རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བྱ་འགུལ་ཐེངས་བཞི་ལ་སྤེལ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 10 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བ
རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བྱ་འགུལ་ཐེངས་བཞི་ལ་སྤེལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/10/2ལྟ་ཀློག (1682)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་མཉམ་པར།

དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་།
寺院文化合作研究小组
Cooperative Research Institute for Monastery Education

ཞིབ་འཇུག་བྱ་ཡུལ་དང་ལས་གཞི།

(1) རིས་མེད་ཀྱི་དགོན་སྡེ་ཁག་དང་བཤད་སྒྲུབ་སློབ་གླིང་།
(2) དཔེ་མཛོད་ཁང་།  
(3) གནའ་ཤུལ་ཁག
(4) གནས་རི།
(5)སློབ་གྲྭ་ཆེ་འབྲིང་།
(6)རོགས་སྐྱོར་བྱ་འགུལ་ལས་གཞི།
གསལ་བཤད།
    ཚན་ཆུང་འདི་ནི 2018 ལོར་གསར་དུ་ཚུགས་ཏེ་མདོ་ཁམས་ཡུལ་གྱི་རྫོང་ཁག་གང་མང་ལ་བསྐྱོད་པ་ནི་རིག་གནས་འགྲུལ་བཞུད་ཐོག་མ་ཡིན་ཞིང་།  རྗེས་ཕྱོགས་ཀྱང་མུ་མཐུད་དུ་བོད་ཁུལ་གྱི་དགོན་སྡེ་གཞན་དང་། མི་རིགས་རིག་གནས་སྣ་མང་ལ་འདི་ལྟར་མཉམ་གཅིག་ཏུ་ཞིབ་འཇུག་དང་རོགས་སྐྱོར་བྱ་འགུལ་ཆེད་ཕྱོགས་བསྐྱོད་བྱེད་ཐུབ་པའི་རེ་བ་ཡོད་པ་ཞིག་ཡིན།

1

རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་སྤེལ་ཐེངས་དང་པོ།


     རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་སྤེལ་ཐེངས་དང་པོ་ནི་སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༦པའི་ཚེས་༡༩ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟངས་དཀར་མགོན་པོས་བཙུགས་པའི་དབང་བོ་སྐྱོན་ཅན་ལོང་བའི་སློབ་གྲྭ་རུ་སྤེལ།
     མགོན་པོའི་གསོ་སྐྱོང་མཛད་བཞིན་པའི་དབང་བོ་སྐྱོན་ཅན་པ་དག་ནི་སི་ཁྲོན་གྱི་རྔ་བ་དང་ཛམ་ཐང་། ཁྱུང་མཆུ། ཁྲོ་ཆུ་སོགས་ནས་ཡོང་བ་ཡིན་ལ། མགོན་པོ་རང་གིས་འཕུར་མཉེད་དང་ཆུང་མས་འོ་ཞོ་བཙོང་བའི་ལག་འབབ་ཕྲན་བུ་དེ་འཇིག་རྟེན་གྱི་དཀར་འོད་མི་མཐོང་བའི་དབང་བོ་སྐྱོན་ཅན་པ་དག་གི་ཟ་འདུག་འགྲོ་གསུམ་སོགས་ཀྱི་འཚོ་བའི་འགྲོ་གྲོན་དུ་གཏོང་བཞིན་ཡོད་པ་ཞིག་ཡིན་སྟབས་དབང་བོ་སྐྱོན་ཅན་གྱི་སློབ་མ་རྣམས་ལ་གཟིགས་ཞིབ་ཏུ་ཕེབས་ཤིང་།

     ཐོག་མར་ཁོང་རྣམས་ཀྱིས་དབང་བོ་སྐྱོན་ཅན་གྱི་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་ཆ་རྐྱེན་དང་ཁོར་ཡུག   བདེ་ཐང་སོགས་ཀྱི་གནས་ཚུལ་ལ་རེ་རེ་བཞིན་གཟིགས་ཞིབ་གནང་ཞིང་རོགས་སྐྱོར་བྱས་པར།  སློབ་མ་རྣམས་ཀྱིས་ཀྱང་ལྷག་བསམ་རྣམ་དག་གི་སྒོ་ནས་དྲི་མེད་ཀྱི་ཁ་བཏགས་ཕུལ་ཏེ་བསུ་མ་བྱས།

2

རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་སྤེལ་ཐེངས་གཉིས་པ།


      རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་སྤེལ་ཐེངས་གཉིས་པ་ནི་སྤྱི་ལོ་༢༠༡༨ལོའི་ཟླ་༦པའི་ཚེས་༢༦ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་གྲོང་ཁུལ་སློབ་ཆུང་དུ་སྤེལ།

 

3

རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་སྤེལ་ཐེངས་གསུམ་པ།

     ༢༠༡༨ལོའི་སྤྱི་ཟླ་༡༠པའི་ཚེས་༢ཉིན་རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རྔ་བ་རྫོང་རྒྱ་ལེབ་ཚང་བཟོ་རིགས་བང་མཛོད་སློབ་གླིང་དུ་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་ཐེངས་གསུམ་པ་སྤེལ།

    སློབ་གྲྭ་འདི་ནི་བཟོ་བ་ལྷག་བསམ་ཅན་སྐྱ་པ་ལགས་ཀྱིས་༢༠༡༣ལོར་རྔ་བ་རྫོང་རྔ་སྟོད་སྒོ་མང་ཡུལ་ཚོའི་ཉེ་འགྲམ་དུ་རྒྱ་ལེབ་ཚང་བཟོ་རིགས་བང་མཛོད་སློབ་གླིང་ཞེས་པ་བཙུགས་ཏེ་བོད་ཁུལ་གྱི་ཕ་མ་མེད་པའི་དྭ་ཕྲུག་དང་སློབ་ཡོན་མེད་པའི་དབུལ་ཁྱིམ་བྱིས་པ་དག་ལ་ཁ་གཏད་དེ་སློབ་མ་སུམ་ཅུ་ལྷག་བསྡུས་ནས་སློབ་ཡོན་སྐར་གང་མ་བླངས་པར་མ་ཟད།

   ལོ་འདི་དག་ལ་ལྷག་བསམ་རྣམ་དག་གིས་བོད་ཁུལ་གྱི་ཕ་མ་མེད་པའི་དྭ་ཕྲུག་དང་སློབ་ཡོན་མེད་པའི་དབུལ་ཁྱིམ་བྱིས་པ་དག་ལ་ཆེད་དམིགས་ཀྱིས་བཟོ་རིགས་ལག་རྩལ་སྣ་ཚོགས་ཁྲིད་དེ་འཚེམ་བཟོ་སོགས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་བྱ་བཞག་གོང་དུ་སྤེལ་བ་དང་།   སློབ་མ་དག་ལ་ཟླ་རེ་བཞིན་སློབ་གླིང་གིས་སྤྱི་ཚོགས་ཀྱི་འཛད་སྤྱོད་པའི་དགོས་མཁོ་བཞིན་རྔུལ་ཆུས་བསྐྲུན་ཡོང་བའི་བཟོ་གླ་རྣམས་འཚོ་བའི་ཁ་སྣོན་དང་བགོ་བཤའ་རྒྱག་བཞིན་འདུག

    ད་དུང་ལོ་རེ་བཞིན་སློབ་མ་བཅོ་ལྔ་ཡས་མས་མཐར་ཕྱིན་ཏེ་རང་རང་གི་ས་གནས་སུ་བཟོ་རིག་དགེ་རྒན་གྱི་ཕྱག་ལས་གནང་མཁན་དང་ཡང་ན་འཚེམ་བཟོའི་ལག་རྩལ་ལ་བརྟེན་ནས་རང་རང་གི་འཚོ་བ་ལ་སྤྲོ་སྐྱིད་ལྡན་པའི་གཏམ་རྒྱུད་མང་བོ་ཡོད།

     དེ་བས་སློབ་གླིང་འདི་ནི་ཕ་མ་མེད་པའི་དྭ་ཕྲུག་གི་ཕ་ཁྱིམ་དྲོན་མོ་ཡིན་ལ་མགོན་སྐྱབས་མེད་པའི་དབུལ་ཁྱིམ་སློབ་མ་དག་ལ་བརྩེ་བའི་གཞིས་ཁྱིམ་དང་བོ་ཡིན།


རོགས་སྐྱོར་དངོས་ཟོག་ཉོ་བཞིན་པ།


རོགས་སྐྱོར་དངོས་ཟོག་ཉོ་བཞིན་པ།


རོགས་སྐྱོར་བརྩེ་བའི་འོད་སྣང་རྔ་བ་རྫོང་བཟོ་རིགས་བང་མཛོད་སློབ་གླིང་དུ་བསྐྱོད་པ།





ཐེངས་འདིའི་སློབ་གླིང་གི་རོགས་སྐྱོར་དངོས་ཟོག


དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་དང་སློབ་གྲྭའི་བྱེད་པོ་བཟོ་བ་སྐྱ་པ་སོགས་ཀྱི་མཉམ་པར།

4

རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་སྤེལ་ཐེངས་བཞི་བ།


     རྔ་བ་རྫོང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས་རོགས་སྐྱོར་བརྩེ་བའི་འོད་སྣང་བྱ་འགུལ་སྤེལ་ཐེངས་བཞི་བ་སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༡༠བའི་ཚེས་༢་ཉིན་རྔ་བ་རྫོང་སྤྱི་ཚོགས་ཕན་བདེ་ཞབས་འདེགས་ལྟེ་གནས་སུ་སྤེལ།

     གནས་འདི་ནི་རྔ་བ་རྫོང་གིས་དབུལ་ཁྱིམ་དང་རྒན་རྒོན་བདག་མེད་སོགས་གཉོར་སྐྱོང་བྱ་སའི་ལྟེ་གནས་གལ་ཆེན་ཞིག་ཡིན་སྟབས།  འདི་ན་ཡོད་པའི་རྒན་རྒོན་བདག་མེད་རྣམས་ལ་ཕྱག་མཆོད་བྱ་སའི་ལྷ་ཁང་དང་མིག་ཡངས་བྱ་སའི་ཁོར་ཡུག་བཟོས་ཡོད་ཀྱང་ཁོ་ཚོའི་སེམས་པ་ཧ་ཅང་ཧྲེང་ཧྲེང་དང་ཁེར་རྐྱང་གིས་སྣང་བས་གང་ཡོད་སྟབས། རྔ་བ་རྫོང་སྲིད་གཞུང་དང་མི་སེར་ལྷག་བསམ་ཅན་སོགས་གཞུང་སྒེར་གཉིས་ནས་རྒྱུན་དུ་དོ་སྣང་བྱ་སའི་གནས་ཤིག་ཡིན།

      ད་དུང་ལོ་ལོན་བདག་མེད་རྣམས་ཀྱི་སྐྲ་སེན་འབྲེག་པ་དང་གོས་ལྭ་འཁྲུད་པ་སོགས་རོགས་སྐྱོར་སྣ་མང་བྱེད་མཁན་ཡང་ཡོད་མྱོང་བར་བཤད་ལ།  ཁོ་ཚོར་མཚོན་ན་རྒྱུ་ནོར་གྱིས་མཚོན་དུ་མེད་པ་ནི་ཤི་ཁའི་བླ་མའི་གསུང་ཆོས་རྟ་རིན་ཞེས་པའི་དཔེ་ལྟར་དད་པས་བསླངས་པའི་བླ་སྤྲུལ་རྣམས་ཀྱི་ཕྱག་དབང་དྲོན་མོ་དང་གསུང་སྐད་ཡིན་པས།   ཐེངས་འདིར་བླ་སྤྲུལ་རྣམས་ཀྱིས་ལོ་ལོན་རྒས་འཁོགས་རྣམས་ལ་རེ་བ་ཆོས་བཞིན་བསྐངས་སྟབས་ལོ་ལོན་བདག་མེད་རྣམས་ཀྱིས་མིག་ནས་མཆི་མ་ཐོན་ཞིང་ངག་ནས་གསོལ་འདེབས་བྱས་ཏེ་རྫོང་དབུལ་སྐྱོར་ལྟེ་གནས་ཀྱི་འགོ་ཁྲིད་ཚེ་རིང་སྐྱིད་དང་སྨན་པ་བློ་ཤེར་སོགས་ཉེ་འཁོར་རྣམས་ཡིད་འགུལ་ཐེབས་པ་བྱུང་ཡོད།


ལོ་ལོན་རྣམས་ལ་ཞལ་བརྡ་གནང་བཞིན་པ།


བཀའ་སློབ་གནང་བཞིན་པ།


བླ་སྤྲུལ་རྣམས་ཀྱིས་ཕྱག་དབང་འཇོག་བཞིན་པ།


དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་དང་དབུལ་སྐྱོར་ལྟེ་གནས་ཀྱི་འགོ་ཁྲིད་མཉམ་པར།


གསར་འགོད་པ།

སྤྱི་གཉེར་བ་ཁཱ་ཤེས་རབ་རྒྱ་མཚོ།

དྲུང་ཡིག་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
khan བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12424571
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号