ངས་ནམ་ཡང་འབྲོང་ལ་སྒུག་ནས་ཡོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ངས་ནམ་ཡང་འབྲོང་ལ་སྒུག་ནས་ཡོད།
ངས་ནམ་ཡང་འབྲོང་ལ་སྒུག་ནས་ཡོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/7/19ལྟ་ཀློག (3038)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངས་ནམ་ཡང་འབྲོང་ལ་སྒུག་ནས་ཡོད།

ཅོ་བྱང་སྐར།

ཁ་བའི་འདབས་མས་ངའི་རྨི་ལམ་གྱི་ཞིང་ཁམས་ཡོངས་སུ་དཀྲོགས་ཟིན།

པྲ་ཚག་གྱི་མིག་ཟུང་ལས་གཞིས་ཁྱིམ་འདི་ལ་སྙིང་གཏམ་གླེང་།

ནམ་མཁར་ལྟ་བཞིན། དལ་གྱིས་ཐྲིག་ཐྲིག་གི་གོམ་སྒྲའི་ཁྲོད་ནས།

འཇིག་རྟེན་འདིའི་མཛེས་སྡུག་གི་ཡུལ་ལྗོངས་གཅིག་ལ་རེ་བཞག་འཁོར།


ངུར་སྨིག་གིས་རྒྱབ་ལྭ་བྱས་པའི་འོད་སྣང་གི་དེད་དཔོན་ཆེན་མོ།

ཡུལ་གྲུའི་འདིའི་ལྷག་བསམ་ལྗོན་པར་འཛུམ་མུལ་གྱི་ཞལ་བརྡ་གཏོང་བཞིན།

དག་གཙང་གི་གནས་མལ་འདི་རུ་ལྷད་མེད་པའི་དྲོད་ཁོལ་སྦྱིན་དུས།

ང་། ཨ་ཕོ་ལུག་རྫིར་ཨ་མའི་ཕྱག་ཟུང་ལྟ་བུའི་དྲོད་འཇམ་གྱི་ཚོར་སྣང་ཐོབ།


སྟོང་གསུམ་གྱི་འཁོར་ལོའི་བར་ནས་གཏམ་རྒྱུད་ཀྱི་ལོ་རྒྱུས་ཟད་དུས།

རྣོ་ལྕགས་ལྟ་བུའི་དགུན་གསུམ་གྱི་སེར་རླུང་བཙན་པོ་དེས།

དྭངས་གཙང་གི་མེ་ཏོག་ཚོམ་བུ་གཡག་གོང་གི་རྨི་ལམ་བཞིན།

རྒྱང་རིང་གི་རི་སུལ་དེ་རུ་ཁུར་ལ་རུ་སུལ་དེ་ན་ལྷགས།


ཐལ་མདོག་གི་སྐྱ་གཤིས་མངའ་བའི་ཚེར་ཤུལ་སྟོང་པའི་ལྷང་འཇགས་དང་།

འཚུབ་སྣང་ཁྲོད་ལྡིང་བསྐོར་བྱེད་པའི་ཐག་རིང་གི་རྒོད་པོའི་གཤོག་འགྱུར།

ཉི་ནུབ་ཁྲོད་འོབས་སུ་ལྷུང་ལ་མུན་ནག་ཁྲོད་ན་འདར་ར་ར།

དེ་དུས་བསང་བ་ཡོད་ཚད་རི་རབ་ཀྱི་རྩེ་རུ་གཏོར་རུང་ཡ་ལན་མེད་གི །


ཁ་བས་གཏམ་རྒྱུད་ཁྱེར་ནས་རྒྱང་རིང་གི་དབྱར་གཞུང་སྙེག་ནས་བཞུད་སོང་།

གཏམ་རྒྱུད་དུ་ངས་མྱ་ངན་དང་དགའ་སྡུག་ཁྲོད་ནས་འབྲོང་ལ་སྒུག་པ་བྲིས་ཡོད།

དུས་རབས་ཨ་མས་མིག་ཟུང་གིས་གཏམ་རྒྱུད་ལ་སྙན་ངག་གི་ཚོར་བ་མ་སྦྱིན་ན།

ནམ་མཁའ་ནས་འཐོར་བའི་གངས་ཀྱི་མེ་ཏོག་དེ་རྣོ་ལྕགས་ཀྱི་སོལ་བར་ནས་ཟད་ངེས་རེད།


འབྲོང་ཡག་གི་རྭ་སྣེ་ཉི་ཟླའི་པང་ནས་མངོན་ཡོང་དུས།

ལུག་ཁྱུ་རྒོད་ཁྱུ་དང་འདྲེས་སྲིད་ལ་ཁ་བ་དང་སྤྲིན་དཀར་གྱི་འདབ་མ་འཁྱུད་སྲིད།

རྣམ་རིག་དང་སྤྱང་དྲུང་འཛོམས་ཡོང་ལ་དཔལ་ཡོན་དང་འཕེལ་རྒྱས་ཡང་འཕེལ་ཡོང་།

ད་དུང་། སྒྱུ་མ་ལྟ་བུའི་རྨི་ལམ་གྱི་ཕོ་བྲང་ལས་གསོན་ཤུགས་འབར་བའི་དབྱངས་ཡིག་འཁྲུངས་ཡོང་།


འབྲོང་ཡག་གི་ངུར་སྒྲར་དབྱངས་གསལ་སོ་བཞིས་ཚོས་ཁ་བྱུགས་ཡོང་དུས།

མཐུན་སྒྲིལ་དང་འཆམ་མཐུན་གྱིས་གཉེན་སྟོན་གྱི་ཆོ་ག་སྤེལ་ཡོང་ལ།

ཡིད་ཆེས་དང་བརྩི་འཇོག་གིས་དུས་རབས་ཤིག་གི་མདུན་ལྗོངས་བསུ་ཡོང་།

དེ་དུས། ངས་འབྲོང་ལ་སྒུག་ལ་འབྲོང་རེ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རང་མོས་ངོ་མ་ཡག་སོང་། སྤེལ་དུས:2018/7/25
འདི་རུ་ཕྲིས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41050568
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1