རྫ་སྟོད་མགར་སྐོར་དགྱེས་འཛོམས་དང་ཤེས་རིག་ཡར་སྐུལ་མཛད་སྒོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »རྫ་སྟོད་མགར་སྐོར་དགྱེས་འཛོམས་དང་ཤེས་རིག་ཡར་སྐུལ་མཛད་སྒོ།
རྫ་སྟོད་མགར་སྐོར་དགྱེས་འཛོམས་དང་ཤེས་རིག་ཡར་སྐུལ་མཛད་སྒོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/8/25ལྟ་ཀློག (5347)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྫ་སྟོད་མགར་སྐོར་དགྱེས་འཛོམས་ཐེངས་གཉིས་པའི་ཤེས་རིག་ཡར་སྐུལ་གཟེངས་འབུལ་མཛད་སྒོ།

        རྒྱུས་ལོན་བྱུང་བ་ལྟར་ན་སྤྱི་ལོ་2018ལོའི་སྤྱི་ཟླ་8པའི་ཚེས་21ཉིན་ནས་ ཉིན་གསུམ་གྱི་རིང་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ཁུལ་གཅིག་གི་བཙན་པོ་མགར་གྱི་རུས་རྒྱུས་དང་འབྲེལ་བའི་གཉེན་ཉེ་ཕལ་ཆེར་ལྷན་འཛོམས་བྱུང་སྟེ་མ་འོངས་མགར་ཚང་གི་རྒྱུད་འཛིན་ཏེ་ན་གཞོན་གསར་བ་ཚོར་ཁ་ཕྱོགས་པའི་ཤེས་ཡོན་ཡར་སྐྱེད་ཀྱི་བྱ་འགུལ་གང་མང་སྤེལ་འདུག

    མི་ལོ་ཧྲིལ་བོ་དགུ་དང་བཅུ་གཉིས་ཙམ་ལ་སྦྱང་བརྩོན་གྱི་གོ་ཆ་བགོས་མྱོང་བའི་དམངས་འབྲིང་མཐར་ཕྱིན་དང་མཐོ་འབྲིང་མཐར་ཕྱིན་རྒྱུགས་འཕྲོད་ཀྱི་སློབ་མ་དག་ལ་གཟེངས་རྟགས་དང་བྱ་དགའ་གང་འཛོམས་ལེགས་སྐྱེས་སུ་ཕུལ།

     ཡུལ་དངོས་ལ་འཛོམས་ཡོད་པའི་ན་གཞོན་ཚོར་གྱེར་འདོན་དང་བྲིས་གཟུགས།  རི་མོ། གླིང་སྒྲུང་།  རི་བཤད།  ཁ་ཤགས། གླུ་དབྱངས། ཐེ་གེ་སོགས་ཀྱི་འགྲན་སྡུར་བྱེད་དུ་བཅུག་སྟེ་ན་གཞོན་ཚོར་རང་རང་གི་ཤེས་ནུས་འཇོན་གསུམ་མངོན་པའི་གར་སྟེགས་གསར་བ་བསྐྲུན་པར་མ་ཟད་ད་དུང་སློབ་ཆུང་སློབ་མ་ཚོར་སྐད་ཡིག་སོགས་ལ་རྒྱུགས་བླངས་ཏེ་འཛོམས་ཚོད་ཀྱིས་གཟེངས་རྟགས་ཕུལ་ཡོད། 

     ད་དུང་མཚམས་མཚམས་སུ་མགར་ཚང་གི་དགེ་བའི་བཤེས་གཉེན་རྣམ་པ་དང་།  ཤེས་ཡོན་པ་རྣམ་པས་ལུགས་གཉིས་ལམ་སྟོན་གྱི་བཀའ་སློབ་ཅི་མང་གནང་ཞིང་།  རྒན་རབས་པ་དག་གིས་ཀྱང་ཉེ་རིང་ངོ་སྤྲད་དང་རུས་རྒྱུད་རིག་གནས་ཀྱི་སྐྱོན་ཡོན་ཕྱོགས་སུ་མ་ལྷུང་བའི་སྒོ་ནས། ཡ་རབས།  གཞུང་དྲང་།  ཚུལ་ལྡན་བཅའ་དགོས་པ་དང་མདོར་ན་རང་ཚུགས་མ་བོར་ཞིང་གཞན་སེམས་མ་དཀྲུགས་པའི་ཐོག་ནས་ཆོས་འཇིག་རྟེན་གཉིས་ཆར་ཕན་ཐོག་འེ་ཡོང་ལྟོས་ཞེས་ཉམས་མྱོང་གི་གཏམ་བཤད་རིན་ཐང་ཅན་གནང་འདུག

     མཐར་མ་འོངས་པའི་རྫ་སྟོད་མགར་སྐོར་དགྱེས་འཛོམས་ནི་དམིགས་བསལ་ཤེས་རིག་གི་བྱ་འགུལ་ཞིག་ལ་བསྒྱུར་རྒྱུའི་རེ་སྨོན་དང་དམ་བཅའི་ངང་ནས་མཇུག་ལེགས་པར་གྲོལ་སོང་།


དབུ་ཁྲིད་མི་སྣས་གསུང་བཤད་གནང་བཞིན་པ།


ཡིག་གཟུགས་འགྲན་སྡུར་བྱེད་བཞིན་པ།


བྱ་དགའ་གནང་བཞིན་པ།


བྱ་དགའ་ཐོབ་པའི་མགར་ཚང་གི་ན་གཞོན་པའི་སྡེ།


བྱ་དགའ་ཐོབ་པའི་མགར་ཚང་གི་གཞོན་རབས་པ།


བྱ་དགའ་ཐོབ་པའི་མགར་ཚང་གི་ན་ཆུང་སློབ་མའི་སྡེ།


མཉམ་བསྒྲོན་དྲན་རྟེན།


ཡུལ་དངོས་གསར་འགོད་པ་མགར་ཆོས་འགྲུབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཉམ་ཆུང་སྦྲང་བོ། སྤེལ་དུས:2018/8/25
ངོ་མ་ཡག་གི་འདོད་སོང་། ཉེ་འདུས་ཟེར་བ་ཟ་འཐུང་ཙམ་ལ་མི་གོ་བར། བསམ་བློ་མཐོར་འདེགས་དང་གོམས་སྲོལ་ལེགས་སྐྱོང་། ཤེས་རིག་འབད་བརྩོན་གྱི་ལམ་དུ་ཕྱོགས་པ་མིག་ལྟོས་བྱ་ས་རུ་བཟུང་ན་འགྲིག་སྙམ། ཧ་ཅང་ཡག [强][强][强]
 སྤེལ་མཁན: རྣོ་གྲི། སྤེལ་དུས:2018/8/25
ཉེ་འདུས་ཟེར་བ་འདི་འདྲ་ཡིན་ན་ཧ་ལས་པ་ཡག གཙོ་བོ་ཤེས་ཡོན་ཡར་སྐུལ་བྱས་པ་དེ་མི་རབས་རྗེས་མའི་དཔུང་ཤུགས་ལ་གཟི་བརྗིད་བསྩལ་བ་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41121252
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1