མགོ་ལོག་རྡེའུ་ནག་གི་རྩོམ་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »མགོ་ལོག་རྡེའུ་ནག་གི་རྩོམ་འགའ།
མགོ་ལོག་རྡེའུ་ནག་གི་རྩོམ་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/8/18ལྟ་ཀློག (2046)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངའི་བར་ཐག


རང་ཉིད་ལ་བྲིས་པ།


ལས་དབང་མི་ཚེ་ཡིན་པའི་ལས་སྐལ་སུ།།

རང་ཉིད་ཉི་མར་ལྡེ་བའི་དུས་སྐབས་ན།།

རླུང་བུ་བསིལ་མས་ང་རང་ཟ་བའི་ན།།

རང་ཉིད་ཁེར་རྐྱང་ཡིན་པའི་མཐའ་ཁ་ནས།།

རྒོད་པོའི་གཤོག་སྒྲོའི་སྒྲོ་གུར་ཕུབ་པ་དེས།།

ཟླ་བའི་འོད་ཟེར་བརྐྱངས་པའི་མཚན་མོ་ཡི།།

རང་ཉིད་རང་ལ་གསལ་བའི་སེམས་ཤིག་ཡོད།།

སྐྱོ་བའི་གས་ཆག་སོང་བའི་རྡོ་བ་ཞིག།

རྐང་རྗེས་གྲིབ་མའི་བདའ་བའི་དུས་ཤིག་ན།།

གྱོན་པ་ཧྲིལ་བོ་སྨག་གིས་བཟུང་བས་ཀྱང་།།

རང་ཉིད་མོག་པོར་སྣང་བའི་འཚོ་བའི་ཁྲོད།།

ཁ་བའི་འོད་མདངས་བཀྲ་བ་མ་མཐོང་ཡང་།།

མི་ཚེ་ལྷག་མའི་སྐྱོ་བ་འཐེན་པ་ཚོར།།

གནམ་ལ་མེ་ཏོག་ལྷུང་བའི་དུས་ན་ཡང་།།

སྨུག་པ་རི་མགོར་དཔྱངས་བའི་ཆར་ཟིམ་གྱིས།།

ལོ་མའི་ཟིལ་བས་ས་མཐའ་བརླན་པའི་ཚེ།།

ཚོར་བའི་ནང་སྐྱོ་ཚེ་ཡི་སྔ་ཕྱི་ལ།།

སྙིམ་པ་འགུལ་ནས་བྲང་ཁ་གཏོད་པ་ན།།

འཆི་བའི་སེམས་ཤིག་གཞི་ནས་མེད་པ་ཚོར།།

                       2018/4/21/ཉིན་བྲིས།

གར་མ།


ལུས་ཀྱི་སྒྲོ་གུར་ཕུག་ནས་གར་ལ་རོལ།།

སྒྱུ་རྩལ་ལན་མང་མངོན་ནས་ཁྲུས་ལ་བྱིན།།

སེམས་པ་རྣམ་པར་གཡེང་བའི་མཚན་མོ་ན།།

ང་རང་གཅིག་པུར་གཡེང་བའི་སྒྲུང་རིང་ཡོད།།

མིག་གི་མིག་སྤུ་མི་སྡོད་གཡོ་བར་བྱེད།།

མཆུ་ཡི་དམར་རྫི་མི་འདུག་དག་པར་བྱེད།།

ལུས་ཀྱི་བ་སྤུ་གཟེངས་པའི་སྤྲོ་ཁང་ནས།།

ཤེས་པ་རྒྱུན་ལྡན་མིན་པའི་རི་མོ་ཡོད།།

ཁ་བའི་དགུན་གཞུང་འགེབ་པའི་ས་སྲོད་ནས།།

སྨུག་པ་རི་རྩེར་འཐིབས་པའི་རི་མགོ་ལས།།

ཁ་བ་ལྷོག་ལྷོག་འབབ་པའི་གྲང་ངར་གྱི།།

རླུང་བུ་གཡུག་པ་ཐེངས་གཅིག་མིན་པར་སེམས།།

                        2018/1/26/ཉིན་བྲིས།

ཟླ་བའི་མཚན་མོ།


མུན་པའི་སེམས་པ་སྐྱེས་ཚེ་ཟླ་བས་གཙང་ཆུ་ཤར།།

ཁ་བ་རླུང་ལ་སྤུར་བའི་ནད་པས་ངོ་གདོང་རིག།

ཡིད་ལ་མིག་གི་བལྟ་ཚེ་ར་རོ་གྱུར་བས་ཚེ།།

མདང་གི་གཙང་འགྲམ་དེ་ཡང་མེ་ཏོག་བསླེས་མ་ཡིན།།

དགོང་མོའི་མཚངས་སྤྲིན་དེ་ཡང་མིག་གི་སྐར་མདའ་ཡིན།།

ཁུ་བྱུག་མཇོལ་མོ་དེ་ཡི་སྐྱོ་བས་གནས་སུ་ཁྲིད།།

སྨྲེང་བའི་རི་ལུང་ཐང་གསུམ་སྨུག་པས་གཡོགས་གྱུར་བས།།

བདག་ཀྱང་མི་ཚེ་འདི་ནས་གཅིག་པོར་འགྲེང་དགོས་ཐུག།

ནམ་མཁའི་གཤོག་པ་བརྐྱངས་བས་ཆར་བ་མཚམས་མི་ཆད།།

བྱ་རྒོད་གཤོག་རྩ་ཆད་སའི་རླུང་བུ་ཁེར་ཡན་ཞིག།

མདང་གི་རྨི་ལམ་རྨིས་སའི་སྒེའུ་ཁུང་ཕྱི་རོལ་ན།།

རླུང་གི་ཕ་མཐའ་ཕྱེས་སའི་རང་ཕྱོགས་ངོ་མ་ཡིན།།

མདུན་གྱི་ཙོག་པོར་འགྲེང་བའི་ལྕང་རྒན་སྡུག་ཟད་དག།

རེ་ཞིག་སྡུག་གིས་མནར་འདྲའི་སྐྱ་ཐག་སྟོན་པ་འདི།།

སེམས་ཀྱི་རྒྱབ་ལ་ཁུར་བས་ལོ་མ་མ་གཡོས་སམ།།

སྙིང་གི་ན་ཟུག་སྟོན་འདྲས་ཚོར་བ་གྲང་མེད་ལྕི།།

ཁང་བའི་གྱང་ལྡེབས་ངོས་ཀྱི་རི་མོ་ཡལ་མ་ཞིག།

ནམ་མཁའི་སྤྲིན་པ་ལྟར་དུ་འདས་སོང་རྒྱུ་བ་ཞིག།

ལོ་རེའི་སྨྲེང་བ་འཁུར་བའི་མཚན་མོས་འུག་པ་ལྟར།།

སྨུག་པའི་རི་ལུང་བཀང་འདྲའི་སེམས་ཅན་གྲང་མེད་ཅིག།

                              2018/5/6ཉིན་གྲུབ།

རང་སེམས་བརྒལ་བ།

             

སེམས་ཀྱི་མཐའ་ལ་འཕུར་བའི་ཕྱེ་མ་ལེབ།།

སྙིང་གི་དཀྱིལ་ལ་མེ་ཏོག་ཡོད་པ་ཚོར།།

ཉིན་མཚན་བརྒལ་བའི་སེམས་པ་སྙི་མོ་འདི།།

གཙང་བོ་ནང་ན་ཉ་མོ་འཁྱུག་པ་བཞིན།།

བདག་སེམས་བོར་བའི་ཉག་གས་ལོ་མ་ལྟར།།

གར་འགྲོ་འདིར་འགྲོ་མེད་པ་ཞེ་རེ་སྐྱོ།

གཙང་བོ་བཞུར་བའི་རི་སུལ་དབུས་མ་ན།།

ཟླ་བའི་འོད་མདངས་གསལ་བའི་དྭངས་ཆུ་ཞིག།

ནགས་དང་ལོ་མའི་བར་གྱི་མཚེའུ་དེ།།

སེམས་ཀྱི་བཞུར་རྒྱུན་རིང་བའི་ལས་ཡིན་ན།།

ང་རང་ཁེར་རྐྱང་ཡིན་པའི་ལམ་ཁ་ནས།།

ཆགས་པ་བོར་བའི་མི་ཞིག་ཨེ་ཡོད་དམ།།

ས་སྲོད་ལྡང་བའི་ནང་སེམས་ཁོག་རལ་ནས།།

རླུང་བོའི་ཞེ་རྩ་སྨྲེང་སའི་ཡུལ་ཕྱོགས་ཀྱང་།།

ད་ནི་དབྱར་གྱི་འཇུག་མ་རོལ་བཞིན་དུ།།

སྟོན་གྱི་ལོ་མ་འཐོར་སའི་རྗེས་ཤུལ་ནས།།

སེམས་ཀྱི་མཁའ་དབུགས་རླུང་ལ་འདྲེས་བཞིན་དུ།།

དྲན་པའི་དཀྲོལ་བའི་སྐྱོ་བ་ས་མཐར་འཐེན།།

                                  2018/2/18/ཉིན་གྲུབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41348502
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1