ཞི་བདེ་དང་ཕུགས་བསམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཞི་བདེ་དང་ཕུགས་བསམ།
ཞི་བདེ་དང་ཕུགས་བསམ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/10/12ལྟ་ཀློག (3486)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་བདེ་དང་ཕུགས་བསམ།


མཁར་སྤྲུལ་མིང་བ་བཀྲ་ཤིས་དོན་གོ

      སྤྱིར་འཛམ་གླིང་གི་འགྲོ་མི་སུ་ཡིན་ཡང་།  འཛམ་གླིང་ཞི་བདེ་ཞེས་ངག་ནས་གླེང་གིན་ཡོད་པ་རེད།  ཞི་བདེ་ཞེས་པ་འདི་ནི། ངག་ནས་གླེང་ཙམ་གྱིས་འཐོབ་འོང་བ་ཞིག་ཡེ་ནས་མིན་པར།  ང་ཚོ་མི་སྒེར་སོ་སོའི་ཕན་ཚུན་བསམ་ཤེས་དང་བཟོད་པ།  དཀྱེལ་ཡངས་དང་མཉམ་གནས།  བྱམས་བརྩེ་དང་སྙིང་རྗེ། ལས་འབྲས་དང་བདེན་པ།   འཚོ་གནས་དང་ཁེ་དབང་། རང་དབང་དང་འདྲ་མཉམ།    དེ་ཡང་མི་དང་མིའི་བར། མི་དང་སྲོག་ཆགས་བར།  མི་དང་ཁོར་ཡུག་བར།  མདོར་ན་རང་གཞན་གཉིས་ཕན་གྱི་ལམ་ཡང་དག་པ་ཞིག་འཐོབ་ཆེད་ཧུར་བརྩོན་དང་ཉམས་ལེན་མཛད་རྒྱུ་ཧ་ཅང་ནས་གལ་ཆེ།

      མི་ཞིག་ལ་མཚོན་ན།  སྤྱི་སེམས་རྒྱ་ཇི་ལྟར་ཆེ་ན་དེ་ལྟར་ཁྱེད་ལ་བདེ་སྐྱིད་དང་དགའ་སྤྲོ། ནུས་པ་དང་འཇོན་ཐང་།   གཟི་བརྗིད་དང་དགེ་མཚན་སོགས་ཀྱིས་བརྒྱན་སྲིད་པས།   འདས་མ་ད་གསུམ་གང་གི་སྐབས་ཡིན་ཡང་། རང་གཅིག་པུ་ལས་བསམ་རྒྱུ་མེད་མཁན་ཞིག་བཟོ་སྐྲུན་མི་བྱེད་པར། རང་ལས་གཞན་དག་གལ་ཆེན་ནམ་མཐོང་ཆེན་དུ་བརྩི་མཁན་གྱི་མི་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་དང་ནུས་པ་བླ་ལྷག་གདོན་རྒྱུ་དེ་བས་ཀྱང་གཙིགས་ཆེན་དུ་མཐོང་།


       ང་ཚོ་སུ་ཡིན་ཡང་།  དམིགས་ཡུལ་དང་ཕུགས་བསམ་རེ་ཡོད་པའང་གཤིས་སུ་གྲུབ། འོན་ཏང་།  ཕུགས་བསམ་དེ་མངོན་དུ་འགྱུར་མིན་རང་ཉིད་ཀྱི་ཤེས་རབ་དང་ནུས་པ། འཇོན་ཐང་དང་བསམ་བློ་སོགས་ལ་ལྟོས་པ་ཤུགས་ཆེ་བས།   ཐབས་ཤེས་ཟུང་གི་ལམ་ནས་ཇི་ལྟར་བགྲོད་ཚེ་ད་གཟོད་རེ་འབྲས་དོན་སྨིན་འབྱུང་བ་སོགས་ལ་ཞིབ་ཀྱང་ཕྲ་བའི་སྒོ་ནས་དཔྱད་རྒྱུ་དང་།  མཁས་པ་དང་ཉམས་མྱོང་ཅན་དག་ལ་བློ་འདྲི་རྒྱུ་ཧ་ཅང་གལ།  སྣ་གཅིག་ལ་མཁས་པ་ཙམ་གྱིས་ཐམས་ཅད་འཇོན་དཀའ་བས།  ཉམས་མྱོང་དེ་བས་ཀྱང་འགང་ཆེན་ཡིན་སྟབས་ཉམས་མྱོང་བསག་རྒྱུ་གལ་ཆེན་འགང་ཆེན་ཡིན།

      མཁས་འཇོན་གཉིས་ལྡན་གྱི་སྐྱེས་བུ་དག་ལ་གུས་ཞབས་དང་།   དམ་པ་ཁོང་ཚོའི་གཞན་ཕན་གྱི་ཕྱག་ལས་གནང་བ་དག་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་བྱེད་རྒྱུ་འུ་ཅག་གི་འགན་ཁུར་ཡིན།   རང་གིས་མ་འཇོན་པ་རྒྱུ་མཚན་དུ་བྱས་ནས་གཞན་དམ་པ་ཚོ་ལ་སྒྲོ་བཏགས་དང་དཀྲོག་གཏམ། ངན་སྨོད་དང་ཕྲག་དོག་སོག་སོགས་སྤེལ་བ་ནི་རྒྱུ་མཚན་མ་ཤེས་པའི་བྱིས་པ་བསམ་མེད་ཅིག་ལས་མ་འདས།   ང་ཚོ་ལ་ཞི་བདེའི་ཁོར་ཡུག་ཅིག་འཐོབ་པའི་ཕུགས་བསམ་ཡོད་ན།   སྒེར་ཕན་དོར་ནས་སྤྱི་ཕན་བསམ་རྒྱུ་དང་།  གནས་སྐབས་ལས་མཐར་གཏུག་ལ་དམིགས་རྒྱུ།   འདི་ནས་མ་འོངས་པར་དྲན་རྒྱུ་ཧ་ཅང་གལ་ཆེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41154108
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1