མགར་སྟོང་བཙན་སྐུ་འདྲ་འབུམ་རྣམ་པར་སྣང་མཛད་ལྷ་ཁང་དུ་བཞུགས་གསོལ་གྱི་གསར་འགྱུར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མགར་སྟོང་བཙན་སྐུ་འདྲ་འབུམ་རྣམ་པར་སྣང་མཛད་ལྷ་ཁང་དུ་བཞུགས་གསོལ
མགར་སྟོང་བཙན་སྐུ་འདྲ་འབུམ་རྣམ་པར་སྣང་མཛད་ལྷ་ཁང་དུ་བཞུགས་གསོལ་གྱི་གསར་འགྱུར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/9/12ལྟ་ཀློག (7124)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མགར་སྟོང་བཙན་གྱི་སྐུ་འདྲ་འབུམ་རྣམ་པར་སྣང་མཛད་ལྷ་ཁང་དུ་བཞུགས་གསོལ་གྱི་གསར་འགྱུར།


མགར་སྟོང་བཙན་ཡུལ་བཟུང་གི་སྐུ་འདྲ་ནང་དུ་གདན་དྲངས་པའི་ཡུལ་ངོས།



     དེ་ཡང་སྤྱི་ལོ་2018,9,11ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབུམ་རྣམ་སྣང་ལྷ་ཁང་གི་གཡོན་ཕྱོགས་སུ་དུས་རབས་ལོ་རྒྱུས་ལྷ་ཁང་ཡོད་པ་དེའི་ནང་དུ་བོད་ཀྱི་མཛངས་བློན་མགར་སྟོང་བཙན་ཡུལ་བཟུང་གི་སྐུ་འདྲ་གཟུངས་གཞུག་ཚད་ལྡན་བསྒྲུབས་པ་དང་བཅས་ལེགས་པར་བཞུགས་སུ་གསོལ་ཡོད།

      འདི་ནི་ཐང་བོད་གནའ་ལམ་ཞེས་ཡོང་སུ་གྲགས་པའི་ལོ་རྒྱུས་ལྟར།    འབུམ་རྣམ་པར་སྣང་མཛད་འདི་གར།  ཉིས་སྟོང་བཅོ་ལྔ་ལོར་ཁམས་ཡུལ་ཤུལ་གྱི་བཙན་པོ་མགར་གྱི་མི་རྒྱུད་ཀྱིས་སྣེ་ཁྲིད་དེ་བོད་ཆོལ་ཁ་གསུམ་གྱི་མགར་སྐོར་ཉེ་འདུ་ཞིག་རྒྱས་འཛོམས་བྱུང་སྐབས།  ཁམས་ཡུལ་ཤུལ་གྱི་མགར་སྐོར་ཚོས་མང་མོས་ཀྱི་རེ་འདུན་ལྟར་བོད་ཆེན་པོར་སྲི་ཞུ་བླ་ལྷག་བསྒྲུབས་མྱོང་པའི་མགར་སྟོང་བཙན་གྱི་སྐུ་འདྲ་ཆེ་ལེགས་ཤིག་ཕ་མྱེས་ཀྱི་ལོ་རྒྱུས་ཕྱི་རབས་པ་རྣམས་ལ་གསལ་བོར་སྟོན་ཕྱིར་བཞེངས་ན་ལེགས་ཚུལ་བགྲོ་གླེང་བྱས་པ་དང།   ལོ་རྒྱུས་ཐོག་དོན་སྙིང་ལྡན་ཞིང་གལ་འགངས་ཆེ་བའི་བྱ་བཞག་ཅིག་ལ་བརྩིས་ཏེ་སྲིད་གཞུང་དང་དགོན་པ་ལྷ་སྡེ་ཡོངས་ལ་ཡར་ཞུ་བྱས་ཏེ་རིམ་བཞིན་ཆོག་མཆན་ཐོབ་སྟེ།

    ད་ལམ་2018ལོའི་ཟླ9བའི་ཚེས་11ཉིན་འདིར་དངོས་སུ་ཡུལ་ཤུལ་མགར་སྐོར་གྱི་འཐུས་ཚབ་པ་རྣམས་ཀྱིས་འབུམ་རྣམ་སྣང་ལྷ་ཁང་གི་གཡོན་ཕྱོགས་སུ་དུས་རབས་ལོ་རྒྱུས་ལྷ་ཁང་ཡོད་པ་དེའི་ནང་དུ་བོད་ཀྱི་མཛངས་བློན་མགར་སྟོང་བཙན་ཡུལ་བཟུང་གི་སྐུ་འདྲ་གཟུངས་གཞུག་ཚད་ལྡན་དང་བཅས་ལེགས་པར་བཞུགས་སུ་གསོལ་ཡོད་པའི་མཛད་རིམ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པ་ཞིག་བྱུང་འདུག

    དེ་བས་ཆོལ་གསུམ་མགར་གྱི་རིགས་སུ་གཏོགས་པ་ཡོངས་ནས་རྗེས་སུ་ཡི་རངས་ཀྱིས་མེ་ཏོག་གཏོར་བ་ཙམ་མ་ཡིན་པར་རང་གི་རུས་རྒྱུད་རིག་གནས་དར་སྤེལ་དང་། ལྷག་ཏུ་འདས་ཟིན་པའི་བྱུང་རབས་ལས་འབྱུང་འགྱུར་ལ་སྨན་པའི་བསླབ་བྱ་རེ་ལེན་རྒྱུ་ནི་དོན་ཆེན་ཞིག་ཡིན་པས་མགར་ཚང་གི་རྩ་དོན་དེ། ཡ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་དང་རོགས་རམ་ཡོང་བ་དང་མ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་མི་བྱེད་པ་བཅས་ཡང་ཡང་ཡིད་ལ་འཇགས་པར་ཞུ་ཞེས་ཁམས་ཡུལ་ཤུལ་མགར་སྐོར་གྱི་རིགས་སུ་གཏོགས་པ་ལྷན་རྒྱས་ནས་གསོལ་བ་བཏབ་པ་ལགས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41354332
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1