ཐང་ག་འཛིན་གྲྭར་སློབ་མ་བསྡུ་བའི་བརྡ་སྦྱོར།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 12 ཚེས 12 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཐང་ག་འཛིན་གྲྭར་སློབ་མ་བསྡུ་བའི་བརྡ་སྦྱོར།
ཐང་ག་འཛིན་གྲྭར་སློབ་མ་བསྡུ་བའི་བརྡ་སྦྱོར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/9/8ལྟ་ཀློག (1904)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མདོ་ཁམས་རྫ་རྒྱུད་ཤེས་རིག་སློབ་གླིང་གི་ཉིས་སྟོང་བཅོ་བརྒྱད་ལོའི་ཆེད་གཉེར་ཐང་ག་འཛིན་གྲྭར་སློབ་མ་བསྡུ་བའི་བརྡ་སྦྱོར།


      ཕྱོགས་དང་རིས་སུ་མ་ཆད་པའི་གངས་ཅན་བསིལ་མོ་ལྗོངས་ཀྱི་ལྷག་བསམ་ཅན་གྱི་ཁྱིམ་བདག་དང་རེ་བ་ཆེ་སའི་སློབ་མ་རྣམ་པ་ལ་ཞུ་རྒྱུར།   

སྐྱབས་རྗེ་ཨ་རིག་འབྲུག་གྲགས་རིན་པོ་ཆེའི་བྱམས་བརྩེའི་གྲིབ་བསིལ་འོག་ནས་ནར་སོན་པའི་ངེད་རྫ་རྒྱུད་(ཤེས་རིག་སློབ་གླིང་)གིས་ད་ལོ་ནས་བཟུང་སྟེ། ལོ་སྔོན་མ་དག་ལ་མེད་པའི་དམིགས་བསལ་གྱི་(ཐང་བྲིས་ཆེད་སྦྱོང་འཛིན་གྲྭ་)ཞིག་བསྒྲུབ་རྒྱུ་ཡིན་ཞིང་། བོད་ཁ་བ་གངས་ཅན་གྱི་སྲོལ་རྒྱུན་རིག་གནས་སམ་ལག་རྩལ་རིག་གནས་ཀྱི་ཕྱོགས་དེར་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་ཡོང་ཆེད་དུ་ད་ལྟ་ལག་རྩལ་སློབ་གྲྭ་ཞིག་འཛུགས་རྒྱུ་ཡིན་པས།

    སྔར་བོད་ཀྱི་འཚོ་བ་སྡིག་ལས་སྡིག་འབད་ཀྱི་ལས་ཀ་རྦད་དེ་བསྐྱུར་ནས་བོད་རོང་འབྲོག་གཉིས་ཀྱི་འཚོ་བ་དེང་རབས་ཅན་ནམ་ཤེས་རིག་ལག་རྩལ་ཅན་དུ་འགྱུར་ཨེ་ཐུབ་པའི་དམིགས་ཡུལ་དང་། ལག་རྩལ་གྱི་ཕྱོགས་དེར་རྒྱུན་སྐྱོང་བྱེད་ཆེད་དུ་འདི་འདྲ་ཞིག་བསྐྲུན་པ་ཡིན། འདི་ལ་ཕྱོགས་སོ་སོའི་སྤྲོ་བ་ཡོད་མཁན་དང་སྦྱང་འདོད་ཡོད་མཁན་དག་གིས་གཤམ་གྱི་དོན་ཚན་ཁག་ལ་གཟིགས་རོགས་ཞུ།

གཅིག

     ང་ཚོས་ད་ཐེངས་བཀོད་བསྒྲིགས་བྱས་པའི་ཐང་ག་ཆེད་སྦྱོང་འཛིན་གྲྭ་འདི་ལ་བོད་རྒྱ་གཉིས་ཀྱི་སློབ་ཁྲིད་དུས་ཚོད་གཉིས་ལས། གཞན་ཉིན་གཅིག་གི་དུས་ཚོད་ཡོད་ཚད་ཐང་ག་ཆེད་སྦྱོང་གི་ཕྱོགས་ལ་ཕུད་ཡོད་པས།  ལོ་སྔོན་མའི་ཟུར་སྦྱོང་འཛིན་གྲྭ་ལས་རིང་དུ་བརྒལ་ཏེ་དོན་དངོས་ཀྱི་ཆེད་སྦྱོང་འཛིན་གྲྭ་སྲོལ་རྒྱུན་རིག་གཞུང་ལ་ཕན་ཐོགས་ངེས་པའི་འཛིན་གྲྭ་ཞིག་ཏུ་བསྒྱུར་ཡོད།

གཉིས།

      འཛིན་གྲྭ་འདི་ལ་སློབ་ཁྲིད་དགེ་རྒན་གྱི་ངོས་ནས་གླེང་ན།  ཆེད་དུ་གདན་ཞུ་བྱས་པའི་དགེ་རྒན་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཡོན་ཏན་བླ་ན་མཐོ་ཞིང་

ལྷག་ཏུ་སྲོལ་རྒྱུན་རིག་གནས་ལ་ཤ་ཞེན་དཀར་བའི་ཨ་རིག་སྡེ་བའི་དམངས་ཁྲོད་ཀྱི་ལྷ་བཟོ་གྲགས་ཅན་དགེ་རྡོ་རྗེ།  དེང་རབས་རི་མོའི་རྒྱུ་རྩལ་ལ་གནའ་རབས་རིག་གནས་ཀྱི་རྐང་མ་ཡལ་བའི་སྙན་གྲགས་ཅན་གྱི་ལྷ་བཟོ་ལེགས་སྨོན་མཆོག་གི་ཕུལ་བྱུང་སློབ་མ་༼       ༽      རི་མོའི་སྒྱུ་རྩལ་ལ་དུང་བ་ཟབ་ཅིང་གྲགས་ཆེ་བའི་ལྷ་བཟོ་ཡུལ་ཤུལ་ཚེ་དབང་ཉི་མ།   བྲག་འགོའི་ལྷ་བཟོ་ཚེ་རིང་ལྷ་མཚོ།   ཨ་རིག་ལྷ་བཟོ་བསྟན་འཛིན་ཤེས་རབ།  ངེད་སློབ་གླིང་གི་རི་མོའི་རྐང་འཛིན་གྱི་མི་སྣ་གཙོ་བོ་ལག་ལེན་དང་གཞུང་ལུགས་གཉིས་ཀྱིས་མངོན་པར་ཕྱུག་པའི་དགེ་རྒན་ཆེན་མོ་མགོ་ལོག་ལྷ་རིས་པ་འབའ་འཇིགས་མེད་དར་རྒྱས་བཅས་ཡིན།

གསུམ།

     ཐང་ག་ཆེད་སྦྱོང་ལས་གཞན་ལོ་སྔོན་མ་དག་ལ་ཡོད་པའི་རི་མོ་ཟུར་སྦྱོང་ཡོད་པའི་འཛིན་གྲྭ་དག་ལ་ཉིན་རེར་སློབ་ཚན་གཞན་དག་ཕུད་རྗེས་དུས་ཚོད་གསུམ་ལ་ཆེད་དམིགས་ཀྱིས་ཁྲིད་བཞིན་ཡོད་པས།  སློབ་མ་ཚོས་ཐོག་མར་དེ་ལས་རྨང་གཞི་བཞག་སྟེ་མཐར་ཐང་ག་ཆེད་སྦྱོང་གི་ལམ་ལ་ཞུགས་ཆོག

བཞི།

      སློབ་མ་ཚོར་ཉིན་རེར་ཐེངས་གསུམ་གྱི་བཟའ་བཅའ་དང་སྦྱང་དེབ། ད་དུང་ཉལ་ཁྲི་ཉལ་གོས་གློག་རིན་བཅས་ཆ་ཚང་ངེད་སློབ་གྲྭ་གཞུང་ནས་འགན་གཙང་ལེན་བྱེད་བཞིན་ཡོད་པས་དོན་གཉེར་གྱི་འདུན་པ་ཟབ་པའི་ན་གཞོན་སློབ་མ་ཚོ་ཕེབས་དང་ཆ་རྐྱེན་འཛོམས་པོ་ཡིན།

ལྔ།

      བསྡུ་བྱའི་སློབ་མར་ཆོལ་ཁ་དང་ས་ཁུལ་གྱི་རིས་ཆད་མེད་ཅིང་གྲྭ་གྲོང་དང་ཕོ་མོའི་དབྱེ་བ་མེད་པར་སྤྱི་ཟླ་དགུ་བའི་ཚེས་ཉེར་བཞིའི་ཉིན་དངོས་སུ་སྡུད་ལེན་བྱེད་རྒྱུའི་དབུ་འཛིན་རྒྱུ་ཡིན་པས་ཞུགས་འདོད་ཡོད་པའི་སློབ་མ་དག་གིས་གཤམ་གྱི་འབྲེལ་ལམ་ཁག་བརྒྱུད་ནས་རྒྱུས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། 


15183623583

15281573722

 18297266399

སྤྱི་ཟླ་༩བའི་ཚེས་༣ཉིན་དགེའོ།།


རྫ་རྒྱུད་ཤེས་རིག་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་དགོང་ཚོགས།



དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12776015
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号