ཁ་བའི་དབྱངས་ཚོམས་ཚང་གིས་སྤེལ་ཐེངས་གཉིས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཁ་བའི་དབྱངས་ཚོམས་ཚང་གིས་སྤེལ་ཐེངས་གཉིས་པ།
ཁ་བའི་དབྱངས་ཚོམས་ཚང་གིས་སྤེལ་ཐེངས་གཉིས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/9/18ལྟ་ཀློག (766)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཁ་བའི་དབྱངས་ཚོམས་ཚང་གིས་སྤེལ་ཐེངས་གཉིས་པ།

ཆོས་གྲོགས།

         དྲན་པ་དམར་པོ།

རི་སྒང་དང་ཆུ་ཀློང་རིང་མོ།།
འུ་གཉིས་ཀྱི་བར་ཐག་ཡིན་ན།།
ལྷོ་ཕྱོགས་ཀྱི་སྤྲིན་པ་གཞོན་ནུ།།

འུ་གཉིས་ཀྱི་འཕྲིན་སྐྱེལ་ལོས་ཡིན།།


རྨད་བྱུང་གི་ལྔ་ཟུང་རིག་པ།།
འུ་གཉིས་ཀྱི་དགའ་ཕྱོགས་ཡིན་ན།།

མདུན་ལྗོངས་ལ་གཞན་ཕན་སྒྲུབ་པ།

འུ་གཉིས་ཀྱི་དུང་ཕྱོགས་ལོས་ཡིན།།


དཀར་མཛེས་ཀྱི་པད་དཀར་གཞོན་ནུ།།
གྲོགས་ཁྱེད་ཀྱི་སྐུ་ལུས་ཡིན་ན།།

དེར་འཁོར་བའི་གཡུ་སྦྲང་གཞོན་ནུ།།

བུ་ང་ཡི་རྣམ་ཤེས་ལོས་ཡིན།།


མཛེས་སྡུག་གི་ལྷ་ལམ་ཡངས་པོ།།
གྲོགས་ཁྱེད་ཀྱི་སེམས་པ་ཡིན་ན།།
ཡིད་འོང་གི་སྦྲང་ཆར་བསིལ་མ།།
ཁྱོའི་བཤད་པའི་སྙིང་གཏམ་ལོས་ཡིན།།

ས་སྲོད་ཅིག་ལ།

        ར་དཀར།    མཚོ་ལྷོ།


སྤྲིན་པ་ལྷོ་རུ་བཞུད་པའི་ས་སྲོད་ཀྱི་དུས་ལ།།
བདག་གི་སེམས་པ་དམར་པོ་མེ་རི་ལ་བསྒྲོན་ཏེ།།
སྣང་བའི་དབྱིངས་ལ་ལག་འཇུ་ཐེངས་གཅིག་རང་བྱས་པ།།
སུ་ཞིག་དྲན་པའི་དབང་གིས་གཙེས་པ་རང་ཡིན་ནམ།།

དབྱར་ཟླ་དྲུག་པའི་མེ་ཏོག་ཀེམ་ཀེམ་དུ་གཡོ་ན།།
གཡུ་སྦྱང་སེར་པོའི་སྣང་བ་དེའི་ཕྱོགས་ལ་ཆགས་འགྲོ།།
སྟོན་འཇུག་སྟོང་ལོའི་ཚེ་སྲོག་རླུང་བུ་ཡིས་བསྒུལ་དུས།།
ང་དང་བྱེའུ་ཆུང་གཉིས་ཀྱི་ལས་དབང་དེ་དྲན་འོང་།།

དྭངས་གསལ་མཚོ་མོ་འདྲ་བའི་ལྷད་མེད་ཀྱི་སེམས་པ།།
དཀར་ཡོལ་འབྲུག་མའི་ནང་ལ་ཤག་སེ་རང་བླུག་ན།།
ལེ་དབར་ཁྲི་ཕྲག་ཕུག་གི་སེམས་སོང་གི་མི་དེས།།
འཁོར་བའི་གྲོང་ཚོ་འདི་ནས་གཙང་བཞེས་རེ་གནང་ངམ།།

དཀར་གསལ་ཟླ་འོད་ངོགས་ནས་མཁའ་དབྱངས་ལ་གྱེར་དེ།།
ཚོར་བའི་ཀློང་ནས་དྲན་པ་སྨྱུག་རྩེ་རུ་ཕུལ་ན།།
དུག་ལྔའི་ནད་ཀྱིས་མནར་བའི་མྱི་རྐྱང་དེའི་གདུང་ལ།།
སྤྲིན་དཀར་ལང་ལོང་གསེབ་ནས་ཆར་བ་ཞིག་འབབ་སྐད།།


ཁྱོད་ལ་ཅི་དགོས།

          རྫ་སྐྱེས་ཉི་མ་རང་གསལ།  གསེར་རྟ།


མི་ཡི་སེམས་ལ་འགྱུར་ལྡོག་གང་འདྲ་འབྱུང་རུང་།

ཁྱོད་ལ་དེ་དོན་བརྗོད་བྱ་ལྷག་པར་གློད།


ཁྲུང་ཁྲུང་དང་ང་ཡི་བར་ཐག

ཕྱིར་འདང་རེ་ཤོར་སེ།

སེམས་ཐག་མ་ཤོར་ན།
གཞན་ལ་དེ་དོན་བརྗོད་པར་དཀའ།

ཁྲུང་ཁྲུང་དང་ང་ཡི་རྨི་ལམ།
དོན་ངོས་རང་ལ་སེམས་ཤིག་ཡོད།

མི་སེམས་ཤིག་དྲན་སྐུལ་བསླང་ན།
ནམ་རྒྱུན་འཚོལ་འདོད་པའི་མི་དེར།
ངས་ཁྲུང་ཁྲུང་ཞེས་པའི་མིང་སྟེ་བཏགས།


                                               

       ཙིནྟ་མ་ཎི།

          མེ་ལྗགས།  གསེར་རྟ།

གྲངས་མེད་བསྐལ་པ་མང་པོའི་གོང་རོལ་ནས།།
ངོ་བོ་མི་འགྱུར་རང་བཞིན་མི་འགག་ཅིང་།།
སྐབས་ཤིག་རྟག་འཛིན་གདུལ་བྱའི་སྣང་ངོ་རུ།།
གཟུགས་སྐུའི་བཀོད་པ་རེ་ཞིག་དབྱིངས་སུ་བསྡུས།།

མ་དག་འཇིག་རྟེན་ཁམས་ཀྱི་གཅེས་ནོར་ཞིག།
བདུད་སྡེ་དཔུང་ཚོགས་བཅོམ་པའི་ནང་བློན་ཞིག།
མཁས་པའི་ཁྱུ་ཚོགས་བསྐྱངས་པའི་དམ་པ་ཞིག།
འགྲོ་བ་རིགས་དྲུག་འདྲེན་པའི་ཕོ་ཉ་ཞིག།

ལས་ངན་འགྲོ་ལ་མ་ཡིས་བརྩེ་བ་སྦྱིན།།
འཁྲུལ་བ་ཅན་ལ་ཕ་ཡིས་ཁ་ཏ་གནང་།།
དད་པ་ཅན་ལ་མཁོ་བའི་གདམས་པ་བསྩལ།།
རྒན་གཞོན་རྣམས་ལ་ཕྱི་མའི་དེད་དཔོན་མཛད།།

བུད་མེད་ལས་ངན་བཙུན་མའི་ཐོབ་ཐང་གནང་།།
དུད་འགྲོ་མགོན་མེད་བརྩེ་བའི་མངའ་བདག་མཛད།།
རྒྱ་བོད་གཉིས་ལ་དམ་པའི་ལྷ་ཆོས་བསྟནད།།
ཕྱོགས་རིས་མེད་པའི་སློབ་དཔོན་ངོ་སོར་བསྟོད།།


  བརྒྱུད་རིམ་ཞིག

          མེ་ཟོར། གསེར་རྟ།

སད་སྣང་རྨི་ལམ་འདྲ་བའི་རེ་དོགས་ཀྱི་བར་དེར།།
རླུང་གིས་གཡོ་བའི་རྩྭ་སྐྱ་འཇག་མ་བཞིན་སྡོད་དུས།།
འདྲེན་བྱེད་ངོར་ལ་ཟུང་ཡུལ་རྫོགས་ཚིག་ལྟར་འབྲིའང་།།།
དགའ་རུང་སྡུག་སླ་ཅན་གྱི་སྣང་དོགས་ཤིག་འཁོར་བྱུང།།

རྩྭ་རྩེའི་ཟིལ་བ་འདྲ་བའི་ནོར་རྫས་ཀྱི་སྙིང་པོ།།
ཚེ་སྲོག་སྐྲ་ཤད་འདྲ་བའི་འདུས་བྱས་ཀྱི་རང་མདངས།
སྙིང་གྲོགས་དམར་ཆུང་སྲོག་འདྲའི་དབང་མེད་ཀྱི་མགྲོན་པོ།།
ཆགས་སྡང་སེམས་རྩ་བཏབ་པའི་ཆོས་དྲེད་ཀྱི་བན་འཁྱམས།།

རྣམ་རྟོག་མཛའ་དང་མི་མཛའི་ཡོ་ལང་དེ་འཕྲོ་བཞིན།།
བྱིས་འབྱུང་སྒྱུ་མའི་ལྟ་གོན་རྟག་སེམས་ཀྱིས་སླུས་ཀྱིན།།
གྲགས་དང་སྙན་པ་གཙོ་བོ་རང་སེམས་ལ་བསྡུས་ནས།།
ཆོས་བརྒྱད་བྱ་བཏང་འདུན་པའི་ཀུན་སློང་དེ་བོར་འདུག།

དྲན་རྒྱུ་མང་པའི་མྱི་ངན་བདག་འདྲ་ཞིག་མ་བྱེད།།
ཉལ་དང་ཟས་ལ་འཐོམས་པའི་ལད་མོ་འདི་མ་བྱེད།། 
མདུན་མ་བརྟན་གླག་བྱེད་པའི་ཁྲེལ་མེད་ཅིག་མ་བཟོ།།
ཕྱི་མའི་ལམ་རིང་བསྙེགས་དུས་འོ་བརྒྱལ་ཞིག་ཡོད་ཟེར།།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14600543
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号