གང་ཤར་མགུར་དུ་གྱེར་བའི་ཀ་ཕྲེང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »གང་ཤར་མགུར་དུ་གྱེར་བའི་ཀ་ཕྲེང་།
གང་ཤར་མགུར་དུ་གྱེར་བའི་ཀ་ཕྲེང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/11/5ལྟ་ཀློག (2829)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གང་ཤར་མགུར་དུ་གྱེར་བའི་ཀ་ཕྲེང་།


དགེ་རྒན་དཀོན་སེང་།


ཀ་མད་སུམ་ཅུའི་སྦྱོར་ཀློག་དག་མོ་ཞིག་མི་ཤེས།།
ཁ་བའི་ལ་རྒྱ་གླེང་བ་ཚིག་སྟོང་རང་ཡིན་པས།།
ག་བུར་བཞིན་དུ་ཕན་པའི་སེམས་ཤུགས་དེ་ཡོད་ན།།
ང་ཚོའི་སྐད་ཡིག་ནོར་ལ་བདག་པོ་རང་རྒྱགས་རོགས།།


ཅ་ཅོ་དོན་མེད་གཏམ་གྱིས་ཉིན་མཚན་དེ་མ་སྐྱེལ།།
ཆ་རྒྱུས་ཡོད་མེད་རིག་གནས་མཐའ་དག་ལ་སློབ་དང་།།
ཇ་རོ་ལྟ་བུའི་རྗེས་ལུས་འདམ་ཉོག་ལས་ཐར་ཏེ།།
ཉ་བཞིན་རིག་པའི་འཁྱུག་རྩལ་དབང་མེད་དུ་རྒྱས་ཡོང་།།


ཏ་ལེན་ཕྲག་ཏུ་ཐོགས་ཏེ་རོང་འབྲོག་གི་གྲོང་ལ།།
ཐ་ཆད་གྲོང་ཆོག་གཅིག་བུས་མི་ཚེ་དེ་ཟད་ན།།
ད་ལྟའི་མི་རབས་འདི་ཡི་རྐང་རྗེས་ཀྱང་མི་ཟིན།།
ན་སོ་རྒས་པའི་དུས་སུ་འགྱོད་གདུང་གིས་མནར་འགྲོ།།


པ་སངས་ལྟ་བུའི་སེམས་ལ་རུས་པ་ཞིག་ཡོད་ན།།
ཕ་མའི་རེ་བཞག་ཐམས་ཅད་སྟོང་ཟད་དུ་མ་གཏོང་།།
བ་མ་བོད་ལ་ཕན་པའི་རང་གཞན་གྱི་དོན་དག།
མ་ལུས་འེ་འགྲུབ་ཆེད་དུ་བརྩོན་པ་དེ་སྐྱེད་ཅིག།


ཙ་ཙིག་ཤེས་ཡོན་འབྱོར་ཕྱིར་རྒྱང་རིང་གི་ཡུལ་ནས།།
ཚ་གྲང་དཀའ་སྡུག་ཐམས་ཅད་ཁྱད་དུ་རང་ཟད་དེ།།
ཛ་ཡི་རང་རོགས་ཐམས་ཅད་བདེ་སྐྱིད་ཀྱི་དོན་དུ།།
ཝ་ལེར་མནོ་བསམ་ཞིབ་མོས་ལས་དོན་དེ་སྒྲུབས་ཤིག།


ཞྭ་སེར་བསྟན་པ་འཛིན་པའི་བཞུགས་གྲལ་དུ་འཚང་ནས།།
ཟ་ཆོག་ཁོ་ན་སྙེག་པའི་འགྲོ་ལམ་དེ་ནོར་འདུག།
འ་ཅག་སྐྱེས་བུ་དམ་པའི་མཛད་རྣམ་ལ་གཟིགས་དང་།།
ཡ་མཚན་ཕེབས་ལུགས་བཞུགས་སྟངས་མིག་ལམ་དུ་མཐོང་ངེས།།


ར་བ་གངས་ཀྱིས་བསྐོར་བའི་ཞིང་ཁམས་སུ་སྐྱེས་པས།།
ལ་ལུང་ཆོལ་ཁའི་ཕྱོགས་ཞེན་རྩོད་ཉོག་དེ་མ་སློང་།།
ཤ་རུས་གཅིག་ལས་མཆེད་པའི་མཐུན་ལམ་གྱིས་འབྲེལ་བཞིན།།
ས་སྟེང་སྐྱིད་སྡུག་མཉམ་མྱོང་ཆོད་སེམས་ཤིག་བསྐྱེད་ཅིག།


ཧ་ཅང་སྙན་པའི་ཚིག་སྦྱོར་འགྱུར་ཉམས་དེ་མེད་ཀྱང་།།
ཧ་ལམ་བདེན་པའི་གཏམ་གྱི་ཀ་རྩོམ་གྱི་ཕྲེང་བ།།
ཨ་ཁུ་དཀོན་སེང་ཁོ་བོས་སོར་རྩེ་ཡིས་བཏེགས་ནས།།
ཨ་ལ་ཆོས་གྲོགས་རྣམས་ཀྱི་དགའ་སྟོན་དུ་སྦྲིངས་སོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི སྤེལ་དུས:2019/9/7
ཅི་མ་བདེན།རྗེས་སུ་ཡི་རང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41338560
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1