ཁྲུང་ཁྲུང་སྐེ་རིང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཁྲུང་ཁྲུང་སྐེ་རིང་།
ཁྲུང་ཁྲུང་སྐེ་རིང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/7/12ལྟ་ཀློག (3900)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁྲུང་ཁྲུང་སྐེ་རིང་།

                 
མགོ་ལོག  རི་སྤྱང་།
1
     ང་རང་བྱིས་དུས་ཕ་ཡུལ་གྱི་བེའུ་རྫི་ལ་འགྲོ་དུས་ཁྲུང་ཁྲུང་དཀར་མོ་ཁྱོད་རང་མཐོང་བྱུང་། ཁྱོད་ཀྱི་དབྱངས་རྟ་ཐོས་བྱུང་། ཁྱོད་ཀྱི་ལང་ཚོ་མཐོང་བྱུང་།  ཁྱོད་ཀྱི་གཤོག་རྩལ་མཐོང་བྱུང། དབྱངས་རྟའི་རྒྱུད་སྐུད་རེ་རེ་རྟོག་བཏགས་ཁྲོད་ཀྱི་དབྱངས་ཅན་མའི་ཕྲ་རེག་སོར་མོས་ལྡེམ་མྱུར་གྱིས་དཀྲོལ་བའི་ཚེ་ང་རང་རི་དྭགས་པི་ཝང་ལ་ཆགས་པ་ལྟར་ངའི་ཡིད་ཀྱི་བརྟན་པ་ཅིག་ཆར་དུ་འཕྲོག་པའི་བྱེད་པོ་ཁྱོད་ལས་སུ། གཟུགས་མཛེས་ཡིད་དུ་འོང་པའི་ལང་ཚོ་མཐོང་ཚེ། གླིང་སྒྲུང་དུ་འབྲུག་མོའི་ལྷ་བྱ་ཡིན་ཟེར་བ་ཅི་མ་བདེན་སྙམ། ཁྱོད་ཀྱི་མགོ་འཕངས་མཁའ་དབྱིངས་ལ་གཏད་ཅིང་བང་རིམ་བསྒྲིགས་ཏེ་འཕུར་ཚེ། བློ་རྩེ་དམ་པོར་བསྒྲིམས་ནས་འདས་དོན་གྱི་ཕྱི་ནང་གསང་གསུམ་ལ་བསམ་གཞིགས་ཀྱི་སྒོ་མོ་རྡུང་སྟེ་འཕུར་གྱིན་འདུག  ཁྱོད་ཀྱི་གཤོག་རྩ་རླུང་དང་སྤུ་གྲིས་གྲུབ་ཡོད་ཅིང་བར་སྣང་གི་མཁའ་དབུགས་ནི་ཁ་ཆར་དང་བུ་ཡུག་གིས་གདུག་རྩུབ་ཤིན་ཏུ་ཆེ་ཡང་། ཁྱོད་རང་འཇིགས་པ་མེད་པར་དགུ་ཚིགས་ཀྱི་དབུས་སུ་མཆོང་ལྡིང་བྱེད་ཅིང་། སྐྱོ་གདུང་གིས་མནར་བས་མི་ཚོགས་ལ་དབྱངས་རྟ་དྲོན་མོས་སེམས་ཉིད་ལ་ངལ་གསོ་རྒྱག་ཞོར་འཕུར་འགྲོ། །

2

   ཁྲུང་ཁྲུང་ལ་སེམས་ཁྲལ་བྱས་པ།

     སྟོན་ཀར་སྨུག་སྤྲིན་རེ་རེ་ལུག་ཁྱུ་རི་སྤྱང་གིས་དེད་པ་ལྟར་དུ་འཚུབ་ཆ་ཉིལ་ལེར་རྒྱུ་བཞིན་ཡོད་ན་ཡང་། ངའི་ཡ་ཆུང་གངས་དཀར་དབུས་ཀྱི་ཁྲུང་ཁྲུང་སྐེ་རིང་དེ་དག་ད་ནི་ཕྱོགས་ངེས་མེད་དུ་འགྲིམ་རྒྱུའི་སྟ་གོན་བྱས་འདུག  ཁོ་ཚོར་རང་དབང་གི་གཤོག་པ་རིང་དྲག་པས། ཁོད་ཡངས་པའི་རྩྭ་ཐང་། མཐའ་ཡས་པའི་རྒྱ་མཚོ་སོགས་སྐྱོད་པར་བྱེད་པའི་གཤོག་པ་ཡོད་ཅིང་། སྔོ་ལྟེམས་མེར་འཁྱིལ་བའི་མཚོ་འཇིངས་ནས་སེམས་ཀྱི་གྲུ་ཁ་གཞན་དུ་བསྒྱུར་བར་འདོད་ཡོད་པས་ན།  སེམས་ཀྱི་ཁྲུང་ཁྲུང་ལགས། ཐོག་མར་ངས་ཁྱེད་ལ་ནས་ཆང་གི་མཆོད་ཁ་འཕེན་འདོད། ཁྱོད་ཀྱིས་གཡའ་དག་པའི་མཁའ་དབྱིངས་སུ་ཁ་བ་དང་ལྷན་དུ་བཞུད་སྐབས། ངའི་དྲན་གདུང་གི་མེ་ལྕེ་ཤིང་སྡོང་སྟེང་གི་ལོ་མ་ལྟར་དུ་ས་ལ་ཟགས་ཤིང་།  འཁྱམ་རོམ་དུ་གྱུར་བའི་ཡུལ་ལྗོངས་ཤིག་ནས་ངས་ཁེར་རྐྱང་མཚོན་བྱེད་ཀྱི་གདངས་དབྱངས་ཤིག་ལ་ཉན་ཞོར་མདུན་གྱི་ཤོག་ལྷེའི་ངོས་སུ་ཁྲུང་ཁྲུང་སྐེ་རིང་ཞེས་པའི་ཡིག་འབྲི་འགའ་བཞེངས་བསྐྲུན་བྱས་ཡོད། དེ་ནི་ཁྱོད་རྒྱབ་གཟུགས་སམ་གྲིབ་མ་མཚོན་བྱེད་ཅིག་ཡིན་ཟེར་ནའང་མི་ཆོག་རྒྱུ་མེད།  སེམས་ཀྱི་ཁྲུང་ཁྲུང་ལགས་ཁྱེད་རེ་ཞིག་བདེ་མོ། །

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: Achok Tsering སྤེལ་དུས:2018/7/13
More horizontal will be better !!!
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41342409
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1