མགར་ཁམས་པ་ལྷ་བཟོ་འམ་མགར་འཇམ་དབྱངས་ཕུན་ཚོགས་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» མགར་གྱི་མི་སྣ། »མགར་ཁམས་པ་ལྷ་བཟོ་འམ་མགར་འཇམ་དབྱངས་ཕུན་ཚོགས་ངོ་སྤྲོད་མདོར་བསྡ
མགར་ཁམས་པ་ལྷ་བཟོ་འམ་མགར་འཇམ་དབྱངས་ཕུན་ཚོགས་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/8/14ལྟ་ཀློག (22818)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགར་ཁམས་པ་ལྷ་བཟོ་འམ་མགར་འཇམ་དབྱངས་ཕུན་ཚོགས་ངོ་སྤྲོད་མདོར་བསྡུས།

     ༄༅།།མགར་ཁམས་པ་ལྷ་བཟོ་འམ་མགར་འཇམ་དབྱངས་ཕུན་ཚོགས་མཆོག་ངོ་སྤྲོད་བྱས་ན།   མགར་ཁམས་པ་ལྷ་བཟོ་ནི་སྐྱེ་ཡུལ་སི་ཁྲོན་སྡེ་དགེ་དབོན་པོ་སྟོད་རང་ཤར་ནང་   དུ་སྤྱི་ལོ་ ༡༩༧༦ལོའི་ཟླ་བ ༡༢ ཚེས༣ ཉིན་འཁྲུངས་ཤིང་བོད་ཀྱི་བཟོ་རིག་པའི་གཞུང་ལུགས་ལ་གོ་རིམ་ལྡན་པའི་ངང་སློབ་སྦྱོང་མཐར་ཕྱིན་པ་ཞིག་ལགས་ཏེ། བོད་ཀྱི་བཟོ་རིག་པའི་ཆེད་མཁས་པ་དགེ་ཐང་བླ་ཚེ་དབང་དང་།  དགེ་བསོད་ནམས་ཉི་མ། དགེ་ཡོན་བསྟན་ཚེ་རིན།   དགེ་མཛོ་རྫི་དར་རྒྱས།   དགེ་ཐུབ་བསྟན་ཀུན་གསལ་ལ་སོགས་པ་ཆེད་མཁས་ཀྱི་དགེ་རྒན་དུ་མ་བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་ནས་བཟོ་རིག་གཞུང་དང་ལག་ལེན་དཔྱིས་ཕྱིན་པར་བསླབས་པར་མ་ཟད། ཐིག་རྩ་དང་རི་མོ། ཚོན་གྱི་འགྲོས་དང་ཉམས་གསོ་། བཅའ་བཟོ་དང་རྐོས་བཟོ་སོགས་སྒར་སྨན་ཟུང་འབྲེལ་དང་། ཁྱད་པར་དུ་སྒར་ལུགས་ཀྱི་སྐོར་ལ་ཤིན་ཏུ་བྱང་། དེའི་རྗེས་སུ་ཕྱི་ཕྱོགས་སུ་ཕེབས་ནས་དབྱིན་ཇིའི་བཟོ་རིག་ཆེད་མཁས་པ་འགའ་ཞིག་བསྟེན་ནས་ལྷ་རྙིང་ཞིག་གསོ་དང་། རྒྱ་གར་དང་བལ་ཡུལ་ནས་རྡོ་སྐུ་རྐོས་བཟོ་སོགས་དང་། འབྲུག་པ་ནས་འཇིམ་བཟོ་སོགས་རེ་རེ་བཞིན་བསླབས་པ་ཞིག་ཡིན།

    བོད་ཀྱི་བཟོ་རིག་པའི་ཐིག་རྩ་གཞིར་བཞག་སྟེ་རྒྱལ་ཕྱི་ནང་ཀུན་ལས་དེང་གི་གསར་གཏོད་རང་བཞིན་ཅན་གྱི་ལག་ཤེས་ཀྱང་མི་ཉུང་བ་བསླབས་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཅིང་གང་ཅིའི་ཐད་ནས་མང་པོའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར། 

    ལྷག་པར་དུ་བོད་ཀྱི་བཟོ་རིག་པའི་སྐོར་ནས་བོད་དང་། བལ་ཡུལ། འབྲུག་པ། ཐེ་ཝན།  ཧང་ཀང་། སྦེ་ནམ།  ཨ་རའི།  ཧྥན་རན་སི། རྒྱལ་གར།  རྒྱ་ནག་སོགས་ལས་གཞུང་ལག་ལེན་དངོས་ཟིན་ཐུབ་པའི་སློབ་མ་ཉིས་བརྒྱ་བདུན་ཅུ་ལྷག་ཅིག་བསྐྱེད་བསྲིངས་བྱས་ཡོད།

      ད་ལྟའང་གོང་རིམ་སྲིད་གཞུང་གི་ཆོག་མཆན་འོག་ཏུ་བོད་ལྗོངས་མགར་ཁམས་པ་རྐོས་བྲིས་སྒྱུ་རྩལ་ཚད་ལྡན་འགན་འཁྲི་མཐུན་གཉེར་ཁང་ལྷ་ས་གྲོང་ཁྱེར་གྱི་ཉེ་འགྲམ་རྐམ་ལུང་པ་ལ་དངོས་སུ་དབུ་འབྱེད་བྱས་ཡོད། མགར་ཁམས་པ་རྐོས་བྲིས་སྒྱུ་རྩལ་ཁང་ལ། ཐིག་རྩ། རི་མོ། རྐོས་བྲིས། ལྷ་རྙིང་ཞིག་གསོ།  གཡུ་དང་བྱུ་རུ་མུ་ཏིག་སོགས་ཀྱིས་ཚོན་འགྲོས་བྱས་པའི་ཐང་ག། འཇིམ་བཟོ་སོགས་སྡེ་ཚན་འདྲ་མིན་སྣ་ཚོགས་མ་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་དམིགས་ཡུལ་ངེས་བརྟན་ཐོག་གཞུང་ཁྲིད་ལག་ལེན་དངོས་ཟིན་བཅས་ཡོད།

    དེར་བརྟེན་དོན་གཉེར་བརྟན་པོ་ཅན་དག་མགར་ཁམས་པ་ལྷ་བཟོའི་སྒྱུ་རྩལ་ཁང་དུ་དངོས་སུ་སླབ་སྦྱོང་ལག་ལེན་ལ་ཕེབས་ཐུབ་པ་དང་གཉིས་ཕན་གྱི་འབྲས་བུ་བཟང་པོ་ཐོབ་པའི་རེ་བ་ཆེ། ད་ལྟ་ང་ཚོར་རྒྱབ་ཁབ་ཀྱིས་ཀྱང་རང་རང་གི་རིག་གཞུང་རྒྱུན་འཛིན་དར་སྤེལ་བྱེད་རྒྱུ་དེ་རང་ལ་དབང་ཆ་ཡོད་པར་མ་ཟད་རང་གི་རིག་གནས་རང་གིས་འཛིན་དགོས་ཚུལ་སོགས་ཀྱི་སྲིད་ཇུས་གཏན་ལ་ཕབས་བཞིན། ང་ཚོས་ཀྱང་གཞན་ལ་འགྲམ་ཆུ་ལྡང་ནས་བསྡད་པ་ལས་དམ་པ་གོང་མ་ཚོའི་རྔུལ་ཆུ་དང་ཟུངས་ཁྲག་ལས་གྲུབ་པའི་བོད་ཀྱི་གསོ་རྒྱུན་རིག་གནས། འཛམ་གླིང་ཐོག་ཏུ་མཚན་སྙན་འབར་ཞིང་རིང་ནས་ཤུལ་བཞག་གི་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ཀུན་ཉམས་པ་སླར་གསོ་དང་མི་ཉམས་པ་གོང་འཕེལ་གཏོང་བའི་ཐབས་སུ་འབད་འབུངས་ཅིས་ཀྱང་བྱེད་དགོས་པ་གནད་ཀྱི་དམ་པ་ལགས།


     ང་ཚོའི་ཕུལ་བྱུང་གི་རིག་གནས་དག་ནི་ལོ་ངོ་སྟོང་ཕྲག་བརྒལ་ནས་བྱུང་ཞིང་ད་ལྟར་འཛམ་བུ་གླིང་གི་ཐོག་ཏུ་མཐོང་ཆེན་བརྩི་བའི་གསར་གཏོད་རང་བཞིན་ཅན་གྱི་ཚན་རིག་དང་མཉམ་དུ་འགྲོ་ཐུབ་པར་མ་ཟད་དེ་དག་དང་ཐུན་མིན་གྱི་ཁྱད་ཆོས་ཀྱང་མང་པོ་ཡོད་པའི་རིག་གནས་ཤིག་ཆགས་ཡོད་པ་རེད།  དེ་ལས་བཟོ་རིག་པ་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཞིག་རེད་ལ། ང་ཚོས་ཚད་ལྡན་ཚུལ་མཐུན། ཁུངས་ཡོད་ལུང་ཡོད། ལག་ལེན་དངོས་ཟིན་གྱི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ།  དེའང་ནོར་བུ་རང་ལག་ཡོད་དུས་རིན་ཐང་ཤེས་ནས་གཅེས་སྐྱོང་བྱེད་དགོས་པ་ལྟར་རང་རང་གི་རིག་གཞུང་རྣམས་གལ་ཆེན་ཡིན་པར་ཤེས་པའི་སྒོ་ནས་རང་གིས་བདག་འཛིན་བྱེད་པ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།

    ང་ཚོས་ཕྱོགས་སུ་ལྷུང་བ་དང་རིས་སུ་བཅད་པ་མ་ཡིན་པར་ཡིད་ཆེས་དང་ཆིག་བསྒྲིལ་ལ་འབད་པས་ཕ་མེས་ཀྱིས་ཤུལ་བཞག་གི་རིག་གཞུང་འདི་དག་འཛམ་གླིང་གི་ཡང་རྩེར་བསྒྲེངས་ཏེ་ང་ཚོའི་བསམ་བློ་དང་། སྙིང་སྟོབས། ཆོད་སེམས། སྤོབས་པ། ཀུན་སྤྱོད་སོགས་གོ་ལ་འདིའི་སྟེང་གི་མི་ཚང་མས་ཤེས་རྟོགས་དང་མིག་དཔེར་ལྟ་ས་ཞིག་ཏུ་བསྒྱུར་ཐུབ་པ་ལ་འཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་མ་ཡིན་ནམ།

གསལ་བཤད་ཅིག

     ཁྱེད་ཀྱིས་བཟོ་རིག་ལག་རྩལ་སྦྱོང་འདོད་ན་བོད་ལྗོངས་མགར་ཁམས་པ་རྐོས་བྲིས་སྒྱུ་རྩལ་ཚད་ལྡན་འགན་འཁྲི་མཐུན་གཉེར་ཁང་དུ་ཕེབས་རྒྱུ་མ་བརྗེད།

འབྲེལ་གཏུག་ཁ་པར།

18108911999


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41137991
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1