ལས་དབང་ཞིག་ཨེ་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ལས་དབང་ཞིག་ཨེ་རེད།
ལས་དབང་ཞིག་ཨེ་རེད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/8/12ལྟ་ཀློག (1734)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལས་དབང་ཞིག་ཨེ་རེད།


གྱིན་འདའ་བ།  ཁྲི་འདུ། 


ཉི་མ་ནུབ་ཏུ་ཐེག་པའི་མཛེས་སྡུག་གི་ཀློང་ནས།།

མིག་ཟུང་ཡངས་པོར་བྱས་ཏེ་རྒྱང་རིང་ལ་ཀེར་ཡང་།།

གནམ་སའི་འདྲེས་མཚམས་དབར་གྱི་ཉི་ཟེར་གྱི་རྡུལ་ལས།།

ཁྱོད་ཉིད་མཐོང་དུ་མེད་པ་ལས་དབང་ཞིག་ཨེ་རེད།།


བལྟས་ན་སྣང་ཁམས་རི་མོ་གསལ་རྟོགས་ཀྱིས་མངོན་ནས།།

ཞེན་ཆགས་སེམས་ཀྱི་རྗེས་སུ་རྣམ་རྟོག་དེ་འཁྲི་ཡང་།།

སྲིད་པ་སྒྱུ་མའི་ཁམས་ཀྱི་འཁྲུལ་སྣང་གི་གཟུགས་ལས།།

ཁྱོད་ཉིད་རིག་ཏུ་མེད་པ་ལས་དབང་ཞིག་ཨེ་རེད།།


ལོ་ཟླའི་མཁར་རྫོང་བརྩེགས་པའི་མི་ཚེ་ཡི་ཀློང་ནས།།

མ་ངེས་དགའ་སྐྱོ་བསྣོལ་མའི་བརྙན་རིས་ལ་འཁྲུལ་ཡང་།།

མི་རྟག་འཁོར་བའི་ཚངས་ཀྱི་ངམ་གནག་གི་གདོང་ལས།།

ཁྱོད་ལ་འཕྲད་དུ་མེད་པ་ལས་དབང་ཞིག་ཨེ་རེད།།


ཀུན་ཀྱང་བྲེལ་བའི་འཁོར་བའི་འཕྲུལ་འཁོར་གྱི་ནང་ནས།།

སེམས་ཀྱི་ཕྱི་ནང་དབར་ནས་རིག་མ་བཞིན་སྒོམ་ཡང་།།

ཚོར་བའི་མངལ་ནས་བཙས་པའི་སྙན་ངག་གི་བུ་ལས།།

ཁྱོད་ཉིད་གམ་ན་མེད་པ་ལས་དབང་ཞིག་ཨེ་རེད།།


བཅོས་མའི་བཟོ་བལྟའི་རྣམ་འགྱུར་སྒྲོབ་ཉམས་ཀྱི་འོག་ནས།།

སེམས་ཀྱི་རྟ་མཆོག་རྒོད་པོ་དབེན་རི་ལ་སྙེགས་ཀྱང་།།

གསང་བའི་སྒྲོམ་ཆུང་བཙའ་བོའི་གས་སྲུབས་ཀྱི་དབར་ནས།།

ཁྱོད་ཉིད་བརྗེད་དུ་མེད་པ་ལས་དབང་ཞིག་ཨེ་རེད།།


ངམ་གནག་འཇིག་རྟེན་སྲིད་པའི་རླུང་ནག་གི་གསེབ་ནས།།

ལང་ཚོའི་གཡོར་གྲུ་མཚོ་མོའི་རླབས་རིས་སུ་སྐྱོམས་ཡང་།།

གཟུགས་མེད་བརྩེ་གདུང་ལས་ཀྱི་ལན་ཆགས་ཀྱི་མཐུ་ལས།།

ཁྱོད་ཉིད་སེམས་སུ་ལྕི་བ་ལས་དབང་ཞིག་ཨེ་རེད།།


ཡེ་ལོ་ 2018. 7. 26


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41358151
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1