོད་དུ
ཉམས་ཐག་པའི་མིག་ཟུང་སྣ་ཚོགས་སུ་ལོག་ན་ཡང


མ་གཞི་མི་ཚེ་ཟེར་བ་འདི་ཉིད་ནི
ཚེ་གང་བོར་མཚོན་མི་ཐུབ་པའི་མཚན་ལམ་རིང་མོ་ཞིག་སྟེ
མུན་པ་དག་ཁྱུ་དང་ཁྱུ་བྱས་ཏེ་ནམ་མཁའ་འདི་རུ་ཡོངས་སུ་
འཁྲིགས་རྗེས་   ཡིད་དུ་འོང་བ་ནི་ངོས་མི་ཟིན་པའི་
རང་གི་གྲིབ་མ་ཞིག་ལྟར་མུན་ནག་ཏུ་བོར་འགྲོ

                                                    218/6/3ཉིན།

ཆག་གྲུམ་ཤོར་བ།

རྩམ་པ།   ཡུལ་ཤུལ།


ཀྱེ་མ་ང་ཡི་དཀོན་ཅོག་ཚུལ་ལ་གསོན་དང་།།
རེ་བའི་གཙུག་ཏུ་བཏེགས་པའི་ཡིད་ཀྱི་ལབ་རྩེར།།
ཡུན་ཐུང་སྐད་ཅིག་ཙམ་དུ་ངེས་ཤེས་འདྲོངས་པའི།།
གཏམ་གྱི་སྒོ་མོ་ཡངས་པོ་གང་ན་མེད་པས།།
ངེས་མེད་ཕྱོགས་སུ་སྒྱུ་བའི་སྲིད་པའི་བུ་ཆུང་།།
སྐྱོ་བའི་སྨག་ཆེན་ཟ་བཞིན་གཅིག་པུར་ངུས་ཏེ།།
འཆི་མའི་རླབས་རིས་སྙོམ་པོ་ཞེ་རུ་མིད་སོང་།།

ཡིད་ཆེས་འཁྲི་ཤིང་བསྲེགས་པའི་ཐར་བ་གྱོང་པོ།།
མི་འདོད་ཟས་སུ་བྱིན་པས་མགྲིན་པ་བརྣངས་ཏེ།།
ཀྱེ་ཧུད་སྐར་མའི་ཚོགས་ཀྱི་ངོ་གདོང་འགྱུར་སོང་།།
བགྲང་བྱ་སོར་མོས་འཇལ་བའི་ཚེ་ཡི་ཁུགས་པ།།
རེས་སྐྱིད་རེས་སྡུག་བར་ནས་ཟད་པ་བདེན་ཡང་།།
རེ་དོགས་རྫོགས་མེད་ཀློང་ནས་ང་རང་ཕམ་སོང་།།

    2018.6.22 མཚན་མོར་རྩམ་པས་བརྩམས།

བསྟོད་ཚིག་གཞོན་ནུའི་གླུ་ཆུང་།

                གླིང་བུའི་སྙེ་མ།    ཡུལ་ཤུལ།

ཕྱོགས་བཞིའི་ཁོར་ཡུག་གངས་ཀྱི་ཕྲེང་བས་མཛེས། །
སྟོད་སྨད་བར་གསུམ་རང་བྱུང་མཛེས་པ་འབར། །
གོ་ལའི་གཙུག་རྒྱན་གདོང་དམར་བསིལ་ལྗོངས་པ། །
སྣ་མང་གནའ་དེང་ཤེས་བྱ་རིག་པའི་ཁྱིམ། །

མེས་དབོན་རྣམ་གསུམ་ཐུགས་བསྐྱེད་ཟླ་བ་དཀར། །
གངས་ལྗོངས་མུན་པའི་མཁའ་རུ་ལེགས་ཤར་ཏེ། །
བོད་ཡུལ་ཆབ་སྲིད་དབུ་རྨོག་ཨེ་ཤ་ཡའི། །
ཕ་མཐར་གཏུགས་པའི་ལོ་རྒྱུས་འོད་དུ་གསལ། །

མཁན་སློབ་ཆོས་གསུམ་སྤྲུལ་པའི་ཟློས་གར་གྱིས། །
སྡུག་བསྔལ་དྲུངས་འབྱིན་བསམ་བློའི་ཤེས་རིག་ཆེ། །
མཐའ་འཁོབ་མི་ཡི་ལུང་པར་དྲངས་པ་ཡིས། །
སྔོན་ཐོན་རིག་པའི་དབལ་ཁ་དེང་ཡང་རྣོ། །

ཀླ་ཀློའི་དཔུང་གིས་མ་ཐུལ་དགེ་བའི་བཤེས། །
མཚན་ལྡན་སློབ་དཔོན་འབུམ་གྱི་ལྷག་བསམ་ལས། །
གཞུང་གཉེར་སློབ་གླིང་དུ་ཡང་སྲོལ་རྒྱུན་གྱི། །
ཤེས་རིག་དཔག་བསམ་ལྗོན་པ་རྣམ་པར་བརྗིད། །

མ་སྨད་སྲིད་ཇུས་བཟང་པོའི་བདག་རྐྱེན་དང་། །
དགེ་སྐུལ་ཤེས་རིག་ན་ཚོད་རྒན་པ་ཡི། །
མི་ཡི་ཁྱུ་མཆོག་དག་གི་ཉེར་ལེན་ལས། །
གནའ་དེང་ཤེས་རིག་ཉི་མ་བློ་ལ་འཛུམ། །

བསྟོད་ཚིག་གཞོན་ནུ་ཁོང་ནས་དགའ་བའི་གླུ། །
རབ་དཀར་ཁ་བ་དཀར་པོའི་ཞིང་ཁམས་ནས། །
ལྷབ་ལྷུབ་འདབ་མ་རྒོད་པའི་དུས་ཚིགས་སུ། །

མདུན་བསྐྱོད་སྤོབས་པ་བརྟས་པའི་དན་རྟགས་ཡིན། །

ཕ་ཡུལ།
གུ་དཔལ་ཤིས།    ཡུལ་ཤུལ།


སྐྱེ་འཆི་ཉི་ཟླ་འཛུམ་སའི་ཕོ་བྲང་།།
དགའ་སྐྱོ་གནམ་ངོ་འཐིབ་སའི་དྲན་ཁམས།།
ཉི་ནུབ་རྨི་ལམ་གཏང་སའི་གནས་ལམ།།
ཡིད་གཞུང་འཆར་ཡན་མོད་སའི་དྲན་སྨུག།
མིག་གི་གྲིབ་མདངས་འཁོར་པའི་རྫོང་མཁར།།
སེམས་པའི་ཁ་བ་དབབ་སའི་དགུ་ཚིགས།།
སྲོད་ཀྱི་སྨྲེང་ངག་འཆོར་སའི་རུ་གྲོང་།།
དུས་ཀྱི་ཉི་མ་འདེ་སའི་དབྱར་གཞུང་།།
སྨུག་པའི་བྱབས་ཁྲུས་རོལ་སའི་རྫ་སྒང་།།
འཚོ་བའི་མེ་ལོང་སྨག་སའི་ནམ་མཁའ།།
དྲན་སྣང་སྤྲིན་པ་འཁྱུག་པའི་འཇའ་རིས།།
གཟུགས་མེད་སེམས་འཇུ་མཐུད་སའི་ཡིད་འོང་།
བཟོད་མེད་རྨ་ཁར་བྱུག་པའི་ལན་ཚྭ།།
གཡེར་དྲིལ་སིལ་བ་སྙན་པའི་འབྲོག་དགོན།།
རྒྱབ་ཕིབས་གསེར་ཤོག་ནབ་པའི་གཟི་འོད།།
གླེགས་བམ་བྲག་རི་བརྩིགས་པའི་རྫོང་ཆེན།།
ཆོས་དུང་རྣ་བར་བྱོ་སའི་ཁུ་བྱུག།
རྫི་གླུས་དྲན་པ་བཀུག་པའི་རི་དྭགས།།
ངལ་རྩོལ་རྔུལ་ནག་སྦང་སའི་སྦྲ་ནག།
ཚེ་སྔོན་ལས་སྐལ་འཛོམས་པའི་གཉེན་གྲོགས།།
ལྷན་འཛོམས་མདངས་ཟིལ་ངོམ་པའི་སྦྲང་ཆར།
གྱེས་བྲལ་མིག་ཆུ་བཅུས་པའི་རྫིང་བུ།།
དུས་མཐའི་སྲོག་སྐུད་སྟུང་བའི་ས་སྲོས།།
ཚེ་འདིའི་དོན་སྣོད་སྦས་སའི་དུར་ཁྲོད།།

2018 6 21  ཕ་ཡུལ་ནས།

ཁ་དོག་གི་བཟོ་པ།

                        ཆེན་པོ།   ཡུལ་ཤུལ། 

སྣང་བ་འདི་རས་ཀྱི་བཟོས་པའི་མེ་ཏོག་ཅིག
རླུང་གཟེབ་ཏུ་བཅོས་མའི་གར་ཡང་འཁྲབ་ལ་བྱང་།།
ངོ་གདོང་གི་སྦྲང་མའི་ཟོལ་གྱིས་འཕུར་བར་མཁས།།
ཟླ་ཚེས་ཀྱི་སྲུབས་ཀར་མཆི་མ་འཕེན་བཞིན་དུ།།
ས་སྒང་གི་ཟེ་བ་སྔོན་པོའི་རྨི་ལམ་གྱི།།
རྟ་དཀར་ཞིག་ལག་ཏུ་ཡོང་ངམ་འདྲི་ལ་མགུ།།


ཚེར་མ་ནི་ནགས་ཀྱི་མཆེ་བ་གཉོམ་པོ་དེ་འོ།།
རླུང་ནང་གི་ཅི་ཞིག་འཛིང་བ་ཤེད་མཁན་ནོ།།


པགས་པ་འདི་ཞོགས་པས་དྲུད་པའི་རས་ཁུག་ཅིག།
ཉི་འོད་ཀྱི་རྟ་རྔ་འཇུག་སའི་འཁོར་བ་ལྟར།།
སྒེའུ་ཁུང་གི་ཕུར་མ་སེར་པོ་གཡོ་ཙམ་གྱིས།།
རང་བྱུང་གི་གཡུ་དྲུང་དཀར་པོ་མཇལ་བ་ཡོད།།
དད་ཞེན་གྱི་ཆུ་རྙོག་འགྲོ་མཚམས་བཞག་པ་ན།།
ནམ་མཁའ་ཡང་ལག་པའི་མཐིལ་གྱི་གྲོག་མ་བཞིན།།

དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2018/6/24
ནད་པ་རིང་ལུགས་ཀྱི་རྩོམ་རིག་གི་གྲུབ་མཐའ་གསར་བ་ཞེས་ན་གང་ན་གོ་བ་རེད། ཡང་ན་ལྟ་གྲུབ་འདྲ་ཞིག་ཡིན་པ་རེད།
 སྤེལ་མཁན: གུ་དཔལ་ཤིས། སྤེལ་དུས:2018/6/24
ཀློག་པ་པོ་དང་དཔྱད་བརྗོད་མཁན་གཙོ་སྒྲིག་པ་ཚང་མར་བཀའ་དྲིན་ཆེ་བླ་མེད་ཆེ།
 སྤེལ་མཁན: རི་སྔོན་འཕྲིན་ལས། སྤེལ་དུས:2018/6/24
ཡུལ་ཤུལ་ན་གཞོན་སྐྱེས་གྲྭ་བཙུན་སོགས་མང་བོ་ཞིག་སྙན་ངག་གི་ལུས་ལ་འཇུག་གིན་པ་ཧ་ཅང་དགའ་འོས་པའི་དོན་ཞིག་ཏུ་འདོད། དམིགས་བསལ་ཞུ་བྱ་ཞིག་ནི་ཡུལ་ཤུལ་ས་གནས་རང་གི་སྐད་ཡིག་ལ་དོ་སྣང་མཛད་དེ་དེའི་ཕྱོགས་ལ་ཤུགས་སྣོན་དང་འབད་པ་བྱས་ན་ལེགས་བསམ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12285864
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号