སྲོད་ལ་སྨྲེང་གཞས་འཐེན་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 12 ཚེས 12 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »སྲོད་ལ་སྨྲེང་གཞས་འཐེན་པ།
སྲོད་ལ་སྨྲེང་གཞས་འཐེན་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/10/11ལྟ་ཀློག (528)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྲོད་ལ་སྨྲེང་གཞས་འཐེན་པ།

རྫ་བསོ།

སྟོན་རླུང་བསིལ་བསིལ་གཡུག་དུས་ཡུལ་ལ་མ་ལོག།
ནམ་ཟླའི་དྲོ་འཁྱག་བསམས་ནས་མོན་ལ་མ་འཕུར། །
དཔུང་རྗེན་རས་གཟན་ཐོགས་པའི་ང་ཡི་སེམས་ལ། །
ཕ་ཡུལ་སྐྱིད་པའི་ན་གཞུང་ཡིད་ལ་འཆར་ཡོང་། །

 

སྟོན་ནུབ་ཁུག་པ་བཅོ་བརྒྱད་རིང་འདུག་མ་གསུངས། །
སེམས་ཀྱི་ཤེལ་སྒོ་དོག་མོའི་སྒེའུ་ཡོལ་ཕྱེས་དང་། །
རྨི་ལམ་རི་ནས་བོར་བའི་གཡུ་ཆུང་དྲུག་དཀར།
རླུང་དང་ཙག་གིས་ཟོས་པའི་སྐེ་རུ་འདོགས་ཆོག །

 

གཏན་ཚིགས་ཟ་ཟིར་མང་པོའི་ཚིག་སྐམ་མ་ཟློས། །
གློ་བུར་ལྗོན་པའི་ཡལ་ག་འཐོར་ནོ་ལྟོས་དང་། །
ལང་ཚོ་སྣ་མའི་མེ་ཏོག་སད་ཀྱིས་ཁྱེར་ཉིན། །
སྨྲེང་བའི་སེམས་ཁྲལ་གཉོམ་པོའི་ལྕོགས་ས་རེད་དམ། །

 

སྤྲིན་པ་ཁེར་བཞུད་བཞིན་དུ་ནམ་ཞིག་འཆི་ན། །
ལྡོག་མེད་ལས་ཀྱི་རླུང་བུའི་རྗེས་སུ་དེད་ན། །
ན་ཆུང་སྣང་བའི་གར་འདི་རྩེད་མཚམས་འཇོག་ཉིན། །
མི་ཕྱེད་བརྩེ་བའི་ཕྱི་ཐག་ཆོད་ས་རེད་དམ། །

 

འཁོར་བའི་གཤིས་ལ་གྱ་གྱུའི་རི་མོ་མང་ཡང་། །
སྣང་བའི་རྟོགས་ཚོགས་དབྱར་གྱི་གནམ་ངོ་ཡིན་པའི། །
འཇའ་ཡི་ཁ་དོག་ལྟ་བུའི་གཞོན་པའི་སྣང་བ། །
འདུ་འབྲལ་ལས་ཀྱི་ཟམ་ཁའི་སོ་སོར་གྱེས་འགྲོ །

                                    20 18 9 9

རླུང་བུ།

                                                      

སྟོང་བའི་བྲག་ཕུག་ལ་དགྱེས་ཤིང་རོལ་ན། །
མི་ལ་རས་པ་དེ་སེམས་ཉིད་མཁན་པོ། །
འཁོར་བའི་རི་ཟུར་ནས་མགུར་གླུ་ཐོས་ན། །
ཚངས་དབྱངས་རྒྱ་མཚོ་ཁོང་ངམ་ངམ་དྲན་འོང་། །

 

དགུན་འཁྱག་ཙག་རླུང་འདི་འགུལ་ཤུགས་ཆེ་སོང་། །
ཆུ་མོ་ཤང་ཤང་དེ་འཁྱག་གིས་བསྡམས་སོང་། །
ཉ་མོ་ཆུང་ཆུང་དེའི་འགྲོ་འདུག་བཀག་ནས། །
སྐྱོ་མིག་མེར་མེར་དེ་ཕྱི་ལ་མངོན་འདུག །

 

རླུང་བུ་རྒྱུ་ཕྱོགས་དེ་ཡག་སྣང་ཤར་ནས། །
སྐྲ་ལོ་ཤིག་ཤིག་དེ་ཕྱུག་བཞིན་ཆེས་འདོད། །
སྡོང་ལོ་འུར་འུར་ངང་རླུང་གིས་སྤུར་དུས། །
ལོ་ཆུང་དྭངས་གཙང་གི་བྱིས་བློ་བཅོམ་སོང་། །

 

སྲོད་ཁར་བྱེའུའི་དག་ཚང་དུ་འཕུར་ནས། །
ལྷིང་འཇགས་ལྗོན་པ་ཚོའི་ངོགས་སུ་ཡིབ་འགྲོ །
གྲང་འཁྱག་ལུས་ཟུང་ལ་ཟུག་པའི་ན་ཟུག །
སྐྱོ་བའི་མཆི་མ་དང་ལྷན་དུ་མིད་འགྲོ །

                                    20 18 10 9


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མྱིའུ། སྤེལ་དུས:2018/10/1
ཧ་ཅང་སྙན་སོང་། གྲོགས་པོ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12775707
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号