མགར་ཁྲི་བ་ཆོས་འཕེལ་མཆོག་གི་རྗེས་དྲན་རྩོམ་བརྡ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མགར་ཁྲི་བ་ཆོས་འཕེལ་མཆོག་གི་རྗེས་དྲན་རྩོམ་བརྡ།
མགར་ཁྲི་བ་ཆོས་འཕེལ་མཆོག་གི་རྗེས་དྲན་རྩོམ་བརྡ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/7/7ལྟ་ཀློག (2810)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྩོམ་བརྡ།

    དེ་ཡང་བསླབ་གསུམ་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་དགེ་བའི་བཤེས་གཉེན་རྣམས་དང་སྐད་ཡིག་རིག་གནས་ལ་ནང་བྱན་ཆུད་པའི་རྩོམ་པ་པོ་དང་ཀློག་པ་པོ་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར།

      འགར་རྩེ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་མདོ་སྔགས་རབ་འབྱམས་པ་དཀོན་མཆོག་ཆོས་འཕེལ་ལམ། པུར་མིང་དུ་གངས་བུ་ལྷག་ཡངས་སུ་འབོད་པ་ཁོང་གིས་ཆུང་དུས་ནས།    སྐྱབས་གཅིག་མཐོང་བ་དོན་ལྡན་བསེ་ཁྲི་ཆེན་དྲུག་པ་རིན་པོ་ཆེ་དང་། མགར་སྟོན་བརྒྱད་པ་ཆེན་པོ་སོགས་བླ་ཆེན་སེམས་དཔའ་བཅུ་ཕྲག་ལྷག་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་ཆོས་ཀྱི་བདུད་རྩིའི་བགོ་སྐལ་མང་དུ་བཞེས་ཤིང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དམ་ཆོས་རྒྱ་མཚོ་སོགས་བཤེས་གཉེན་དུ་མ་ལས་གངས་ཅན་རིག་གནས་ཆེ་ཆུང་སྤྱི་དང་།
ནང་སྒོས་སུ་བཀའ་པོད་ལྔ་སོགས་ལ་ཚིག་སྤྱི་ཙམ་མ་ཡིན་པར་ལུང་རིགས་ཀྱི་ལམ་ནས་ཞིབ་དཔྱད་ཀྱིས་ཐོས་བསམ་གྱི་སྒྲོ་འདོགས་ལྷག་མ་མེད་པར་བཅད་དེ། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་པས་ལྷ་ཆོས་དང་མི་ཆོས་གང་ལའང་ཐོགས་པ་མེད་པའི་སྨྲ་བའི་དབང་ཕྱུག་གི་མཚན་སྙན་ཀུན་ཏུ་རྒྱས་ཤིང་། རང་དགོན་གྱི་དགེ་རྒན་ཆེན་མོའི་འགན་བཞེས་ཐོག་དགོན་སྡེ་ཁག་དང་སློབ་གྲྭ་ཆེ་འབྲིང་སོགས་ལའང་རིག་གནས་གང་མཁོའི་སྒོ་ནས་འཆད་ཁྲིད་དང་སྤྱི་ཚོགས་སློབ་གསོ་སོགས་ཀྱིས་སློབ་བུ་མང་དུ་བསྐྱངས།

     དེས་ན་དམ་པ་གང་ཉིད་གློ་བུར་དུ་སྐུ་གཤེགས་པའི་ཚུལ་བསྟན་ནས་ལོ་འཁོར་གཅིག་འཁོར་ལ་ཉེ་བའི་སྐབས་འདིར་ངེད་སློབ་བུ་རྣམས་ཀྱིས་གཙོས་ཡུལ་ཕྱོགས་གྲྭ་བས་དམ་པ་ཁོང་ལ་རྗེས་དྲན་གྱི་དུས་དེབ་ཅིག་དཔར་ན་ཅི་འདྲ་ཡིན་པ་སོགས་བླ་མ་རིན་པོ་ཆེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ལ་བཀའ་འདྲི་ཞུས་ཤིང་
ཁོང་རྡོ་རྗེ་འཆང་གིས་དེབ་ཀྱི་མཚན་བྱང་ལ་༼རྗེས་དྲན་གཡས་འཁྱིལ་དུང་གི་སྒྲ་དབྱངས་༽ཞེས་བཀའ་སློབ་གནང་བ་ལ་བརྟེན་དགེན་དམ་པ་ལགས་ལ་རྗེས་དྲན་གྱི་དེབ་ཅིག་འཕུད་རྒྱུ་ཡིན་པས་དེའི་ལུགས་ཐུགས་ལ་བསྣམས་ཏེ། དགེན་ཁོང་ལ་འབྲེལ་ཡོད་ཀྱི་མཁས་དབང་རྣམས་དང་སློབ་བུ་རྣམས་ཀྱི་གཙོས་མི་རིགས་དང་སྐད་ཡིག་ལ་ཤ་ཞེན་ཆེ་བའི་གྲོགས་རིགས་པ་སྨྲ་པ་དག་གིས་ཚིགས་བཅད་ལྷུག་སྤེལ་མ་གང་རུང་གི་ལམ་ནས་དྲངས་ཏེ་རྗེས་དྲན་རྩོམ་ཡིག་གྱ་ནོམ་པ་རེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་༩ཚེས་༡ཡན་ཆད་དུ་ངེད་ཅག་རྩོམ་སྒྲིག་ཁང་ལ་འབྱོར་རྒྱུ་མཁྱེན་མཁྱེན་ལགས།

འབྲེལ་གཏུག་ཁ་པར།

ཨ་བསམ་གཏན།13309735666
ཨ་ཤེས་རབ། 18935530011
མགར་འཇམ་བསམ15722332212
གླེང་མོལ་ཨང་གྲངས།  870406629

རྗེས་དྲན་རྩོམ་སྒྲིག་ཁང་གིས།


      མདོ་སྔགས་རབ་འབྱམས་སྨྲ་བ་མགར་ཆོས་འཕེལ་ནི་སྤྱི་ལོ་<༡༩༦༣>ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ལོར་མཚོ་སྔོན་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་མགར་གྱི་རིགས་རྒྱུད་ལས་སྐུ་འཁྲུངས། ཆུང་དུས་ནས་རྣམ་རིག་བཀྲ་ཞིང་སྙིང་རྗེ་ཆེ་བར་གླེང་། ལོ་བརྒྱད་ཀྱི་སྟེང་སློབ་ཆུང་དུ་ཞུགས། སློབ་མཐར་ཕྱིན་རྗེས་སྐབས་དེའི་གནས་ཚུལ་གྱི་དབང་གིས་སློབ་གྲྭ་ཆེ་འབྲིང་དུ་འགྲོ་རྒྱུའི་སྐབས་མ་བྱུང་བར་ངལ་རྩོལ་གྱི་ལས་སུ་ཞུགས། རང་ལོ་བཅུ་དགུའི་སྟེང་འགར་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ཏེ་གྲྭ་ཚང་གི་འདོན་རྟ་དབྱངས་གསུམ་དང་།  ཆོ་ག་ཕྱག་ལེན་གྱི་རིམ་པ་རྣམས་ངེས་གཙང་གནང་ཐོག༧སྨྲ་བའི་དབང་བོ་རྗེ་དམ་ཆོས་རྒྱ་མཚོ་སོགས་བཤེས་གཉེན་མང་པོའི་མདུན་ས་ནས་བསྡུས་གྲྭ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པར་ལོ་ངོ་ཉེར་ལྔའི་རིང་སྦྱངས་བརྩོན་མཛད།

     སྤྱི་ལོ་<༡༩༩༣>ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག 

     སྤྱི་ལོ་<༢༠༠༣>ལོར་རྡོ་རམས་པའི་དམ་བཅའ་བཞག 

     སྤྱི་ལོ་<༢༠༠༤>ལོར་སྔགས་རམས་པའི་དམ་བཅའ་བཞག

 རང་ལོ་ཉེར་གསུམ་ནས་བཟུང་སྟེ་ཚད་མ་དང་། ཕར་ཕྱིན།  དབུ་མ།  མཛོད།  འདུལ་བ།  ལམ་རིམ་བློ་སྦྱོང་།  སུམ་རྟགས་སྙན་ངག་སོགས་ཀྱི་དཔེ་ཁྲིད་བྱས་ཏེ་དགེ་རྒན་གྱི་འགན་འཁུར།

     སྤྱི་ལོ་<༡༩༩༥>ལོ་ནས་བཟུང་རིག་གནས་དང་བཀའ་པོད་ལྔའི་ཐལ་ཕྲེང་སོ་སོ་རྩོད་ཡིག་ལྟར་ཡིག་ཐོག་ནས་རྒྱུགས་ལེན་པའི་འཆད་ཉན་ཡར་བསྐུལ་གྱི་བྱ་བའི་འགན་ཁུར།  མགར་རྩེ་དགོན་གྱི་དུས་དེབ་ཐོག་མ་ཡར་སྐུལ་གྱི་དུང་བརྡ་དང་རྩོམ་སྦྱོང་ར་བ་གངས་རིའི་ཆབ་རྒྱུན་སོགས་ཀྱི་རྩོམ་སྒྲིག་པའི་ཁུར་བཞེས།

     སྤྱི་ལོ་<༡༩༩༩>ལོ་ནས་བཟུང་རང་སྒེར་གྱིས་སྣ་འཛོམས་དུས་དེབ་<འོད་ལྔའི་ཁུར་ཁང་>ཞེས་པའི་དེབ་བཞི་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་ཕུལ་ཏེ། སྤྱི་ཚོགས་གླེང་བརྗོད།  མི་ཚེ་ལྟ་ཚུལ།  སྙན་ངག  ལོ་རྒྱུའི། སྒྲུང་གཏམ།  ཆོས་ལུགས་དཔྱད་གླེང་སོགས་ཀྱི་སྒོས་གངས་རིའི་ལས་དབང་ལ་ཕྱི་མིག་ཐེངས་ཤིག་མཛད།

    ཕྱག་རྩོམ་གྱི་ཐད་ལའང་སྲོང་བོའི་གཏམ་སོགས་བསམ་བློའི་དཔྱད་གླེང་དང་། ཟླ་བ་ལྷ་མོར་ཕུལ་བའི་ཞུ་ཚིག་སོགས་སྙན་རྩོམ་མང་པོ། སྟག་མོ་ལུས་སྦྱིན་གྱི་རྟོགས་བརྗོད་སོགས་རྣམ་ཐར་སྣ་ཚོགས་བསམ་དངོས་གཉིས་ཐད་ཀྱི་ཞི་བདེ་གླེང་བ་སོགས་དུས་རབས་ལ་ཁ་ཕྱོགས་པའི་ཆེད་རྩོམ་མང་པོ་ཞིང་ཆེན་ཕྱི་ནང་གི་ཚགས་པར་དང་དུས་དེབ་སོགས་ཀྱི་སྟེང་དུ་བཀོད་དེ་ཅི་མི་སྙམ་པའི་ད་ལས་བརྒལ།

     གཞན་ཡང་མགར་དགོན་གྱི་དགེ་རྒན་དང་།  དབུ་མཛད།  དགེ་བསྐོས། དོ་དམ་ཨུ་ཡོན། མཐོ་རིམ་རྒྱུགས་ལེན་ཚན་ཆུང་གི་འགོ་གཙོ།  ཡང་སྒོས་མགར་དགོན་གྱི་པོད་ལྔའི་རྩི་བཞག་བླ་མ་དང་ཁྲི་བའི་འགན་གཅིག་ལྕོགས་སུ་མཛད་དེ་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་ཐབས་དང་། རྒྱ་བོད་ཀྱི་འབྲེལ་ཡོད་མི་སྣ་མང་པོར་སེམས་ཀྱི་ཞི་བདེའི་ཐད་ནས་སློབ་སྟོན་གང་ལེགས་གནང་བ་སོགས་དམ་པ་གོང་མའི་རྣམ་ཐར་ལྷུར་བཞེས་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་བསྡུས་པ་ལགས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41045692
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1