སྒོ་མང་དགོན་གྱི་བྱམས་སྐུ་དང་ལྷ་ཁང་ལ་ཚད་ཐོན་ཅིས་ནས་སུའི་དཔང་རྟགས་ཐོབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 8 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »སྒོ་མང་དགོན་གྱི་བྱམས་སྐུ་དང་ལྷ་ཁང་ལ་ཚད་ཐོན་ཅིས་ནས་སུའི་དཔང་ར
སྒོ་མང་དགོན་གྱི་བྱམས་སྐུ་དང་ལྷ་ཁང་ལ་ཚད་ཐོན་ཅིས་ནས་སུའི་དཔང་རྟགས་ཐོབ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/7/7ལྟ་ཀློག (43893)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྔ་ཡུལ་སྒོ་མང་དགོན་པའི་རྗེ་བཙུན་བྱམས་པ་མགོན་པོ།


སྒོ་མང་དགོན་གྱི་ཕོ་བྲང་ཡིད་དགའ་ཆོས་འཛིན།

 

    རྒྱུས་ལོན་བྱུང་བ་ལྟར་ན།  2018ལོའི་ཟླ་7པའི་ཚེས་5ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་དཔལ་གྱི་ཆོས་སྡེ་ཆེན་པོ་རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཕོ་བྲང་ཡིད་དགའ་ཆོས་འཛིན་དང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གཉིས་ལ་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་བྱམས་སྐུ་དང་ལྷ་ཁང་ཚད་ཐོན་ཅིས་ནས་སུའི་དཔང་རྟགས་ཐོབ་པའི་མཛད་སྒོ་བསྡུས་ཡོད།

   ཚོགས་ཐོག་ཏུ་རྒྱལ་ཡོངས་ཆེས་མཐོའི་ཧྲང་ཧེའི་ཅིས་ནས་སུའི་འབྲེལ་ཡོད་དབུ་ཁྲིད་དང་༧སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ།  སྒོ་མང་དགོན་པའི་ཚོགས་ཆེན་ཁྲི་རིན་པོ་ཆེ་མ་ཎིའི་བླ་མ་དང་དོ་དམ་ཁང་གི་ཨ་ལགས་ཕྱུག་ཚང་། རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་ཀུན་བཟང་མཚོ་དང་བསྟན་ཁོ་སོགས་ས་གནས་འགོ་ཁྲིད་འགའ་མཉམ་ཞུགས་བྱས།


     རྒྱལ་ཡོངས་ཆེས་མཐོའི་ཧྲང་ཧེའི་ཅིས་ནས་སུའི་འགན་ཚབ་པས་སྒོ་མང་དགོན་གྱི་ཕོ་བྲང་ཡིད་དགའ་ཆོས་འཛིན་དང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གཉིས་ལ་རྒྱལ་ཡོངས་ཆེས་མཐོའི་བྱམས་སྐུ་དང་ལྷ་ཁང་ཚད་ཐོན་ཅིས་ནས་སུའི་དཔང་རྟགས་ཐོབ་པ་ཁྱབ་བསྒྲགས་བྱས།


     རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་ཀུན་བཟང་མཚོས་རྔ་བ་རྫོང་གི་ཚབ་བྱས་ནས་དཔང་རྟགས་གནང་བའི་འབྲེལ་ཡོད་ལས་ཁུངས་ལ་བཀའ་དྲིན་ཞུས་པ་དང་ལྷག་དོན་༧སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་གངས་ཅན་ལྗོངས་དང་ལྷག་པར་དུ་འཛམ་གླིང་གི་སྤྱི་ནོར་ཞིག་རང་རྫོང་ལ་བསོད་ནམས་གསོག་པའི་ཞིང་དུ་རྟེན་བཞེངས་གནངས་པ་ནི་བསོད་ནམས་ཆེན་པོར་མཐོང་བར་མ་ཟད།

    ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་དང་བརྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་བཟང་བོའི་འོག་རྔ་རྫོང་གིས་དཔལ་ཡོན་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་དཔལ་ཡོན་ཅན་གྱི་སྤྱི་ཚོགས་ལ་རྣམ་པ་གསར་བའི་འཕེལ་རྒྱས་སྣོན་བཞིན་པའི་སྐབས་འདིར་དེ་རིང་གི་བྱེད་སྒོ་འདིས་ཡུལ་སྐོར་སྒོ་འབྱེད་ཀྱི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་བླ་ལྷག་གནང་ཡོད་པའི་སྐོར་བཀའ་དྲིན་སྒྲོག་འདོན་བྱས་ཡོད།


དཔང་རྟགས་གནང་བའི་ཡུལ་དངོས།


    Axi County, Mo Temple, Fa Xiyuan created two major world Guinness records "China's best" certification ceremony


     阿坝县各莫寺法喜苑创两项大世界基尼斯纪录“中国之最”领证仪式

     7月5日,上海大世界基尼斯总部为阿坝县各莫寺“法喜苑”颁发“中国最大的连体佛殿建筑”、“中国最高的弥勒佛坐像(室内)”两项大世界基尼斯记录。


ཕོ་བྲང་ཡིད་དགའ་ཆོས་འཛིན།


རྔ་ཡུལ་སྒོ་མང་དགོན་པའི་ཕོ་བྲང་ཡིད་དགའ་ཆོས་འཛིན།

ཕོ་བྲང་ཡིད་དགའ་ཆོས་འཛིན་འགྲུབ་སྟོན་མཛད་སྒོའི་དྲན་རྟེན།

ཕོ་བྲང་ཡིད་དགའ་ཆོས་འཛིན་གྱི་ནང་གི་བཀོད་པ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གཟི་མིག་དགུ་བ། སྤེལ་དུས:2019/6/11
ཧ་ཅང་ལེགས་པོ་འདུག་པས།སངས་རྒྱས་ཀྱི་བསྟན་མུ་ནས་མུ་རུ་རྒྱས་པར་ཤོག་ཅིག
 སྤེལ་མཁན: རྒྱང་མིག་གསོན་པོ། སྤེལ་དུས:2018/7/9
རྒྱལ་པའི་གསུང་རབ་མདོ་སྔགས་ཀྱི་གཞུང་ལུགས་ལ་གོ་རིགས་ཟུང་འབྲེལ་གྱིས་དགའ་རྟགས་ཡོད་ན་ངོ་སོ་བསྟོད། རྗེས་སུ་ཡི་རངས་ཡོད། མ་གཏོགས་བསྟོད་བཀུར་སྙན་གྲགས་ལ་རེ་ནས་ལྷ་ཁང་རྟེན་བཞེངས་དང་། དེ་ལ་རྒྱལ་ཡོངས་ཀྱིས་ཅིག་ཅིག་གི་ཐོབ་དང་ཉིག་ཉིག་གི་རྟགས་སྤྲད་པ་ཞེས་ཁྱབ་བསྒྲགས་བྱས་པ་དེས། སངས་རྒྱས་ཀྱི་བསྟན་པ་ཉམ་ཐག་ཉག་ཕྲ་བའི་གནས་སུ་གྱུར་པའི་དཔེ་མཚོན་གྱི་རྒྱ་ནག་གི་དགོན་པ་མང་ཆེ་བ་ལྟ་བུའི་འགྲེམ་སྟོན་ཁང་ཞིག་ལས་ཅང་མཐོང་མ་སོང་།
 སྤེལ་མཁན: རལ་གྲི། སྤེལ་དུས:2018/7/7
སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པར་ཤོག
 སྤེལ་མཁན: མཚོ་བྱུང་མ། སྤེལ་དུས:2018/7/7
འདི་རྔ་བ་རྫོང་གི་གཟི་བརྗིད་རེད།
 སྤེལ་མཁན: མཚོ་བྱ་དཀར་མོ། སྤེལ་དུས:2018/7/7
ཡག་པོ་འདུག🙏
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45397057
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1