མགར་ཐང་དཀར་གྱི་སྙན་དེབ་ལམ་འགྲོ་བ་དྲ་ལམ་དུ་བཀྲམས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 17 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »མགར་ཐང་དཀར་གྱི་སྙན་དེབ་ལམ་འགྲོ་བ་དྲ་ལམ་དུ་བཀྲམས་པ།
མགར་ཐང་དཀར་གྱི་སྙན་དེབ་ལམ་འགྲོ་བ་དྲ་ལམ་དུ་བཀྲམས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/11/7ལྟ་ཀློག (636)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དཀར་ཆག

(目录)

རང་མོས་ཐག་དྲུད་མ།
ལམ་འགྲོ་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཤིས་གླུ་སྤྲིན་གྱི་རོལ་མོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
རྟ་ཕོ་རྐྱང་ཁྲའི་ལས་དབང་གི་སྨྲེང་འདུར་་་་་་་་་་་་་་།
ངས་བྲང་གཞུང་གི་བརླན་སར་འཇུས་པའི་ཁ་བ་ལྷ་མོ་་་་་་་།
དྲན་པ་འཐོར་བའི་སྒལ་ཚིགས་་་་་་་་་་་་་་་་་་་་་་་་་་་་་།
རྫ་ཁྲ་ཡག་གི་སྨྲེང་གླུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གངས་ཁྲོད་ཀྱི་རོལ་དབྱངས་་་་་་་་་་་་་་་་་་་་་་་་་་་་་་་་།
མེས་པོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སྐྲ་ལོ་རླུང་ལ་མ་གཟད་ཨ་མའི་བུ་་་་་་་་་་་་་་་་་་་་་།
མཛའ་གཞས་རི་ནས་འཐེན་པའི་འབྲོག་མོ་་་་་་་།
ས་ཆེན་ལ་འབྱར་བའི་སྙིང་གསོན་པོ་ཞིག་་་་་་་་།
དྲན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
འཁོར་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ས་མཐའི་མིག་ཆུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གཞས་ཚིག་ཚོར་འདྲུད་མ།
བཙན་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སྣང་བ་ཨ་འགྲིག་ཡང་འགྲིག་་་་་་་་་་་་་་་་་་་་་་་་་་་།
བྱམས་པ་བློ་དཀར་སེམས་དཀར་་་་་་་་་་་་་་་་་་་་་་།
སེམས་སོང་གི་མི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སེམས་ཀྱི་ན་ཟུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ལ་གཞས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཕ་ཡུལ་དྲན་པའི་ཞོགས་གླུ་་་་་་་་་་་་་་་་་་་་་་་་་་་་་་་་་།
སྲོལ་རྒྱུན་གསེར་རྐང་མ།

སྲིད་པའི་མིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སེམས་ཟུང་གི་བརྡ་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཉི་མའི་བུ་རྒྱུད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
རྒྱང་རིང་གི་སེམས་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སྙན་ངག་གི་ཟིལ་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གངས་ལ་བསྐྱོན་པའི་དབྱངས་་་་་་་་་་་་་་་་་་་་་་་་་་་་་་་།
ཁེར་རྐྱང་གི་སྒྲུང་།
ཐོབ་ཤོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ལྷུག་རྩོམ་ཉག་རིང་མ།
རྒྱང་རིང་མིག་གི་འཚོས་བའི་ལམ་འགྲོ་བ་་་་་་་་་་་་་།
རྒྱ་སྙན་གཤོག་ཐོགས་མ།
汉诗耽搁翅膀
我的柴大木学院
黑暗中的我
什么叫做担心
人间的天堂
宪法在我心中
纯净的论藏


རྩོམ་པ་པོ།  མགར་ཐང་དཀར།


ལམ་འགྲོ་བ།

སྤྱི་ཚོགས་ཀྱི་གྲུ་ག་ཞིག་ན།

རང་ཉིད་ཀྱི་ཁུ་ཚུར་ལྡག་པའི་མི་ཞིག་ཡོད།

དེ་ནི་ང་ཡིན།

སྙན་ངག་གི་མཚོ་ནང་ན།

གཞན་ཕན་ལ་ཐ་སྙད་འབུལ་བའི་མི་ཞིག་ཡོད།

དེ་ནི་སྙན་ངག་པ།

ཚོར་བ་ཡི་རླབས་གསེང་ན།

ཐ་སྙད་ཀྱི་རྣམ་ཤེས་འཚོལ་བའི་མི་ཞིག་ཡོད།

དེ་ནི་ལམ་འགྲོ་བ།

ལམ་འགྲོ་བའི་ངལ་དུབ་ཁྲོད་ནས།

ངས་རང་ཉིད་ཀྱི་ཕྲག་དོག་མཐོང་སོང་།

ད་དུང་།

ངས་རང་ཉིད་ཀྱི་ཧམ་སེམས་མཐོང་སོང་།

ཧམ་སེམས་ཀྱི་རལ་གྲི་ཕྲག་པར་ཁུར་བའི་ང་རང་།

དོ་ནུབ་ནི་སྨུག་ནག་གི་ལྭ་བ་གྱོན་ཏེ་དགོད།

ཡིན་ཏེ།

ལམ་འགྲོ་བ།

ཁྱོད་ཀྱི་འཛུམ་མདངས་རེ་རེ།

ངའི་སྙན་ངག་གི་བརྗོད་བྱ་ཡིན་ལ།

ཁྱོད་ཀྱི་རྐང་རྗེས་རེ་རེ།

ངས་ལྡོག་ལམ་གྱི་གློག་འོད་ཡིན་ལགས།

ལམ་འགྲོ་བ།

ཞེན་ཆགས་སའི་མིང་ཚིག་ཅིག

བློར་བབས་པའི་མིང་ཚིག་ཅིག

གང་ལྟར་ཁྱོད་ངས་སྙན་ངག་གི་བརྗོད་བྱ་ཡིན་འདུག།

སྤྱི་ཟླ་ཚེས་བཟང་ལ།

 ཤིས་གླུ་སྤྲིན་གྱི་རོལ་མོ།


གྲོང་གསེབ་ཀྱི་གསར་བུ་ཁེར་རྐྱང་ཞིག་གིས།

རྒྱལ་ཁམས་ཉུལ་འདོད་ཀྱི་ཚོར་བའི་ཐ་སྙད་ཀྱི་ཤིས་ཚིག་བཞེངས།

བྲག་དམར་གྱི་རྒོད་པོ་ཁེར་འཕུར་ཞིག་གིས།

ནམ་འཕང་སྟོད་ཀྱི་གཤོག་པའི་རླུང་ནག་གི་འཚུབ་མ་བསྐོར།

འོན་ཏེ།

དྲན་པའི་བང་རིམ་གྱི་ཐེམས་པ་མི་གཅིག་པའི་དྲན་ཤིང་ཞིག་གིས།

ཁྲི་ཤོར་རྒྱལ་མོའི་མཛེས་ལྗོངས་ཉིད་གླུ་རུ་ཁུར་ནས་ཡོད།

ཇོ་མོ་གླིང་མའི་རི་རྩེ་ཡི་སྨུག་སྤྲིན་ཉིད་ཁད་ཀྱིས་བཅད་བཞག

ཁུ་སིམ་ལ་བློ་རྩེ་ཕྱོགས་ས་ན་ཤིས་གླུ་ཡི་ཚིག་འབྲུ་རྡོག་གཅིག་མི་འདུག

སྤྲིན་དཀར་དང་རོལ་མོ་བསྙེག་ས་ན་གྲང་རག་དང་ཨམ་གཙིགས་ཙམ་ལས་མེད།

ཁ་སང་ཐོས་པའི་གླུ་ཆུང་དེ་སྨུག་ནག་གི་ཡོལ་བས་བསྒྲིབ་སྲིད་ན།

ངས་སྨུག་ལུང་དེ་ལག་པའི་འཛིན་སྲིད།

དེ་རིང་མཐོང་བའི་སྤྲིན་པ་དེ་རླུང་གིས་འཚུབ་མའི་འཇོམ་སྲིད་ན།

ངས་རླུང་ནག་དེ་ཧུབ་ཀྱིས་འཇུབ་སྲིད།

སང་ཉིན་རེ་བའི་རོལ་མོ་དེ་རྣོ་ལྡན་གྱི་རལ་གྲིའི་གཅོད་སྲིད་ན།

ངས་རལ་གྲི་དེར་ལག་ཟུང་འཇུ་སྲིད།

ཡིན་སྲིད།

ཤིས་གླུ་སྤྲིན་གྱི་རོལ་མོ།

མཁའ་དབྱིངས་སུ་དབྱངས་ཀྱི་དབུ་ཁྱུད་འབྲི་རོགས།

རྒྱལ་ཁམས་ལ་གདངས་ཀྱི་ཨ་ལན་གནང་རོགས།

ཁྱེད་ཀྱི་གདངས་དབྱངས་མ་ཐོས་པའི་སེམས་པ་རེ་རེས།

རང་ཉིད་ཀྱི་མིག་ཆུར་ཕྲག་དོག་བྱེད་པར་གདའ།

ཁྱེད་ཀྱི་ནམ་མཁའ་མ་མཐོང་བའི་འཚོ་བ་རེ་རེས།

རང་ཉིད་ཀྱི་ནམ་མཁར་མཛུམ་མོ་ཀེར་བཞིན་ངུ་།

གླུ་ཆུང་དང་རོལ་མོ་ཡ།

སྤྲིན་པ་དང་ནམ་མཁའ་ཡ།

མཚོ་ཆེན་གྱི་བྲང་གཞུང་ན་ཁྱེད་ལ་ཀེར་བའི་མཛུམ་མོ་ཡོད།

རི་ཆེན་གྱི་ལྟེམས་ཁུགས་སུ་ཁྱེད་ལ་བསྐུར་བའི་ངུ་འབོད་ཀྱི་འབོད་པ་ཡོད།

ཤིས་གླུ་སྤྲིན་གྱི་རོལ་མོ།

ཕྱིར་མི་ཡུལ་ལ་དཀྲོལ་ཤོག

མི་ཡུལ་གྱི་རྣམ་ཤེས་ཚོར་བར་དཀྲོལ་ཤོག

ལྷ་ཡུལ་གྱི་ནམ་མཁའ་མི་ཡུལ་གྱི་འཚོ་བར་དཀྲོལ་ཤོག

༢༠༡༨.༡༠.༢༢

 

རྟ་ཕོ་རྐྱང་ཁྲའི་ལས་དབང་གི་སྨྲེང་འདུར།


ནམ་ཞིག་བོད་པ་གང་དེའི་ཐག་སྣེར་འབྲངས་པའི་ང་ཡི་རྟ་ཕོ་རྐྱང་ཁྲ།

དྲན་པའི་ཁབ་མིག་སྟོང་གི་འཚོ་བར་ཁྱོད་ཀྱི་རྟོད་ཐག་འདྲུད་མྱོང་ངམ།

ལེ་བར་གཞལ་དུ་བྲལ་བའི་སྤང་ངོར་ཁྱོད་ཀྱི་རྨུག་རྗེས་བཞག་མྱོང་ངམ།

མྱོང་སྟེ།

ཁྱོད་ཀྱི་རྔུལ་ཆུས་ས་ཆེན་ཨ་མའི་བྲང་གཞུང་བརླན་པར་བཏང་མྱོང་ལ།

ཁྱོད་ཀྱི་འཚེར་སྒྲའི་སྦྲ་ཁྱིམ་དུད་དྲེག་ཅན་ཚང་གཉིད་ལས་དཀྲོགས་མྱོང་།

དེ་དུས་སུ།

བོད་པ་སུ་ཞིག་གིས་རྟ་ཕོ་སྲུང་འཁོར་དུ་བཏགས་བཞག

དེ་དུས་སུ།

ཁྲོམ་ཆེན་གང་ཞིག་ནས་རྟ་ཕོ་ལྷ་བསང་དུ་བསྟད་བཞག

ཚད་དུ་མི་ལོངས་བའི་བགྲང་བྱ་རེ་རེར།

ངས་ཁྱོད་ཀྱི་གཏམ་རྒྱུད་མཐའ་དག་སྒྲུང་དུ་བཞེངས་ག་ལ་ཐུབ།

ང་ཡི་རྟ་ཕོ་རྐྱང་ཁྲ།

ད་ནི་ཞོགས་ཉིའི་རྟོད་ཐག་དྲུད་དེ་ཕེབས་ཤོག

བདག་གི་དྲན་པའི་སྤང་ཐང་དུ་ཕེབས་ཤོག

སྤང་འདི་ན་ཁྱོད་ཀྱི་འཚོ་བར་མེ་ཏོག་གི་དབུ་ཁྱུད་བྲི་ས་ཡོད།

སྤང་འདི་ན་ཁྱོད་ཀྱི་དབང་བོར་རང་དབང་གི་དགྱེས་འཛུམ་སྟེར་ས་ཡོད།

བོད་པ་གང་དེའི་ལྕག་ཡོགས་ནས་ཐར་བའི་ང་ཡི་རྟ་ཕོ་རྐྱང་ཁྲ།

དོ་ནུབ་ལོ་ཟླའི་རྒས་གཉེར་ཡོད་ཚད་བསུབ་རན་སོང་བ་ཁྱོད་ཀྱིས་ཨེ་ཚོར།

ལོ་རབས་བརྒྱད་ཅུའི་འཕྲེང་ནས་དུས་རབས་ཉེར་གཅིག་གི་ལམ་བར་གོམ་ལག་བསྒྱུར་བའི་རྟ་ཕོ།

མདང་ནུབ་ཀྱི་ལྕག་ཚན་དེ་དག་དེ་རིང་བོད་པ་གང་དེའི་འགྱོད་གདུང་གི་གྱེས་ཕྱག་བྱས་ན་ཅི་ལ་མི་ཆོག

རྔུལ་ཆུའི་ཐེམས་པ་དྲུད་པས་ང་ཡི་རྟ་ཕོ་རྐྱང་ཁྲ།

ཕྱིར་ལ་ཕེབས་ཤོག

ཇོ་མོ་གླིང་མའི་འཕྲེད་མཚམས་ནས་ཁྲི་ཤོར་རྒྱལ་མོའི་མཚོ་སྙིང་གཏུབ་བཞིན་བདག་སེམས་ཀྱི་སྤང་ཐང་ལ་ཕེབས་ཤོག།

འཚོ་བའི་ཚི་དྲེག་གི་མནར་བའི་ང་ཡི་རྟ་ཕོ་རྐྱང་ཁྲ།

སྐབས་དང་སྐབས་འདི་རུ།

སྦྲ་ཁྱིམ་གང་དེའི་ལོ་རྒྱུས་ཀྱི་རྨོངས་བ་འདིར་འཁང་དང་ལས་བདའ་མ་བྱེད།

འབྲོག་པ་གང་དེའི་གློའུ་ཚུགས་ཀྱི་ཞེན་སྣང་འདིར་རྨུག་བརྫུས་མ་གཏོང་།

ང་ཡི་འཚོ་བའི་གྲུ་ཟུར་ན་ཤུགས་ཀྱིས་འཚེར་བའི་རྟ་ཕོ་རྐྱང་ཁྲ།

མདོར་ན་ཁྱོད་དང་ཁྱོད་ཀྱི་རིགས་ཁྱུ་ཕྱོར་བོ་དེ་དག་ངའི་དྲན་པ་དང་ཚོར་བས་བརྡུངས་པའི་སྤང་གཞུང་དུ་ཕེབས་ཤོག

མྱུར་བར།

རྟོད་ཐག་རྨང་ནས་ཆོད་དེ་ཕེབས་ཤོག་ཡ།

༢༠༡༨.༦.༢༡ཉིན་གྱི་ཉིན་གུང་སྐྱེས་རིའི་འགྲམ་དུ།

 

ངས་བྲང་གཞུང་གི་བརླན་སར་འཇུས་བའི་ཁ་བ་ལྷ་མོ།


ལོ་ཟླའི་མཁུར་ཚོས་སྒུལ་བའི་དུས་ཀྱི་འགྱུར་བག་ཁྲོད་དུ།

ཁྱོད་ཀྱིས་གླེང་མྱོང་བ་མཐའ་དག་ངའི་རུམ་ཁུང་ཏུ་བཅུག་ཡོད།

སྦྱངས་འབྲས་ཀྱི་འཁུན་སྒྲ་བྲག་ལ་འཇུས་བའི་དོ་ནུབ།

ཁྱོད་ཀྱི་དྲན་བཞིན་པ་མཐའ་དག་ངའི་ཟིན་བྲིར་བཀོད་ཡོད།

ཝ་ཡེ།    ཁ་བ་ལྷ་མོ།

རྒྱུན་པར་ཧབ་ཆར་དགའ་བའི་ཁྱོད་རང་།

དོ་ནུབ་ངའི་དྲན་པའི་ཟབ་ས་ན་ཡོད་ཁུ།

རུས་རྐང་གི་གཏིང་རིམ་ན་ཡོད་ཁུ།

དགའ་དུང་གི་ལྟེབ་ཁུགས་ན་ཡོད་ཁུ།

རེད་དེ།

ཁྱོད་ཀྱི་སྨྲ་ལྕེ་ལས་འཁྲུངས་བའི་ལྷག་བསམ་གྱི་འོ་དྲི་ཞིམ་པོ་དེ།

ས་ཆེན་འདིའི་བྲང་གཞུང་ནས་བཞུར་ཏེ་ལོ་ཟླའི་དུངས་བར་འཁྱིལ་ན་ཅི་མ་རུང་།

མ་ཡུམ་དེའི་སྒོ་གླེགས་ནས་བཞུད་དེ་ངའི་འཚོ་བར་གླན་ན་ཅི་རུང་།

ཝ་ཡེ།     ཁ་བ་ལྷ་མོ།

ཁྱོད་རྒྱུན་པར་ཁ་མཚར་ལ་དགའ་དྲགས་པས།

མདང་ནུབ་ངའི་རྨི་ལམ་ཏུ་ཁྱོད་ཀྱི་རྒྱབ་གཟུགས་འཁོར་ཐལ།

སློབ་རའི་ཧྲག་བར་ནས་མཆོངས་པའི་ཁྱོད་དང་ངའི་སྙིང་གཏམ་གྱི<爱心><Live>འཁོར་ཐལ།

དེ་དུས་སུ།  སེམས་ཀྱི་རྟ་ཕོ་རི་ལ་བྲོས་ཐལ།

རྟ་ཕོའི་ཁ་རྔོགས་ནས་རླངས་པའི་མཁར་རྫོང་བརྩིགས་ཐལ།

ཡངས་པོའི་ནམ་མཁར་སྤྲིན་པས་སྒྲོག་གུ་སྤད་ཐལ།

གང་ལྟར།   མཐའ་དག་ཁྱོད་དང་ངའི་ལོ་ཟླ་ཡིན་པ་འདྲ།

ལོ་ཟླའི་ཕགས་ཀྱི་ཁྱོད་ཀྱི་རང་གཤིས་ཡིན་པར་སེམས།

སྣང་བའི་ཕར་རྒྱབ་ན་ཁུ་སིམ་མེར་བཞད་པའི་གཤིས་བཟང་གི་ཁ་བ་ལྷ་མོ།

འཛུམ་གྱི་པདྨ་ཆིལ་ལེར་གང་ན་ཡོད།

སྣང་བའི་སྟ་གོན་ཤལ་ལེར་གང་ན་ཡོད།

དོ་ནུབ་ངའི་དྲན་པར་སྒལ་ཚིགས་སྟོང་བ་འདྲ།

ད་རེ་ངའི་ཁྲག་རྩར་དྲོད་ཁོལ་སྟོངས་འདྲ།

ཝ་ཡེ།  ཁ་བ་ལྷ་མོ།

ཁྱོད་རང་ཁ་སང་གི་མ་ཡུམ་དང་གྱེས་ནའང་།

ངའི་ཁྱོད་དང་ཁྱོད་ཀྱི་དྲན་པར་གུས་འདུལ་ཞུ།

ཝ་ཡེ།     ཝ་ཡེ།

བདག་གི་ལང་ཚོ་འདིའི་ཧྲག་བར་སོ་སོ་ནས

དུངས་བ་སྣུམ་དྲི་ཅན་པོ་དེ་མ་ལྷོད་ཨང་།

 

སྤྱི་ཟླ་ཚེས་འགྲིག་གི་དུངས་པའི་ལར་ནས་སྦྱར།

 

དྲན་པ་འཐོར་བའི་སྒལ་ཚིགས།


ལས་དབང་།

དྲན་པ་འཐོར་ཏེ་ཉི་ཟླའི་པང་ཁུགས་སུ་སྐྱོམས་པའི་ཟོ་ཆེན་གྱི་འཁོར་ལོ།

ཤི་གསོན་གང་ཡང་མི་ཤེས་བའི་དགའ་དུང་གི་བཟི་ཁ་བཙན་པོ།

སུ་ཞིག་གི་ཆེད་དུ་དམྱལ་བའི་ཁྲོ་ཞབས་དུ་ལྷུང་སོང་ངམ།

འདི་ལྟར་རང་ཉིད་ཀྱི་རང་ཉིད་ལ་དྲི་བ་དྲིས།

དེ་ལྟར་རང་ཉིད་ཀྱི་རང་ཉིད་ལ་ལན་པ་སྤྲད།

སྟོང་འདང་རྐྱང་རྐྱང་གི་ཞོར་ཏུ་ཕྱིར་འདང་རེ་བརྒྱབ་ན།

ངས་རང་ཉིད་ཀྱི་ཆེས་སྙི་བའི་རྨི་ལམ་གྱི་གཤིན་ས་རུ་གཉིད་ཡོད་པ་ཚོར།

ངས་རང་ཉིད་ཀྱི་ཆེས་ཞིམ་པའི་བརྩེ་དུང་གི་ཟབ་ས་རུ་འགྲེ་ལྡོག་རྒྱག་བཞིན་པ་རྟོགས།

ཡིད་ཆེས་དང་མིག་ཆུ་ལྷན་ཏུ་འདྲེས་པའི་དོ་ནུབ།

བུ་མོ་གཤིས་བཟང་མ་ཞིག་གི་དྲན་པས་ངའི་བརྩེ་དུང་གི་སྒོ་གླེགས་ཡུན་གྱིས་ཕྱེས།བརྩེ་བ་དེའི་དྲོད་ཁོལ་དང་དུང་བ་དེའི་འཁྲེང་སེམས་ཞོར་ནས།

ངས་མོ་ལོ་ཉི་ཤུར་སོན་པའི་བུ་མོ་དེའི་འཛུམ་པ་ལས་འཁྲུངས་བའི་དུང་སེམས་མཐའ་དག

ཁྱོན་ཡངས་བའི་ས་གཞི་རུ་བྲིས།

ད་དུང་ཀུ་དོག་པའི་སྣང་ངོར་དུང་སེམས་ཀྱི་འབྲུ་ལྡོག་རེ་རེ་ཡང་ལྷོད་ལྷོད་ཅག་ཅག་གིས་གཏོར།

ཡིན་ཡང་།

དུངས་བའི་གྲུ་ཟུར་གྱི་སྐད་ཆ་དེར་ཉན་ན།

དགའ་དུངས་ངོ་མ་ནི་སེམས་པ་དེ་རེད།

མིག་ཆུ་དེ་རེད།

ལོ་ཟླ་དེ་རེད།

ལས་དབང་དེ་རེད།

མདོར་ན་དུངས་བར་བཀག་རྒྱ་མེད་པའི་རྒྱ་ཡན་གྱི་འཚོ་བ་དེ་རེད།

ཡང་ལན་རེར།

དྲན་པ་དེའི་སྐུལ་ལྕག་ཐེངས་ཤིག་གིས།

ལོ་ཟླ་རྒས་ནས་དྲན་པ་འཐོར།

ལས་དབང་སྟོངས་ནས་མིག་ཆུ་སྐམ།

ཁོ་མོ་བྲལ་ནས་ཁོ་བོ་ལུས།

འོན་ཀྱང་ཚོར་བའི་རྣ་རྒྱན་གྱི་ཟིལ་སྒྲ་ཐེངས་ཤིག་གིས་ང་རང་སླར་ཡང་བརྩེ་དུང་གི་མཐུ་འོག་ནས་གཉིད་དུ་བཅུག་སོང་།

གཉིད་ནས་ཀྱང་སྣང་བ་རྟ་རྒོད་ཀྱི་ཡོབ་ལ་འཐོགས་སོང་།

ཝ་ཡེ་རྨི་ལམ་ཏུ་བྲིས་བའི་དྲན་པ་དྲན་ཁོ།

བརྩེ་དུང་གི་མནར་སྡུག་ལྕི་མོ་འདི་ཁྱོས་མ་འཁུར་ངས་འཁུར།

ལས་དབང་གི་བཀོད་པ་བཙན་པོ་འདི་ཁྱོས་མ་བསམ་ངས་བསམ།

མིག་ཆུ་ཡི་རྐ་ལམ་རིང་མོ་འདི་ཁྱོས་མ་བསྐོ་ངས་བསྐོ།

ཉིན་མཚན་གྱི་མགོ་མཇུག་ལྡོག་པའི་མུན་རུབ་པས་ཉིན་དཀར་རེ་རེ་འུ་གཉིས་ཀྱི་འཁང་ར་དང་འགྱོད་གདུང་གི་དུངས་པའི་མེ་རོ་སྤུངས་ས་ཡིན་ནོའུ་བརྗེད་གི་མ་འཇུག

ལས་དབང་གནམ་ལ་བཅོལ་བའི་འཛུམ་སྭོ་ལའི་ཉིན་ཞག་རེ་རེ་འུ་གཉིས་ཀྱི་བརྩེ་བའི་གནའ་གཏམ་གླེང་ས་ཡིན་པ་ནོར་གི་མ་འཇུག

ངའི་དྲན་དཀྱིལ་དུ་བསྐོས་པའི་དྲན་པ་དྲན་ཁོ།

འུ་གཉིས་ཀྱིས་འཇིག་རྟེན་འདིར་བརྩེ་དུང་གི་དབུ་ཁྱུད་འབྲི་མ་ཐུབ་ན།

འཇིག་རྟེན་གཞན་པ་དེའི་ཚེ་འགྲོགས་བྱེད་ཡ།

བརྩེ་བ་འགྱུར་རུང་དུང་བ་འུ་གཉིས་ཀྱི་སྙིང་ན་ཡོད།

དྲན་པ་འཐོར་རུང་ལས་དབང་འུ་གཉིས་ཀྱི་རུམ་ན་ཡོད།

ངའི་སྙིང་ཉེ་བའི་མཛའ་མོ།

དུས་དེ་རིང་མཛེས་བའི་མིག་གི་སྐད་ཆ་བཤད་མཁན་དེ་ང་ཡིན་ལ།

དུངས་བའི་སེམས་ཀྱི་ཨ་ལན་གནང་མཁན་དེ་ཁྱོད་ཡིན་ལགས།

མཚན་ཞག་གི་གཉིད་ཐེབས་ཐེངས་མང་བཅག་པས་ཁྱོད་རང་དོ་ནུབ་གང་ན་ཡོད།

ཁྲི་ལམ་རིང་མོའི་འཕྲེད་མཚམས་ནས་ངའི་ཁྱོད་ཀྱི་སྣང་བའི་ཁོག་འདར་རྒྱག་བཞིན་པ་མཐོང་ཐལ།

དྲན་པ་དང་དྲན་པ་འདྲེས་པའི་དྲན་ཁོ་མ།

ལེ་བར་འདིས་དཀྱོག་མཚམས་རེ་རེ་འུ་གཉིས་ཀྱི་བརྩེ་དུང་གི་མཚོ་མོ་བསྐྱིལ་ས་ཡིན།

བྲག་ལ་བརྐོས་པའི་ཚེ་རབས་འདིས་རྒྱ་ཁྱོན་ཁྲོད་ནས་འུ་གཉིས་ཀ་གཏན་དུ་ལོ་ཟླའི་རྒས་གཉེར་ལས་བཞུར་བའི་དྲན་པ་དང་དྲན་ཁོ་ཡིན།

དུས་དེ་རིང་རྫི་གླུའི་སྨྲེང་ཤར་འཐིམས་སོང་བའི་ཁྱོད་རང་ལྷོད་ཀྱིས་ཕེབས་ཤོག

ངའི་དྲན་པ་འཐོར་ཤུལ་གྱི་དྲན་ཁོ་མ།


རྫ་ཁྲ་ཡག་གི་སྨྲེང་གླུ།


དོ་ནུབ་ཕྱི་རོལ་ཏུ་ཁ་བ་འབབ་གྱིན་འདུག།

རྫ་ཁྲ་ཡག་གི་ཞེ་རྩ་བརླན་པར་བཏང་།

དོ་ནུབ་ཕྱི་རོལ་ཏུ་ཆར་བ་འབབ་གྱིན་འདུག།

རྫ་ཁྲ་ཡག་གི་གློ་སྙིང་མཆིན་གསུམ་དུམ་བར་བཅད།

ཨ་ཁ་ཁ།

བཟོད་མི་ཐུབ་པས་ན་ཟུག་གི་བེམ་པོ་འདི

ཆུ་གཞུང་གང་དེའི་གཏམ་རྒྱུད་དུ་བསྒྲེང་ངམ།

བརྗེད་མི་ཐུབ་པས་ཚེ་སྲོག་གི་ཆོམ་རྐུན་འདི

ལོ་ཟླ་གང་དེའི་འཚོ་བ་རུ་བསྒྲེང་ངམ།

ཀྱེ།

ང་ཡི་རྫ་ཁྲ་ཡག།

འབྲོག་ཐང་གི་འཚོ་བར་འཐིམ་ཤོག།

གངས་དཀར་ཏི་སེའི་པང་དུ་འཐིམ་ཤོག།

ཁྱེད་ཀྱི་སྨྲེང་གླུ་མཐའ་དག་ལོ་ཟླའི་སྒྲུང་དུ་བྲི་རོགས།

རྫ་ཁྲ་ཡག།

སྟོང་བསམ་ཡོད་ཚད་ཁྱོད་ཀྱི་གམ་ན་འཁྱུག།

མཆི་མ་མཐའ་དག་ཁྱོད་ཀྱི་གདོང་ན་བཞུར།

མིན།

རྫ་ཁྲ་ཡག་རི་མིང་ཁོགས་སྟོངས་མིན

ཡིན།

རྫ་ཁྲ་ཡག་སྲོག་གི་འཚོ་རྟེན་ཡིན།

དུས་དེ་རིང་།

སྨྲེང་གླུ་འབྲོག་ཐང་ལ་ཞུ་བར་དྲོངས།

རི་གླུ་འབྲོག་ཐང་ལ་བརྩེ་བར་དྲོངས།

ང་ཡི་རྫ་ཁྲ་ཡག

ལོ་ཟླའི་རྒྱབ་ལྗོངས་ན་འཚོ་བའི་ང་ཡི་རྫ་ཁྲ་ཡག

༢༠༡༨.༦.༧ཉིན་ཕ་ཡུལ་དུ།


༄༅།།གངས་ཁྲོད་ཀྱི་རོལ་དབྱངས།


གངས་ཁྲོད་ཀྱི་རོལ་དབྱངས།

ངའི་རྒྱུ་འབྲས་ཀྱི་དབྱངས་རྟ་གསོན་པོ།

གནའ་དེང་གི་སོ་མཚམས་བར་ནས།

སློག་པ་ལྷན་པ་ཅན་གྱོན་མཁན་གྱི་མེས་པོ་དེའི།

རྒྱུད་དྲུག་གི་མཛུབ་བར་ནས་བཞུར་ཡོད།

དེ་དུས་སུ།

ཚེ་སྲོག་གི་མྱུ་གུར་ཁྱེད་ཀྱིས་འབོད་སྐུལ་བཏང་མྱོང་།

ནང་སེམས་ཀྱི་དད་པར་ཁྱེད་ཀྱིས་ལང་ཚོ་བསྣན་མྱོང་།

ཀྱེ།

གངས་ཁྲོད་ཀྱི་རོལ་དབྱངས།

ཁྱེད་ནི་སྲིད་པའི་མཁར་རྫོང་གི་ཅོང་ཆེན་ལགས།

སྤྱན་མིག་གི་སོ་གྲིའི་བར་ནས་ཁྱེད་རང་སྙོམས་པར་ཕེབས་དང་།

ཀི་བསྭོ་དང་རླུང་རྟའི་ལར་ནས་ཁྱེད་ལ་མཆོད་པ་འབུལ་ཡོང་།

སྐབས་དང་སྐབས་དེ་རུ།

ནང་སེམས་ཀྱི་འཁུན་སྒྲ་རླུང་གིས་བྲེག་ཅིང་།

སྙན་ངག་གི་རྦབ་ཆུའི་རྒྱུན་གྱིས་ཁྱེད་ལ་དབུ་ཁྱུད་འབྲི།

གངས་ཁྲོད་ཀྱི་རོལ་དབྱངས།

བདེན་བདེན་ཅོག་ཅོག་གི་སང་ཉིན་དབྱངས་སུ་དྲོངས་དང་།

ཀྲོག་ཀྲོག་གི་རྣ་བས་ཁྱེད་ལ་གསན་ཡོད།

འཁང་ར་མེད་པའི་མིག་ཟུང་ཁྲི་མ་འབུམ་གྱིས་ཁྱེད་ལ་བལྟས་ཡོད།

ལས་བདའ་མེད་པའི་ཐོས་འཛིན་ཁྲི་མ་འབུམ་གྱིས་ཁྱེད་ལ་གསན་ཡོད།

ངའི་གངས་ཁྲོད་ཀྱི་དབྱངས་རྟ་རྣོན་པོ།

དོ་ནུབ་ཕྱིར་ལ་དཀྲོལ་ཤོག།

ཚོར་འདུའི་པང་ཁུགས་ནས་ཕྱིར་ལ་དཀྲོལ་ཤོག།

ངས་རྒྱུ་འབྲས་ཀྱི་ཉིན་སྲུབ་བར་ན་ཁྱེད་ལ་བསྒུག་ཡོད།

ངས་ལོ་ཟླའི་དད་འདུན་གྱི་ལྷུ་ཚིགས་བར་ན་ཁྱེད་ལ་བལྟས་ཡོད།

ཡིན་ལགས།

ངའི་གངས་ཁྲོད་ཀྱི་རོལ་དབྱངས།

སྲིད་པ་རྒན་པོའི་གནའ་གཏམ་ལས་འཁྲུངས་པའི།

ངའི་གངས་ཁྲོད་ཀྱི་རོལ་དབྱངས།

བདག་གི་ཚོར་བའི་ཟབ་ས་རུ་བཞུར་ཤོག

དེ་ལྟར་བཞུར་ཤོག་དང་།

ངས་ཕ་སྐད་ཀྱི་སྙན་ངག་འབྲི་བཞིན་པོ་ཏ་ལའི་རྩིགས་ངོས་ལ་འབྱར་བའི་དབྱངས་རྟ་ཁྱོད་ཀྱི་རྟེན་སྐལ་དུ་བསུ་ཡོང་།

ཉི་ནུབ་ཀྱི་དྲན་པ་སྒུལ་ནས་སའི་གོ་ལའི་གློ་སྙིང་ནས་དབྱངས་རྟ་ཁྱོད་ཀྱི་རྒྱུད་སྐུད་བསུ་ཡོང་།

གངས་ཁྲོད་ནས་བཞུར་བའི་གངས་ཅན་པའི་དབྱངས་རྟ་ཟ་ཟི།

ལྷང་ངེར་ཕེབས་ཤིག་ཨང་།

༢༠༡༨.༦.༡༨ཉིན་རྗེ་བཙུན་སྒྲོལ་མའི་སྐུ་དྲུང་དུ།


མེས་པོ།


རུས་པ་ཅན་གྱི་ཡ་ཐོག་གི་བུ་རྒྱུད།

རྨ་ཀླུང་སྔོན་མོའི་ཉེ་འགྲམ་གྱི་གདུང་རྒྱུད།

ཁྱོད་ནི་འབྲོང་རྒོལ་དར་མོའི་རྭ་བར་དུ་ཁུར་བའི་ཉི་ཟླ་སྐར་གསུམ་ཡིན།

ཁྱོད་ནི་རི་སྤྱང་སྔོན་མོའི་ཟེ་བ་རུ་འཇུས་པའི་གསེར་གྱི་སྡེར་མོ་ཡིན།

གནའ་སྔ་མོའི་དུས་སུ་ཁྱོད་ཀྱི་དབུ་འཕང་ནི་གནམ་དང་ས་ཡིན།

ཁྱོད་ཀྱི་སྤོབས་པ་ནི་དུས་ཐོག་གི་ཆར་བ་ཇི་བཞིན་མཁའ་དབྱིངས་སུ་བཏབས་མྱོང་།

དུས་དེ་རིང་།

ཁྱོད་མགོན་མེད་སྐྱབས་མེད་ཡིན།

ཁྱོད་ཉམ་ཆུང་ནུས་མེད་ཡིན།

ཁྱོད་ཀྱི་རྗེས་རབས་དག་གིས་རང་གི་སྐད་རིགས་འབོར་བཞིན་གཞན་གྱི་ལྷམ་ངོ་ལྡག་གིན་འདུག།

རང་སྐད་ཀྱི་སྲོག་སྙིང་བཅད་དེ་ཐ་སྙད་རྣམས་བཙོན་དུ་བཅུག་ཟིན།

ཀྱེ་་་  ་་་ཀྱེ།

མེས་པོ་ལགས།

སྟེང་ཕྱོགས་ནམ་མཁའ་རུ་བཏབ་པས་རྒྱལ་ཁའི་དར་ཆ་དེ་གང་ན་ཡོད།

གོ་ལའི་སྒལ་གཞུང་དུ་གཏོར་བའི་ལ་རྒྱའི་རུ་དཔུང་དེ་གང་ན་ཡོད།

ཆར་བ་དང་ཁ་བའི་ཆགས་འཇིག་བསུབ་པས་ཚ་དཔུང་གི་རུ་འདྲེན།

ཟུངས་ཁྲག་དང་རྔུལ་ཆུའི་ཐེམས་པ་བརྒལ་བས་ཐུ་བྷོད་ཀྱི་རུ་དཔུང་།

དོ་ནུབ་ཁྱོད་གང་ན་ཡོད།

ངས་ཁྱོད་ང་ཡི་མེས་པོ་ཡིན་རབས་གླེང་པ་ནས་བཟུང་།

ངས་ལོ་རྒྱུས་ཀྱི་ཆུ་མགོ་དྭངས་མོ་ཞིག་དེ་ནས་སྙོགས་སོང་།

ངས་ཨམ་གཙིགས་ཀྱི་རང་གཤིས་གཙང་མ་ཞིག་དེ་ནས་དག་སོང་།

ལོ་ཟླའི་རྒས་གཉེར་ལ་བསེས་དེ་ཚ་གྲང་གི་སྐལ་བར་འཐམ་པའི་ང་ཡི་མེས་པོ་ལགས།

ད་ནི་ཁྱོད་ཀྱིས་དབྱུང་ལ་ཕབས་པའི་སྒོ་ཕྱུག་གི་རྨིག་རྗེས་ཉུང་དུ་ཕྱིན་སོང་།

ཁྱོད་ཀྱིས་འཚོ་བས་བཞེངས་པའི་ཕོ་བྲང་གི་ཁ་དོག་འགྱུར་སོང་།

ཐ་ན་ཁྱོད་ཀྱིས་ཡིག་ངོར་ཕབ་པའི་གསུང་ཚིག་དག་ཀྱང་མག་མོག་ཙམ་ལས་རིག་རྒྱུ་དང་གོ་རྒྱུ་མི་འདུག

བསླབ་རྒྱུ་སློབ་མཁན་མི་འདུག

དུས་རབས་ཀྱིས་སྤྲད་པའི་གནས་བབས་འདིས་ཁྱོད་ལ་འཁང་ར་གདུང་བ་བསྐྱུར།

ཕངས་སེམས་དང་མིག་ཆུ་བསྐྱུར་ནས་རྒྱང་རིང་རྒྱང་རིང་དུ་བཞུད་སོང་།

ང་ཡི་མེས་པོ་ལགས།   སྲིད་པའི་སྒྲུང་རིང་ཡ།

སྐབས་འདི་ནས་བཟུང་སྟེ་རྫི་གླུ་རི་ནས་འཐེན་དེ་རྐང་རྗེས་གངས་ལ་ཕབ་མཁན་གྱི་ལོ་རྒྱུས་ཀྱི་རུ་འདྲེན་ངོ་མ་དེ་སུ་ཡིན་ལགས།

ཕྲེེང་ཐག་ཕྱག་ལ་འཆིང་ནས་ཨོཾ་ཡིག་གདངས་སུ་གྱེར་བའི་ལོ་རྒྱུས་ཀྱི་མི་ཕོ་དེ་སུ་ཡིན་ལགས།

ང་ཡི་མེས་པོ་ལགས།  སྲིད་པའི་སྐར་ཆེན་ཡ།

༢༠༡༨.༨.༡༨ཉིན།


 སྐྲ་ལོ་རླུང་ལ་མ་གཟད་ཨ་མའི་བུ།


ཡིད་ཆེས་ཀྱི་མགོ་འཕང་མ་དམའ།

ཧམ་སེམས་ཀྱི་ལག་རིང་མ་བསྲིང་།

ཕུགས་བསམ་གྱི་འདུན་མ་རྒྱང་དུ་ཆོངས།

 

ཉམ་ཆུང་གི་ལས་དབང་དོར་ཞོག

སྟོབས་ཆེན་གྱི་རྫིག་ཉམས་ཞི་ཞོག

རེ་སྙེག་གི་རིལ་བུ་རུམ་དུ་ཆུགས།

 

རྨི་ལམ་གྱི་ཁ་ཚུབ་ཕྱེས།

ཙག་ཙིག་གི་ངལ་རྩོལ་སྦྱོངས།

དྲན་པ་དང་སྣང་བ་རྡུང་།

 

རླུང་ལ་གཟད་པའི་སྐྲ་ལོ།

ཚོར་བར་བརྡུངས་པས་གཤིས་སུ་ག་ལ་གྲུབ།

ལས་དབང་ཀློང་གི་ཨ་མའི་བུ།

 

བཙོ་སྦྱངས་བྱས་པའི་འཚོ་བ།

རླུང་ལ་གཟད་པས་སྡུག་ཡུར་ཅི་ལྟར་བསྡུར།

སྒ་ཁྲའི་གོང་གི་ཨ་མའི་བུ།

༢༠༡༨.༩.༡༦

མཛའ་གཞས་རི་ནས་འཐེན་པའི་འབྲོག་མོ།

         

དབྱར་སྟོན་དགུན་གཞུང་གི་རླབས་རྒྱུན་དང་བསྡོངས་ནས།

མཁའ་དབྱིངས་སུ་སྐར་སྤྲིན་ཁྲི་སྟོང་གི་ལྭ་བ་གྱོན་ཏེ་འཛུམ་མདངས་དང་དགོད་སྒྲའི་ཁྲོད་དུ་བཞུད།

རི་སྒང་དུ་འཚོ་བའི་འབྲོག་འབྲུ་བཞོ་མ་ཞིག་གི་རི་གླུ་འོ་མ་ཡི་ཤག་སྒྲའི་ལར་ནས་འདས།

ཉག་ཕྲན་སྟོང་གི་གཤོག་པ་རུ་འཇུས་པའི་རི་གླུ་སིང་སིང་ཞིག

ཨ་མདོའི་འབྲོག་མོའི་དུང་སོ་སུམ་ཅུའི་སྲུབ་བར་ནས་ལྷོད་ཀྱིས་གྲགས་ཡོང་དུས།

ངས་ཕོ་ལོ་ཉི་ཤུའི་གཏམ་རྒྱུད་ཀྱི་ཟིན་ཐོ་རེ་རེ་སྙིང་ལ་ཉེ་བའི་འབྲོག་མོ་དེའི་འཚོ་བར་བྲིས།

ཇ་ཆང་གི་བསུ་མ་དབེན་པའི་དུས་འགྱུར་གྱི་འབོད་པའི་ཁྲོད་དུ།

འབྲོག་ཕྲུག་ཞེས་པས་ཐ་སྙད་ཀྱི་གཤོག་པར་ཚིལ་དྲེགས་ཀྱིས་མནར་ཞིང་།

འབྲོག་མོ་ཞེས་པས་འོ་དྲི་ཡི་ཞིམ་མངར་ལ་དུས་འགྱུར་གྱི་ཡོལ་བས་བསྒྲིབས།

དེ་དུས་སུ།

ངས་སྙིང་ལ་ཉེ་བའི་རྩྭ་ཐང་གི་འབྲོག་མོར་དུང་སེམས་ཀྱི་སྙན་ངག་བྲི་བར་བརྩམས།

ངས་སྙིང་ལ་ཉེ་བའི་རྩྭ་ཐང་གི་འབྲོག་མོར་སྙན་ངག་གི་འཛུམ་དཀར་སྟོན་པར་ཆས།

གང་དེར་བྲིས་པའི་སྙན་ངག་གི་ཁ་བརྡའི་བར་ནས།

ང་ལ་སྐྱིད་སྣང་གི་ཀུ་རེ་དང་དགའ་སྣང་གི་མིག་ཞགས་འཕངས་ནའང་།

དོ་ནུབ་མཐོང་བ་ནི།

ཁོ་མོ་ཚོས་ལང་ཚོའི་དཔལ་ཡོན་མཐའ་དག་སད་ཀྱིས་བཅོམ་པས་མེ་ཏོག་ལྟར་སྐམ་རློན་མི་སྙོམས་པའི་ཞིང་ཚིགས་བར་ན་ངུ་མ་དགོད་ཀྱིས་འཚོ་བ་དེ་རེད།

རེད་དེ།

སྙིང་ལ་ཉེ་བའི་རྩྭ་ཐང་གི་འབྲོག་མོ།

དུས་དེ་རིང་ཁྱོད་ཀྱི་རི་གླུ་རི་ནས་འཐེན་དང་ང་ཡི་འཚོ་བ་སྤང་ལ་སྤར་ཆོག

དུས་དེ་རིང་ཁྱོད་ཀྱི་འབྲུ་མོ་ཤག་ཤག་བཞོས་དང་ང་ཡི་སྙན་ངག་ཁྱོད་ལ་བྲིས་ཆོག

ཀྱེ་ཀྱེ།སྐྱོ་བ་ལ་ཨང་།

མཛའ་གཞས་རི་ནས་འཐེན་པའི་འབྲོག་མོ་དེ་གང་ན་ཡོད།

ཀྱི་ཧུད།སྡུག་པ་ལ་ཨང་།

མཁྲེང་སེམས་ང་ལ་བསྐྱུར་བོའི་འབྲོག་མོ་དེ་གང་ན་ཡོད།

སྨྲེང་སྐྱོ་དང་མཆི་མ་ཐར་ཐོར་ཞིག་གི་ལས་བདའ་རུམ་པའི་ང་རང་།

རི་གླུ་དང་མཛའ་གཞས་པང་གང་ཁུར་བའི་ང་རང་།

ཉེ་དུས་ཀྱི་གྲོང་ཁྱེར་དེ་ན་བག་འཁུམ་ངང་གསོན་ཡོད།

ཝ་ཡེ།

མཛའ་གཞས་རི་ནས་འཐེན་པའི་འབྲོག་མོ་ཡ།

ངའི་དུང་སེམས་ཀྱི་སྐེ་རྒྱན་འདི་མགུལ་ཏུ་དཀྲིས་ཤིག

ངའི་སྙན་ངག་བུམ་ཆང་འདི་ཚོར་བར་དཀྲིས་ཤིག

དེ་ནི་ངའི་རི་སྒང་གི་འབྲོག་མོར་བཏབ་པའི་བརྩེ་བ་ཡིན།

དེ་ནི་ངའི་རི་སྒང་མཛའ་གཞར་བཏབ་པའི་དུང་བ་ཡིན།

ད་དུང་།

དྲན་པ་དང་དྲན་པས་བསྟུམས་པའི་དུང་སེམས་ཀྱི་སྙན་ངག་འདི་བརྩེ་བ་ཞིམ་པོ་དེར་སྐྱེས་སུ་ཕུལ་འདོད།

དུང་བ་མངར་མོ་དེར་གླུ་རུ་ལེན་འདོད།

ཝ་ཡེ

འབྲོག་མོ་ལགས།

མཛའ་གཞས་རི་སྒང་ནས་འཐེན་ཏེ་ཚོར་བ་སྦྲ་ནག་ལ་བཅོལ་བའི་སྙིང་ཉེ་བའི་འབྲོག་མོ་ལགས།

ངས་དགའ་དུང་གི་སྙན་ངག་གསོན་པོ་ཁྱོད་ལ་འབྲི།

ངས་སྐྱོ་སྡུག་གི་མཆི་མས་ལམ་ཆང་ཁྱོད་ལ་འདྲེན།

སྙིང་ལ་ཉེ་བའི་མོ་ལགས།

རྫ་སྒང་གི་རྣམ་ཤེས་གསོན་པོ།

༢༠༡༨.༡༠.༡ཉིན་སློབ་གླིང་ནས།


ས་ཆེན་ལ་འབྱར་བའི་སྙིང་གསོན་པོ་ཞིག


ལོ་རྒྱུས་ཀྱི་རབ་ཁ་ན་དྲག་ཏུ་ལྡིང་བའི་ཐ་སྙད་ཀྱི་གྲོང་ཚོ།

དུས་རབས་ཀྱི་བར་གསེང་ན་ཤུགས་ཀྱིས་འགྲེང་བའི་སྐད་རིགས་ཀྱི་ང་རོ།

གངས་དཀར་བོའི་ཕ་རོལ་ན་ལྷིང་ལྷིང་ངང་གྲགས་ཀྱིན་འདུག

ཧབ་ཆའི་སྟོང་ཆ་སྐོང་བའི་སྤྱི་ཚོགས་ཀྱི་འདུ་འཛིའི་ཁྲོད་དུ།

སུས་ཀྱང་རྟོགས་དཀའ་བའི་དྲན་གདུང་གི་འདྲི་གཞི་ལྷག

རྨི་ལམ་གྱི་བང་སོ་སྔོགས་པའི་ས་ཆེན་གྱི་སྙིང་ཁ་རུ།

ཤུགས་རིང་འབྱིན་ཞོར་ན་ཟུག་གི་གོ་ཆ་བཀླུབས་ནས་ཡོད།

ལང་ཚོ་ཉིལ་བའི་ཙག་ཙིག་གི་ཐོངས་ཀ་རུ།

ཧམ་སེམས་ཀྱིས་གཙེས་པའི་ས་ཆེན་གྱི་རོ་ལང་བརྩིགས་ཡོད།

ཨེ་མ།

ས་ཆེན་ལ་འབྱར་བའི་སྙིང་གསོན་པོ་ཞིག

པོ་ཏ་ལའི་རྩིགས་ངོས་སུ་ཡིབས་ཡོད།

མཐོང་སྣང་དུའང་མ་མངོན་པས་ལས་དབང་གི་རྫིང་ཆུ་ཆུང་ཆུང་དེ།

ངས་མེ་ལོང་ཞིག་ཚབ་དུ་བྱས་ནས་རང་ཉིད་ལ་བཀར།

རང་ཉིད་ཀྱི་མི་གཙང་བའི་ངོ་གདོང་ལ་བྱིལ་བྱིལ་ཐེངས་མང་བྱས་ལ།

དྲན་པ་དང་སྣང་བར་འོལ་ཚོད་ཀྱི་ཞུ་དག་ཡང་ཡང་བྱས།

བསམ་གཞིག་གི་ཀློང་ནས་འཚོ་བ་སྐྱེད་སྟངས་ཤིག་གིས།

ང་ཡི་སྙིང་དབུས་དཀྲུགས་ཏེ་བརྡར་ཤ་རབ་རིབ་ཅིག་གིས་རྨང་ནས་གཙེས།

འབྲོང་རྒོད་ཀྱི་རྭ་བར་ན་རྩེན་པའི་སྙན་དབྱངས་ཀྱི་བདུད་རྩི་མཐའ་དག

ས་ཆེན་གྱི་བྲང་གཞུང་བསུབ་སྟེ་གནའ་བའི་ཕོ་བྲང་གི་རྩེ་རུ་ཞོན།

ལས་དབང་གི་སྨྲེང་ཤ་འཐེན་པའི་འདས་མ་ད་གསུམ་གྱི་ཟིན་ཐོ་རེ་རེ།

ལོ་ཟླའི་སྒལ་གཞུང་གཤེགས་ཏེ་ཚོར་བའི་རུམ་ཁོང་དུ་འཛུལ།

ཀྱེ་ཀྱེ།

ས་ཆེན་ལ་འབྱར་བའི་སྙིང་གསོན་པོ་ཞིག

སྦྲ་ནག་གི་འཁང་ར་ཁྱེར་དེ་འཇིག་རྟེན་གཞན་པ་ཞིག་གི་བྱིངས་ཁོག་ཏུ་ཉུལ།

ཕ་བོང་ཁའི་ལོ་རྒྱུས་ཀྱི་གཟུགས་རིས་སྙིང་དུ་བྲིས་པའི་མི་ཕོ་ཁེར་རྐྱང་ཞིག་གིས།

ལོ་ཟླ་འདིའི་ངོ་གདོང་ལ་ཞིབ་ལྟ་དང་ཟིན་ཐོ་བྲི་བར་མཆིས།

ང་ཡི་འཇིག་རྟེན་དང་ང་ཡི་ལོ་ཟླ།

ང་ཡི་འཚོ་བ་དང་ང་ཡི་གྲིབ་གཟུགས།

ང་ཡི་མི་ཚེ་དང་ང་ཡི་ཕུགས་འདུན།

ང་ཡི་མེས་པོ་དང་ང་ཡི་མི་རིགས།

ཡོད་ཚད་ཀྱི་ཡོད་ཚད་ང་ཡི་སྙིང་ཡིན།

བོར་སོང་བ་མཐའ་དག་ང་ཡི་སྒྲུང་ཡིན་ལགས།

ངས་ས་ཆེན་པོར་ཞིབ་མྱུལ་ཐེངས་མང་བྱས་པའི་སྙིང་གསོན་པོ།

དུས་དེ་རིང་དྲན་པའི་མེ་ལོང་ལ་བྱི་དོར་དང་གུས་འདུད་ཞུ།

༢༠༡༨.༨.༡༢ཕ་ཡུལ་མགར་རྩེ་ནས།

དྲན།


 ཁྱོད་ལ་ཆེས་དགའ་བའི་མི་དེས།

 

ཚོར་བའི་ནང་གི་སྙིང་ཉེ་མ།

སྐྱིད་སྡུག་གི་ཉིན་མཚན་ཁད་ཀྱིས་འདས་པའི་དོ་ནུབ།

ངས་ཁྱོད་ཀྱི་འཛུམ་མདངས་དང་སྤྲོ་སྣང་རུམ་ནས་ཡོད།

ངས་ཁྱོད་ཀྱི་བརྩེ་བ་དང་དུང་བ་ཁུར་ནས་ཡོད།

དྲན་བཞིན་པའི་སྙིང་ཉེ་མ།

གླེང་མི་ཚར་བའི་དགའ་ལོ་མ།

ཉིན་ཞག་གི་དཀྱོག་མཚམས་རེ་རེ་ནས་ངས་ཁྱོད་ཀྱི་རྒྱབ་གཟུགས་ཉིད་སེམས་ངོར་བྲིས་བཞག

བྲེལ་ཟིང་དང་འདུ་འཛིའི་ཀློང་ནས་ངས་ཁྱོད་ཀྱི་མཆི་སྒྲོས་རེ་རེ་འཚོ་བར་ཕབ་བཞག

དྲན་གདུང་ནང་གི་སེམས་བཟང་མ།

དུས་དེ་རིང་།

གླེང་མི་ཚར་བའི་སྙིང་གཏམ་ཤོག་ངོར་མི་ཕབ།

སྟོབས་ཀྱི་དཔུང་བ་རྐྱོངས་དང་།

ལས་དབང་གི་བྲིས་པའི་ལམ་ག་དེ་ན།

འུ་གཉིས་ཀྱི་འཚོ་བ་དང་གཞིས་ཁྱིམ་ཡོད།

སྨྱུག་ཁ་སེམས་སུ་བསྐོར་དང་།

གཙང་གསུམ་དུ་བཞད་པའི་ལྡུམ་ར་དེ་ན།

འུ་གཉིས་ཀྱི་བརྩེ་བ་དང་དུང་བ་ཡོད།

སྙིང་ཉེ།

འདི་ཙམ་གྱིས་དབུ་ཁྱུད་འབྲི་་་་་་།

༢༠༡༨.༩.༢༢


འཁོར་བ།


ས་གསུམ་གྱི་གྲུ་ཁ་གང་ཞིག་ན་འཁོར་བ་མེད།

སྙིང་ཁམས་རབ་རིབ་ཀྱི་འགྲུལ་བཞུད་རེ་ན།  བཤད་མི་ཤེས་པའི་འཁོར་བའི་ནད་རྙིང་ཡོད་འདྲ།

འགྲེལ་མི་ཐུབ་པའི་འཁོར་བའི་གདུག་རྩུབ་ཡོད་འདྲ།

འཁོར་བ་ཟེར་ན་སེམས་པ་མུན་པར་འདྲུད་པའི་ཐ་སྙད་ཁ་མོ་ཞིག་གང་ནས་ཡིན།

འོན་ཏེ།

འཁོར་བ་ཟེར་ན་བཀོད་ཚེ་བཏང་སྙོམས་ཡིན་ཡང་།

ཤོར་ཚེ་ཨ་ཙ་མའི་སྐད་ཅོར་འཆོར་བའི་ས་གསུམ་གྱི་སྡིག་པའི་རོ་ལང་ཤིག

ང་ལ་འཁོར་བས་བསྐྲུན་པའི་ཁོར་ཡུག་རེ་ན།

གླེང་མི་ཚར་བའི་དགའ་སྐྱོ་ཡི་གཏམ་རྒྱུད་ཡོད།

ཁོ་ཚོར་འཁོར་བས་བསྐྲུན་པའི་ཚེགས་བར་རེ་ན།

ངུ་དགོད་མི་ཤེས་པའི་ཕྱིར་དྲན་གྱི་མིག་ཆུ་ཡོད།

དེ་དག་དེ་རིང་སུ་ལ་འདྲི།

སུ་ཡིས་འགྲེལ།

ས་ཆེན་གྱི་ཕྲག་སྟེང་དུ་བཞུགས་པའི་སྐྱབས་མགོན་ལགས།

འཚོ་བ་ལ་བཟི་ཁ་དྲགས་སོང་ངམ།འཁོར་བར་སྙིང་བོ་མེད་སོང་།

ཡང་ན་ང་རང་ཚོའི་འཁོར་བའི་དྲང་བདེན་གྱི་མིག་དེ་མ་མཐོང་བ་རེད།

ཀྱེ་ཀྱེ།

འཁོར་བ་ཡ།

བདག་སེམས་སུ་ན་ཟུག་དང་བསླུ་བྲིད་ཀྱི་མེ་རོ་སྤུངས་མཁན་དེ་སུ་རེད་ལགས།

བདག་སེམས་སུ་སྐྱེ་འཆིའི་མནར་གཅོད་མི་ཤེས་པའི་ལྕགས་ཀྱི་ཨ་ལོང་བསྐོན་མཁན་དེ་གང་ཡིན་ནམ།

དོ་ནུབ་ནི།

ཁ་ཚུབ་མེད་པའི་སེམས་ཁམས་འདིར་གསེར་ནག་གི་སྒྲོག་གུ་དཔྱང་རོགས།

ཆུ་འཁྱགས་བླུགས་པའི་ཀླད་རྙིང་འདིར་དྲོད་འཇམ་གྱི་ཨ་ལན་གནང་རོགས།

༢༠༡༨.༡༠.༡༤

ས་མཐའི་མི་ཆུ།


ངལ་གསོ་ལ་བྲོ་བ་མེད།

རྨི་ལམ་ལ་ཁ་དོག་མེད།

ཡིད་ཆེས་ལ་གཤོག་པ་མེད།

ས་མཐའི་མིག་ཆུ།

རེ་བ་ལ་འོད་སྣང་མེད།

དྲང་བདེན་ལ་རྒྱ་མ་མེད།

ལམ་བུ་ལ་བདེ་སྣང་མེད།

ས་མཐའི་མིག་ཆུ།

ངག་ན་བཞུར་བའི་མིག་ཆུ།

སེམས་སུ་བཞུར་བའི་མིག་ཆུ།

དབང་བོ་ལྔར་བཞུར་བའི་མིག་ཆུ།

མདོར་ན་ས་མཐའ་འདིར་གཏོར་བའི་མིག་ཆུ་ཡིན།

ལོ་མེད་ཟླ་མེད་ལ་བྲིས།

བཙན་པོའི་དཔུང་བ།


གྱི་ལིང་གང་ནས་བྱུང་མྱོང་།།

རྨ་ཁུག་སྟོད་ནས་བྱུང་མྱོང་།།

རྨ་སྟོད་རྫ་སྒང་འཁྱག་རུང་།།

གྱི་ལིང་གནས་ཚང་དེ་ཡིན།།

 

དབྱངས་གསལ་གང་ནས་བྱུང་མྱོང་།།

དམར་པོ་རི་ནས་བྱུང་མྱོང་།།

རི་རྒན་བརྟོའུ་ཁ་དཀའ་རུང་།། 

དབྱངས་གསལ་འབེབས་ས་དེ་ཡིན།།

 

བཙན་པོ་གང་ནས་བྱུང་མྱོང་།།

གཡང་ཚང་བོད་ནས་བྱུང་མྱོང་།།

ནང་ཆོས་ནང་སྙིང་སྲ་རུང་།།

བཙན་པོའི་འཁྲུངས་ཡུལ་དེ་ཡིན།།

སྤྱི་ཟླ་ཚེས་བཟང་ལ།

 

སྣང་བ་ཨ་འགྲིག་ཡང་འགྲིག།

སྤང་ལྗོངས་མེ་ཏོག་ཁྲ་རིས།།

ལོབས་ལོབས་ཞེ་ལ་འཁོར་ཡོད།།

རྫ་ཆུའི་མགོ་ཁུངས་མ་གཉོག།

མེ་ཏོག་ཐུག་ལ་འགལ་འགྲོ།

 

སྡེ་ཆེན་ཨ་ལོང་ཡང་ལོང་།།

གོམས་གོམས་བློ་ལ་གོམས་ཡོད།།

སྡེ་རི་ཁ་ཞེང་མ་དཀྲུགས།།

བྱམས་པའི་ཐུགས་ལ་འགལ་འགྲོ།

 

གནའ་འགྲོགས་མེ་ཏོག་ལྷ་མོ།།

མཐུན་མཐུན་ཚེ་འགྲོགས་ཉན་ཡོད།།

ཁ་ཚིག་རླུང་ལ་མ་སྐུར།།

སྣང་བ་འཁྱག་གིས་བཟུང་འགྲོ།

སྤྱི་ཟླ་ཚེས་བཟང་ལ།

 

བྱམས་པ་བློ་དཀར་སེམས་དཀར།


མེ་ཏོག་འདབ་མ་ཁྱོས་འཐུས།།

བརྩེ་དུང་བམ་པོ་ངས་འཐུ།།

བྱམས་པ་བློ་དཀར་སེམས་དཀར།།

ཚེ་གཅིག་གཏན་གྲོགས་ཁྱོད་ཡིན།།

 

ཕྱེ་ལེབ་གར་སྟོབས་ཁྱོས་ངོམས།།

གཡུ་སྦྲང་གླུ་དབྱངས་ངས་ལེན།།

བྱམས་པ་ཁ་འཇམ་ཞེ་འཇམ།།

ལུས་ཀྱི་རི་མོ་ཁྱོད་ཡིན།།

 

སྡེ་ཆེན་རྩེད་ར་ཁྱོས་བསྒྲིགས།།

གྲོང་ཆུང་བརྩེ་བ་ང་བཅའ།།

བྱམས་པ་ཁ་འདྲེས་ཞེ་འདྲེས།།

སྣང་བའི་སྒོ་དར་ཁྱོད་ཡིན།།

སྤྱི་ཟླ་ཚེས་བཟང་ལ།

 

སེམས་སོང་གི་མི།


ཡིད་ཆེས་རྐང་ལ་བརྒྱུས་པའི་མནའ་ཚིག་དེ་མི་དགོས། །

མཆི་མ་ཞེ་ལ་བཏབ་པའི་འཚོ་བ་དེ་མི་མཁོ། །

ལང་ཚོ་བརྩེ་བའི་ལྗགས་པའི་སེམས་སོང་གི་མི་དེའི། །

ཡིག་དྲུག་ངག་ནས་སྐྱོར་བའི་བློ་ཙམ་གྱིས་ཚིམས་འགྲོ། །

ལས་དབང་མ་བསྐུལ་ལྷུན་གྱིས་གྲུབ་ཡོད།།

ཚོར་བ་བཙལ་བ་ངང་གིས་འགྲུབ་ཡོད།།

ཤ་དང་མཆིན་པའི་ཟབ་ས་ཞིག་ལ།།

དྲོད་ལེར་ཤར་བའི་བརྡ་ཤིག་འབྱོར་ཡོད།།

སྐྱིད་ཀྱི་ཕ་གཞིས་སོ་སོར་ཆགས་ཀྱང་།།

སེམས་ཀྱི་རྟ་ཕོ་མཉམ་དུ་བརྟད་ཡོད།།

འཚོ་བའི་ལྡོག་ལམ་ཁ་ཁར་གནས་ཀྱང་།།

སྙིང་གི་ཤམ་བུ་ཤག་སེ་བཞད་ཡོད།།

ཞལ་འཛུམ་མེ་ཏོག་ཟེར་བའི་མཛེས་པ་དེ་མི་དགོས།།

ལུས་ཚུགས་གསོམ་དཀར་ཟེར་བའི་འཕྱོར་ཉམས་དེ་མི་མཁོ།།

ཚེ་ཡི་སྐུད་ཐག་འཐེན་པའི་བྱམས་བཟང་གི་མི་དེའི།།

ཧྲིག་ཧྲིག་བསྒྱུར་བའི་གོམ་པའི་སྒྲ་ཙམ་གྱིས་ཚིམས་འགྲོ།།

བརྩེ་སེམས་མཚོ་མོ་ག་ལེར་རྐྱོངས་དགོས།།

རྫི་གླུ་ཟིང་ཟིང་ཡུན་གྱིས་ལེན་དགོས།།

བརྩེ་དང་དུང་བའི་ཁབ་མིག་ནང་ལ།།

ཞེ་འདང་སྐུད་པ་གོར་སེ་བརྒྱུན་དགོས།།

རྫུན་གྱི་བསླུས་པའི་རིག་ལམ་གྲོང་ནས།།

ཚོར་བའི་སྣང་བརྙན་བཞེངས་པ་མེད་ཀྱང་།།

དྲན་པའི་ངོས་སུ་འོད་དུ་འཁྲུངས་པའི།།

དུང་བའི་མེ་ལྕེ་སུ་ཡིས་གཟིམ་ནུས།།

སེམས་ཀྱི་ན་ཟུག


རྒྱུ་འབྲས་མིག་སྐྱག་དཀར་བོ།།

ཕྱིས་ཀྱང་བྱམས་པར་མི་མཁོ།།

སྭོ་་་་་་ཡ་ལ

ཚེས་ཆེན་དུང་གི་ཟླ་གཞོན།།

ན་ཟུག་བྲག་ཅར་བསྐུར་འགྲོ།།

 

ལོ་ཟླ་ཁ་བའི་མཚན་མོ།།

ཆང་ཕོར་ཁ་ན་ལྟེམས་ཡོད།།

སྭོ་་་་་་ཡ་ལ

ལང་ཚོ་གཡི་ཡི་ཕྲ་རྒྱན།།

ན་ཟུག་གཏམ་གྱིས་བརླན་འགྲོ།།

 

སྨྱོ་ཧམ་ཁྲམ་པའི་རང་གཤིས།།

སྡེ་ཆེན་ཁྲོམ་ན་འཁྱུག་ཡོད།།

སྭོ་་་་་་ཡ་ལ

ལྗང་གཞོན་ཕོ་ལོ་ཉི་ཤུ།།

ན་ཟུག་སེམས་ཀྱིས་གཙབས་སོང་།།

 

དུངས་སེམས་ཁབ་མིག་ནང་ལ།།

ཚེ་སྐུད་གོར་སེ་བརྒྱུན་ཡོད།།

སྭོ་་་་་་ཡ་ལ

སྙན་ངག་མཛའ་མོའི་ནང་སེམས།།

སྲས་ཆུང་འཁོར་ས་མི་འདུག།

 

ལ་གཞས།

རི་ཡག་པ་གསེར་རིའི་མགོ་གི།

བྱ་ཡག་པ་འཇོལ་མོ་ངང་ཁྲ།།

སྨུག་ནག་པོའི་དཀྱོག་ལོག་བྱས་ན།།

འཕུར་མི་ཉན་ཁུ་ལོ་ལུས་ཡོད།།

 

སྡེ་ཁྲ་ཁྲ་སྡེ་ལུང་ནང་གི།

སྨན་ཡག་པ་ཞེ་འདང་ཅན་པོ།།

གླེང་མི་ཁའི་བསེར་བུ་གཡུག་ན།།

འགྲོ་མི་ཉན་ཆུང་གཅིག་ལུས་ཡོད།།

 

འོད་གོར་ཟླའི་མཚན་གུར་ནང་གི།

མཁུར་དཀར་ཤ་དམར་མདངས་ཅན་པོ།།

དགུང་ཉི་མས་གསལ་བརྡ་བཏང་ན།།

གཉིད་མི་ཉན་ཟུར་མདའ་འཕང་མེད།།

 

དུས་མི་གཅིག་ཉེར་གཅིག་ནང་གི།

ཁ་བཟང་བོ་འབྲུ་མར་དཀར་བོ།།

གཟུགས་ལང་ཚོ་བཅོ་ལྔའི་དུང་ཟླ།།

སྐྱེས་སྨྱུག་མ་དྲང་གི་སྨོན་ལམ།།

༢༠༡༨.༧.༢༠


ཕ་ཡུལ་དྲན་པའི་ཞོགས་གླུ།

 

ཕ་ས་གཡུ་ཡི་གཞོང་བ།།

སེམས་ན་ཡོད་ཡོད་འདྲ་ཡང་།།

རྫ་ཆུར་ཁ་ཐག་རིང་བས།།

ཕྱག་གཡས་ཐོད་ལ་ཀེར་ནས།།

འཛུམ་ཆུང་སྤྲིན་པར་བསྐུར་ཡོད།།

སཱོ་་་་་་ཡ་ལ།

འཛུམ་ཆུང་སྤྲིན་པར་བསྐུར་ཡོད།།

ཨ་མྱེས་གངས་ཀྱི་རྨ་རྒྱུད།།

མིག་ལ་འཁོར་འཁོར་བྱས་ཀྱང་།།

ལྷས་ར་གྲུ་བཞིར་གྱེས་པས།།

སྨྲེང་གཞས་ངག་ལ་དྲངས་ནས།།

དགའ་བ་རླུང་ལ་བསྐུར་ཡོད།།

སཱོ་་་་་་ཡ་ལ།

དགའ་བ་རླུང་ལ་བསྐུར་ཡོད།།

འཛོམས་པོ་ཕ་ཡུལ་འཛོམས་པོ།།

མགུལ་ཏུ་འཇུས་འཇུས་འདྲ་ཡང་།།

ཕུ་ནུ་རྒྱང་ནས་བསྐྱུར་བས།།

ཞེ་སེམས་འོ་མའི་མཆོད་ཆང་།།

རྒྱང་བཞུད་ཁུ་ལོར་བསྐུར་ཡོད།།

སཱོ་་་་་་ཡ་ལ།

རྒྱང་བཞུད་ཁུ་ལོར་བསྐུར་ཡོད།།

༢༠༡༨.༡༠.༡༦

སྲིད་པའི་མིག


དགེ་རྒན།

སྲིད་པའི་སྨག་རིམ་ཁད་ཀྱིས་དཀྲོགས་ཏེ་རྒྱ་མཚོའི་ཕ་རོལ་གླུ་རུ་བཀུག།

ཆོས་དང་རིག་གཞུང་ཧབ་ཀྱིས་འཐུང་བཞིན་མི་མེད་ཐང་ལ་ལྷོད་ཀྱིས་འགྲིམ།།

བརྩོན་པའི་གཤོག་པ་མཁའ་རུ་བརྐྱངས་ཏེ་ཕུགས་བསམ་དྭངས་མོར་དབུ་ཁྱུད་བྲིས།།

རྔུལ་ཆུའི་ཐིགས་པའི་སྐ་རག་བཅིངས་ཏེ་སྐྱ་རེངས་དང་ནི་རྣ་ཚར་བྱས།།

 

སློབ་མ།

མུ་འབྲེལ་རུས་ཀྱི་ལྕག་ཐག་དམ་པོ་ཤེས་བྱའི་དོ་རར་ལྷོད་ཀྱིས་འཁྱུག།

རྣམ་དཔྱོད་བདུད་རྩིའི་ཐིགས་པ་རེ་རེ་ལང་ཚོའི་གྲོང་དུ་ལྷིང་ཞིང་འཇགས།།

མཁའ་རུ་འབར་བའི་སྒྲོན་མེའི་འཛུམ་མདངས་མཐུ་ཡི་བསྟོད་པའི་དུས་ཚིགས་ལ།།

འགྲོ་བ་གྲངས་མེད་རེ་ཞིང་ལྟ་བའི་ཤེས་བྱའི་དྲི་འཛིན་ཨེ་མ་རྨད།།

 

ཨ་ཕ།

ཡངས་པའི་མཁའ་ན་སྤྲིན་པའི་ཆུ་ཕུང་ལྷོག་ལྷོག་འཕྱུར་བའི་དུས་ཚིགས་ལ།།

རིགས་ཀྱི་ཕུང་བོ་སྐྱོང་ཞིང་སྐྱོང་བའི་ལང་ཚོ་ཟད་པའི་བྱེད་པོ་ཞིག།

གཟུགས་གཞི་གྱོང་ཡང་ལས་དབང་སྣུམ་པའི་དཔའ་རྟུལ་དམ་པའི་གཟི་འོད་དེ།།

ང་དང་ཕྲུ་གུའི་སྙིང་གི་རྒྱལ་མཚན་དད་པས་བརྐྱངས་ཏེ་གུས་པས་འདུད།།

 

ཨ་མ།

བསྐལ་བ་ཞིག་གི་གདུང་མ་འདེགས་པའི་འོད་དུ་འཚེར་བའི་ལང་ཚོ་ཞིག།

ས་ཆེན་གོ་ལའི་རྩེ་རུ་འཕག་པའི་ཚེ་སྲོག་ཡང་སྙིང་ཐུ་བོ་ཞིག།

སྦྱིན་པའི་སྙིང་བོ་ཕ་རོལ་ཕྱིན་པའི་རླབས་ཆེན་མི་ཡི་འགྲོ་བ་ཞིག།

རྟག་ཏུ་སྤྱི་བའི་གཙུག་ཏུ་བཀུར་ཡོད་སྙིང་གི་པདྨོ་དྲི་བསུང་ཅན།།

སྤྱི་ལོ་ཟླ་ཚེས་བཟང་པོར་སློབ་གླིང་ནས་སྦྱར།

 

སེམས་སོང་གི་བརྡ་རྟགས།


ལོ་ཟླའི་གསང་ཚིག་རི་མོར་བྲིས་ཡོད།།

ཚོར་བའི་མནའ་གཏམ་གངས་ལ་བཅོལ་ཡོད།།

རྒྱུ་འབྲས་བསགས་པའི་ཤ་ཚའི་ལམ་ཡིག།

ཁྱོད་དང་ང་ཡི་འཚོ་བའི་སྒྲུང་ཡིན།།

 

རྨི་ལམ་རྫི་གླུ་སྣང་བར་བསྟམས་ཡོད།།

འདོད་པའི་ཆར་བ་ཆང་ལ་བསྡོངས་ཡོད།།

ཡར་ཀླུང་བརྒལ་བའི་གངས་ཀྱི་རྗེས་ཤུལ།།

ཁྱོད་དང་ང་ཡི་དུངས་བའི་བརྡ་ཡིན།།

 

དུངས་བའི་ས་སྒང་ཡུན་གྱིས་གཤགས་ཡོད།།

བརྩེ་བའི་འོ་མཚོ་རིང་དུ་བཞུར་ཡོད།།

རྫ་ཟིལ་སྐེམས་པའི་ཉག་འཕྲིན་མདའ་མོ།།

ཁྱོད་དང་ང་ཡི་སྨྲེང་བའི་མགུར་ཡིན།།

 

བརྩེ་བའི་གཤོག་རླབས་ཡུན་ཏུ་བརྐྱངས་ཡོད།།

དུངས་བའི་བརྡ་རྟགས་རི་ལ་བཙུགས་ཡོད།།

རྔ་ཡབས་ཀློང་གི་ཞེ་སེམས་མདུད་པ།།

ཁྱོད་དང་ང་ཡི་ལས་ཀྱི་ལམ་ཡིན།།

 

བུ་ཡུག་འཚུབ་པས་སྨྲེ་ངག་བསླུས་ཡོད།།

ཁུ་ལོ་འཕུར་བའི་ཐོ་རེངས་རྙེད་ཡོད།།

དྭངས་ཤ་ཆགས་པའི་ཞེ་སེམས་གཉོམ་པོ།།

ཁྱོད་དང་ང་ཡི་ལག་འཇུའི་འཕྲེང་ཡིན།།

   

ཉི་མའི་བུ་རྒྱུད།༼ནམ་མཁའ༽


སཱ་ལའི་སྨན་ལྗོངས་གླུ་རུ་འགུག་པའི་ངག་གི་རྒྱལ་སྲས་དམ་པ་ཞིག།

ནང་བའི་ཐ་སྙད་སྐུད་དུ་བགོ་བའི་རིགས་ཀྱི་དབྱངས་རྟ་གསོན་པོ་ཞིག།

དྭངས་གཙང་གར་སྟེགས་གསར་དུ་བསླུ་བའི་གངས་ཀྱི་ཉི་མའི་བུ་རྒྱུད་དེ།།

ཨ་རག་བཟི་ཁས་ཡང་ཡང་དཀྲུགས་ཀྱང་ཁོ་བོའི་གདངས་དབྱངས་བརྗེད་པ་གང་།།

 

སྐྱིད་ཀྱི་ཕ་ཁྱིམ་གདངས་སུ་འགུག་པའི་ཨ་མདོའི་ཚ་བོ་གཤིས་དྲང་ཞིག།

ཀ་ཁའི་སྦྱོར་ཀློག་ངག་ལ་བྲིས་བའི་དབྱངས་ཀྱི་ལྷ་མོའི་རྒྱུད་སྐུད་ཞིག།

རིགས་ཀྱི་དུངས་ཞེན་གླུ་རུ་ལེན་པའི་གངས་ཀྱི་ཉི་མའི་བུ་རྒྱུད་དེ།།

ཚོར་བའི་སྙན་ངག་རུམ་དུ་འཛུལ་ཀྱང་ཁོ་བོའི་གདངས་དབྱངས་བརྗེད་པ་གང་།།

 

ལུག་ཁྱུའི་གཤར་ལམ་སྣང་བར་འབྲི་བའི་ས་སྲོས་དྲན་པ་རིང་མོ་ཞིག།

ནོར་ཁྱུའི་ངུར་སྒྲ་འཚོ་བར་བགོ་བའི་མདོ་ཁམས་གདངས་ཀྱི་བུ་རྒྱུད་ཞིག།

སྲོལ་རྒྱུན་དབྱངས་རྟ་གླུ་རུ་ལེན་པའི་གངས་ཀྱི་ཉི་མའི་བུ་རྒྱུད་དེ།།

འཚོ་བའི་མཁུར་ཚོས་ཡང་ཡང་བསྒུལ་ཀྱང་ཁོ་བོའི་གྲེ་འགྱུར་བརྗེད་པ་གང་།།

 

ཐང་ནག་བུ་མོའི་འཛུམ་གྱི་གར་སྟབས་གྲེ་བའི་རྩལ་དུ་འདྲུད་མཁན་ཞིག།

སྙན་ངག་རྒྱལ་སྲས་མཛུབ་མོར་འཐེན་པའི་འབའ་ཡི་ཁུ་བྱུག་གསོན་པོ་ཞིག།

ཨ་མདོའི་ཆང་གཞས་ངག་དུ་བཞུར་བའི་གངས་ཀྱི་ཉི་མའི་བུ་རྒྱུད་དེ།།

ཧབ་ཆས་ཅ་ཅོའི་རི་ཀླུང་གཤགས་ཀྱང་ཁོ་བོའི་རྨུ་ཐག་བརྗེད་པ་གང་།།

 

ལང་ཚོའི་རྨི་ལམ་ངག་ལ་འདྲེན་པའི་ཐུ་བྷོད་སྐུད་ཀྱི་དྭངས་མ་ཞིག།

ཞེ་སེམས་འོ་མ་གདངས་སུ་བཞེངས་པའི་ཆང་མ་དྲན་པའི་རྒྱལ་སྲས་ཞིག།

འོ་ཇའི་མངར་ཁ་ཞིམ་ཞིམ་ལེན་པའི་གངས་ཀྱི་ཉི་མའི་བུ་རྒྱུད་དེ།།

སིམ་སིམ་ཁ་བའི་སྒྲུང་དུ་འཐིམས་ཀྱང་ཁོ་བོའི་རྒྱུད་སྐུད་བརྗེད་པ་གང་།།

 

གཏམ་བརྒྱའི་རི་མོ་སྙིང་ལ་བྲིས་ཀྱང་ཁོ་བོའི་མཛད་འཕྲིན་བརྗེད་པ་གང་།།

རིགས་ཀྱི་གདངས་དབྱངས་མཐོ་རུ་འཐེན་ཡང་ཁོ་བོའི་རྨི་ལམ་རྫོགས་པ་གང་།།

དུས་རབས་འདི་ཡི་གདངས་དབྱངས་རེ་རེ་ངས་ནི་ཁྱེད་ཀྱི་སྐུད་ལ་འབྲི།།

ལོ་རབས་འདི་ཡི་རྡུང་ལེན་མཐའ་དག་ངས་ནི་ཁྱེད་ཀྱི་མི་ཚེར་འབྲི།།

༢༠༡༨.༦.༦

རྒྱང་རིང་གི་སེམས་པ།


ཆུ་ཤེལ་བཞིན་རིས་ངང་གིས་ནུབ་པའི་ཡ་ཆུང་འཕྲང་གི་མི་ཕོ་དེ།།

དོ་ནུབ་མི་སྡོད་དྲན་པའི་གསེང་ནས་ག་ལེར་བཞུད་སོང་སྐྱབས་སུ་འཆི།།

ཉམ་ཐགས་མགོ་བོ་དང་ཁར་ལྷུང་བའི་ང་དང་གཅེས་པའི་ཚེ་སྲོག་དག།

ཁེར་ཚུགས་བྲང་གཞུང་མཆི་མའི་བརླན་བཞིན་ཚེ་འདས་ཁྱེད་ལ་སྐྱེལ་མ་བྱེད།།

 

ཤུ་རེ་ལས་དབང་རེས་སུ་འཁོར་བའི་ལོ་ཟླ་ནག་པའི་ཞེན་ཆགས་འདི།།

མ་མྱངས་སྟོངས་འདང་ཁོ་ནའི་ཞོར་གྱི་ཁ་ལྕེ་སྐམ་པའི་སྨྱོ་གཏམ་ཉིད།།

མྱངས་ན་ཤ་རུས་ཁྲག་གསུམ་སྐམ་ཏེ་དྲན་པ་འཐོར་བའི་གླེན་པ་བཞིན།།

སུ་ཡི་གམ་ཏུ་ཧད་ཏེ་ལུས་སོང་མཆི་མ་ཆལ་ཆིལ་ཤུགས་ཀྱིས་བཞུར།།

 

གླེང་ན་རང་ཉིད་སྡུག་གི་རྔམས་ཁ་ཡལ་ཐབས་བྲལ་བའི་སྐལ་བར་འཕྲད།།

མ་གླེང་ཚེ་འདས་ཕ་ལོ་དྲན་པའི་གདུང་བ་རིང་མོ་འགོག་ཐབས་བྲལ།།

ད་ནི་ལྗང་མདོག་གོས་ལྭ་མནབས་པའི་ས་འཛིན་བུ་མོའི་ངང་ཚུལ་འདིས།།

བདག་གི་དྲན་པ་མཐོན་པོ་རི་དང་དམའ་མོ་ལུང་བའི་མདའ་རུ་དེད།།

 

སྐྱོ་སྡུག་ན་ཟུག་རུས་སུ་ཉར་བའི་གཉོམ་ཆུང་ཚེ་སྲོག་ཆུང་ཆུང་ཞིག།

དེ་རིང་ཁྱེད་ཀྱི་གདོང་མདུན་བསུས་དེ་ཕོ་ལོ་ཉི་ཤུའི་འཛུམ་གར་སྟོན།།

འཇིག་རྟེན་དཀར་ངོགས་མུན་པར་གཟིམས་པའི་བདག་གི་ཡབ་ཆེན་དྲིན་པོ་ཆེ།།

ཕྱི་མའི་འཕྲང་ལམ་གང་དུ་གནས་ན་བདེ་འགྲོར་སྐྱེ་བའི་གསོལ་བ་འདེབས།།

 

ཀྱི་ཧུད་སྐར་ཆུའི་སྒྱུ་འཕྲུལ་རེ་རེ་ངང་གིས་འདས་པའི་དབྱར་སང་ལ།།

བུ་ཆུང་ཉི་ཤུའི་གཤོག་རྩལ་རྒྱས་ནས་ཕ་ཡི་ལས་དོན་སྐྱོང་བར་རྩོམ།།

ཕྱི་མའི་བར་རྡོར་ཕྱག་རྗེས་ཕབས་པའི་བདག་གི་བརྩེ་ཅན་ཕ་དམ་པའི།།

ང་དང་ཁྱིམ་མིར་བར་ཆད་སེལ་ཅིང་བདེ་བར་བསྐྱེད་པའི་གདོང་གྲོགས་མཛོད།།

 

དུས་ཀྱི་སྡིག་པ་ཚད་དུ་མེད་ཀྱང་ཡབ་ཀྱི་དཀའ་ལས་མྱུར་བསད་ཏེ།།

མྱུར་བར་ལྷ་ལྡན་བདེ་བའི་ཞིང་དུ་བདེ་བར་བཞུད་པའི་སྨོན་ལམ་འདེབས།།

འགྲོ་བའི་འཁོར་བར་ཞེན་ཆགས་བཙན་ཡང་གཏན་ཏུ་ཡབ་ཆེན་མྱུར་བགྲད་ཏེ།།

ལྷིང་འཇགས་སྡིག་ཞེན་རྨང་ནས་འཐོར་བའི་བདེ་བ་ཅན་ཏུ་སྐྱེ་བར་གསོལ།།

ཟུར་གླེང་།

རྒྱང་རིང་གི་སེམས་པ་ཅེས་པས་སྙན་ཚིག་རྐང་དུམ་འདི་ངའི་རང་གི་གྲོགས་པོ་ལྷུན་གྲུབ་རྒྱལ་གྱི་སེམས་པར་ཚོར་བའི་རྡིང་ཐག་འཐེན་དེ་ཁོ་རང་གི་ཡབ་ཆེན་འདས་ནས་མི་ལོ་གཅིག་འགོར་བར་གདུང་སེམས་མཉམ་རོལ་གྱི་ཚུལ་ཏུ་བྲིས་བར་དགེའོ།

སྙན་ངག་གི་ཟིལ་བ། 

ཁྲོམ་ཁྲོམ་འབབ་པའི་རྔུལ་ཆུ་ལང་ཚོ་རུ་བཞུར་ཡོད།།

ཡུག་ཡུག་སྐྱོམ་པའི་ཚར་དཀར་དྲོད་ཤ་རུ་འཐིམས་ཡོད།།

སིལ་སིལ་ལྡིང་བའི་ཐ་སྙད་སྣང་བ་རུ་འགས་ཡོད།།

དབྱངས་ཀྱི་ཟིལ་བ་དུང་བའི་སྙན་ངག་ཏུ་བྲིས་ཡོད།།

 

ལྕུག་ལྕུག་བསླངས་བའི་རྨི་ལམ་སྤྲིན་པ་རུ་བྲིས་ཡོད།།

རིག་རིག་འཁྱུག་པའི་འཛུམ་བག་སྒེག་མ་རུ་འཕངས་ཡོད།།

བསིལ་བསིལ་འཁྲུངས་བའི་དབྱངས་གསལ་ཚོར་བ་རུ་སིམ་ཡོད།།

དབྱངས་ཀྱི་ཟིལ་བ་བརྩེ་བའི་རི་མ་རུ་བརྡལ་ཡོད།།

 

རོག་རོག་སྦྲ་ཡི་ཁ་ཚབ་སྤང་ཁ་རུ་དཔྱངས་ཡོད།།

འུར་འུར་དུས་ཀྱི་འགྲུལ་བཞུད་ཅོང་བརྡ་རུ་ཡིབ་ཡོད།།

ཞུམ་ཞུམ་བརྡ་ཡི་ཡང་སྙིང་རིག་པ་རུ་ཉིལ་ཡོད།།

དབྱངས་ཀྱི་ཟིལ་བ་རྟགས་ཀྱི་བཅུད་རྫ་རུ་ལྷགས་ཡོད།།

 

ཤུར་ཤུར་ཙམ་གྱི་ཕངས་སེམས་སྒང་བ་རུ་བསྒྲགས་ཡོད།།

འཛུམ་འཛུམ་ཙམ་གྱི་སྐད་ཡིག་སྲིད་པ་རུ་བཤམས་ཡོད།།

བགད་བགད་སྒྲུང་གི་ཁུ་སིམ་ཆང་མ་རུ་བཞེས་ཡོད།།

ལེགས་ལེགས་གྲོང་གི་སྙན་ངག་ཟིལ་བ་རུ་མཆོད་དོ།།

 

༢༠༡༨.༥.༧ཉིན་སྦྱར།

གངས་ལ་བསྐྱོན་པའི་དབྱངས་རྟ།།

རྫ་རྐང་ཁྲ་ཁྲ་བསྐྱུར་ནས།།

མཐོ་ནས་གྲོང་ལ་བསླེབས་སོང་།།

གྲོང་གི་འདུ་འཛིའི་ཁྲོད་ནས།།

སེམས་པ་ཨ་ཐང་ཆད་ཐལ།།

 

མི་སེམས་ཁབ་སྐུད་ཕྲ་མོས།།

གཙག་གཙག་ལན་འགར་བྱས་ཀྱང་།།

སྣང་བ་དུང་ཆུང་དཀར་པོའི།།

མདུན་ལྗོངས་ཟམ་པ་བཅད་ཐལ།།

 

ཞག་སྒྲོན་སྲོག་ལ་འཇུས་ནས།།

ཤེས་བྱའི་ཁང་སྐྱ་ཕྱགས་སོང་།།

གློག་དམར་ཨ་རག་གྲོང་ནས།།

གཤིས་ཀྱི་སྲབ་ལྕོག་ཆད་ཐལ།།

 

སྦྲ་ནག་བཞི་ལྗོངས་ལར་ནས།།

གཙང་ཆབ་བྲོ་བ་མ་ཚོར།།

ཁང་བརྩེགས་སྟོང་འཚང་གསེབ་ཏུ།།

སྙིང་ཁམས་རི་ལ་བསྐྱོན་ཐལ།།

 

ལང་ཚོའི་སྟོང་ཉིད་གྲུབ་དུས།།

སྤྱན་ཆབ་དབྱིངས་ལ་སིམ་སོང་།།

ཨ་གསར་གས་ཆག་བར་ནས།།

རྒྱལ་ཁའི་ལྷ་དར་ཆད་ཐལ།།

༢༠༡༨.༥.༦ཉིན་སློབ་ར་ནས།

 

ཐོབ་ཤོར།

དང་པོ།

ལས་དབང་གིས་བསྐོས་པའི་སྦྲ་ཁྱིམ་དུད་དྲེག་ཅན་གཉིས་སྟེ། ཚེ་བཀྲ་ཚང་དང་ཕྱུག་ཐར་ཚང་གཉིས་ནི་ཕ་མེས་ཡང་མེས་རིང་ནས་བཟུང་"སྟེ་"ལུང་རྒྱབ་གསེར་ཐང་ཟེར་བ་དེར་གཞིས་ཆགས་ཡོད།  ཁྱིམ་གཞི་ཆེན་པོ་དེ་གཉིས་ལ་ཆ་མཚོན་ན་དུས་རྒྱུན་རི་ཁ་ཁྱིམ་ཚང་གི་བར་ལ་ཇག་རྒྱུག་བྱེད་རྒྱུ་ནི་ཧ་ཅང་ལས་སླ་མོ་"ཞིག་"ཏུ་བསམ་ཡོད། ཁྱིམ་གཞི་དེ་གཉིས་ཀའི་བུ་རབས་ཚ་རྒྱུད་ལའང་ཁྱིམ་ཚང་གི་སློབ་གསོ་རྙིང་རུལ་དེས་ཕྱོགས་ཞེན་དང་ཞེན་ཆགས་ལྕི་མོའི་གནས་སུ་བརྫངས་ཡོད།

 

གཉིས་པ།

ལོ་ཞིག་གི་དབྱར་ཁ་ལ། ཚེ་བཀྲ་དུས་རྒྱུན་ཞེ་སྡང་གི་རྣམ་འགྱུར་ལས་ཡེ་ནས་བྲལ་ཏེ་ཕྱུག་ཐར་ཚང་ལ་འབྱོར། ཁོའི་བཤད་རྒྱུར། ཕྱུག་ཐར། འུ་སྤུན་གཉིས་ཀར་མཚོན་ན་ད་རག་བར་དུ་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་ཟེར་ནས་ཡོང་ནི་རེད། ད་ཐེངས་ཕུ་བོར་སྒོར་མོ་འགས་རོགས་ཤིག་བྱེད་དགོ་གི་ཅེས་བཤད་པ་ན། ཕྱུག་ཐར་གྱིས་ཐ་མག་ཅིག་མཛུབ་བར་ནས་“སྤུགས་”ཞོར་ཕུ་བོ་ཚེ་བཀྲ། ཁྱོད་ཉིན་འགའི་སྔོན་ན་ཡོང་ཡོད་རྒྱུ་ན་ངའི་ལག་ན་སྒོར་ཁྲི་འགའ་སྔ་གཞུག་བརྗེ་རྒྱུ་ཡོད། ཡིན་ཡང་ད་རེས་སྒོར་ཁྲི་འགའ་བོ་དེ་ངའི་སྤུན་ཟླ་བསོད་སྐྱབས་ཀྱིས་བསྐྱིས་བུད་ཐལ། ད་ལྟ་ངའི་ཁྱོད་ལ་རོགས་བྱེད་པའི་ནུས་པ་མི་འཛོམས་པས་ཕུ་བོས་བཟོད་བསྒོམ་ཞིག་གནང་རོགས།  ཅེས་སྐད་དམའ་མོས་ཚེ་བཀྲར་ལན་དེ་ལྟར་སྦྱར། ཕྱུག་ཐར་གྱི་སྐད་ཆ་དེ་ཐོས་མ་ཐག་ཚེ་བཀྲའི་ངོ་མདོག་དམར་པོར་གྱུར་ནས་འདི་ལྟར་ལབ།༿རྒྱུ་འབྱོར་བ་རྫ་མགོའི་ཟིལ་བ་འདྲ།།དེ་དེ་རིང་ཡོད་ན་སང་ཉིན་མེད།།སྤུན་གཉེན་གྲོགས་ལང་ཚོའི་རྒྱབ་རི་ཡིན།།དེ་སྒོར་རྡོག་འགའ་ཡིས་ཁུགས་ལེ་མིན།།༾ཅེས་སྤོ་གཏམ་ཡང་ཡང་ལབ་ཞོར་ཕྱིར་རང་ཡུལ་དུ་བུད་སོང་། དེ་ནས་ཉིན་འགའ་འགོར་རྗེས་ཕྱུག་ཐར་འགྱོད་པ་ལྷག་མ་ཞིག་གིས་གཙེས་མཐར་གཞན་ལ་བསྐྱིས་པའི་སྒོར་མོ་ཁྲི་འགའ་བོ་དེ་ཕྱིར་བླངས་ནས་ཕུ་བོ་ཚེ་བཀྲ་སར་འགྲོས་མཉམ་གྱི་གོམ་ཁ་ལྷོད་ཀྱིས་བསྒྱུར། 

 

གསུམ་པ།

ཕྱུག་ཐར་ཚེ་བཀྲ་སར་འགྲོ་བའི་ལམ་སྐབས་སུ་ཚེ་བཀྲའི་སྔོན་གྱི་ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ཚེ་བཀྲ་ཚང་གི་ཕྱོགས་ནས་ཕྱིར་རྫོང་ཐོག་ཏུ་ལོག་པ་དང་འཕྲད། ཕྱུག་ཐར་གྱིས་ཚོང་གྲོགས་དེ་གཉིས་ལ་ཧ་ལས་པའི་ངང་ནས་ཁྱེད་གཉིས་གང་དུ་སོང་བ་ཡིན།  ད་ཐེངས་ཚོང་ལ་ཡོང་ནས་"ཞེས་"དྲིས་པ་ན།  ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ཀྱིས་འདར་མ་འདུར་གྱིས་རྒྱ་སྐད་དུ་<不是不是,我们随便来转转而已,没有其他事>དེ་ཙམ་བརྗོད་རྗེས་ཚོང་གྲོགས་གཉིས་དེ་མུར་ལམ་ལ་ཆས།  ཕྱུག་ཐར་གྱིས་ཀྱང་ད་ཐེངས་ཕུ་བོར་ཁ་རྡུང་མ་བཏང་བ་འགྲིག་སོང་"བསམས"་ནས་སླར་ཡང་གོམ་ཁ་ཚེ་བཀྲ་ཚང་ལ་བསྒྱུར། སྐར་མ་བཅོ་ལྔ་ཙམ་སོང་རྗེས་ཚེ་བཀྲའི་ཁྱིམ་དུ་འབྱོར། ཁོ་རང་ཚེ་བཀྲ་ཚང་གི་ཁྱིམ་"དུ"་འབྱོར་ཡང་ཚེ་བཀྲ་"བཟའ"་མི་གང་བོའི་མ་མཐོང་ཁུལ་བྱས་ནས་འདུག“།”དེ་ནས་ཁོས་ཀུ་རེའི་ཚུལ་དུ་ཁྱེད་"བཟའ་"མི་གང་བོའི་སྨྱུང་གནས་སྲུང་གིན་ཡོད་དམ། ཅེས་ཆིག་ལབ་ཙམ་བཤད་ཞོར་གོ་ཁ་ནས་སྐྱིལ་ཀྲུང་བཅས་ནས་བསྡད་དེ་ཐ་མག་རྐང་གཅིག་བླངས་ནས་འཐེན། དེ་ནས་ཚེ་བཀྲའི་ཆུང་མས་ཕུ་བོ་ཕྱུག་ཐར་[ལ]། ངེད་ཚང་གི་གཅེས་ཕྲུག་ལ་ཆམ་ནད་བྱུང་ཡོད་པས་ཐ་མག་འཐེན་བསམ་ན་ཕྱི་ལ་ཕེབས་རོགས། ཅེས་ཚིག་ཨ་ཙ་མའི་ཤུགས་ནས་བསྣུན་པ་རེད། ཕྱུག་ཐར་གྱིས་སྲི་མོ་གོ་སོང་། ཟེར་བཞིན་ཚེ་བཀྲ་བོས། ཚེ་"བཀྲས"་སྐད་མཐོན་པོའི་ཅི་རེད་ཅི་རེད།  "ཅེས་"ལན་སྤྲད། ཕྱུག་ཐར་གྱིས་ཕུ་བོ་ཚེ་བཀྲ་ཐེངས་སྔོན་མར་ངས་སྒོར་མོ་ཡོད་ཚད་གྲོགས་པོ་བསོད་སྐྱབས་ལ་བསྐྱིས་ཟིན་པས་ཁྱོད་ལ་དུས་ཐོག་ཏུ་སྒོར་མོ་འགའི་དགོས་མཁོ་ཡང་བསྒྲུབས་མ་ཐུབ། དེ་རིང་ངས་གྲོགས་པོ་བསོད་སྐྱབས་ལག་ཏུ་ཡོད་པའི་སྒོར་མོ་ཡོད་ཚད་ཁྱེར་ནས་ཡོང་ཡོད། ཕུ་བོ་དུ་དགོས་"ཞེས་"དྲིས་པ་ན། ཚེ་བཀྲས་ད་ང་ལ་ཁྱོད་ཀྱི་སྒོར་མོ་དེའི་ལས་དབང་མེད་ཐལ། ངས་དེ་རིང་ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ལ་སྒོར་ཁྲི་ལྔ་བཅུ་བསྐྱིས་རྗེས།  ཕྱུགས་ཟོག་གཏའ་མར་བཞག་ཟིན་ཅེས་བརྗོད།  དེ་ནས་ཕྱུག་ཐར་གྱིས་ཧ་ལས་པའི་ངང་ནས་ཕུ་བོ་ཁྱོད་ཀྱིས་དེ་ལྟར་བྱེད་དོན་ཅི་ཡིན། ཁྱོད་ཀྱིས་ནུ་བོ་ང་དུས་ཡུན་ཅུང་ཙམ་ལ་བསྒུག་ན་མི་ཆོག་གམ། ཞེས་"ལེ་"བདའ་ཉུང་ཙམ་བྱས་རྗེས་སྐད་གཉོམ་པོས་ཕུ་བོ། ཚོང་གྲོགས་དེ་གཉིས་ལ་ཚོང་གི་རྫོགས་“ཚ”་ངས་སྟེར།  སྒོར་མོ་འདི་ཁྱོད་ཀྱིས་ལེན་དགོས་ཞེས་ཞུ་བའི་ཚུལ་གྱིས་ཞུས་པ་ན། ཚེ་བཀྲས་བཤད་རྒྱུར་མི་སེམས་ཤ་ཡིས་གྲུབ་པས་དེར་ནད་ཕོག་སླ། དེ་བས་ཁྱོད་ཀྱི་རོགས་རམ་དེ་ད་ནི་ཕུ་བོར་མི་མཁོ།  ཞེས་ལབ། སྐབས་དེར་ཕྱུག་ཐར་ལའང་ཐབས་གཞན་མེད་པར་གྱུར་ཏེ་“སྨྲེང་ཤས་”རི་ལུང་གི་ཁུ་སིམ་དཀྲོག་བཞིན་ཕྱིར་རང་ཡུལ་དུ་ལོག་པ་རེད། 

བཞི་བ།

ཕྱུག་ཐར་ཁོ་རང་ཁྱིམ་དུ་ཐོན་པ་དང་མཉམ་ཏུ་ཚེ་བཀྲའི་ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ཡང་ཁོ་ཚང་ལ་ཐོན། ཕྱུག་ཐར་གྱི་ཆུང་མས་ཁོ་ཚོར་ཇ་བླུགས་རྗེས། སྒོ་ཕྱིར་ཕྱུགས་ལ་ལྟ་རུ་ཆས། ཕྱུག་ཐར་གྱིས་ཚོང་གྲོགས་དེ་གཉིས་ལ་ཐད་ཀར་ཁྱེད་གཉིས་འཚབ་མི་དགོས། ཁྱེད་ཚོའི་ཚོང་ལ་"ངས"་གནོད་པ་སྤུ་ཙམ་ཡང་བྱས་མེད་ཅེས་བརྗོད། སྐབས་དེར་ཚེ་"བཀྲས"ཚོང་གྲོགས་གཉིས་ཀྱི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ལྷག་མ་ཞིག་གིས་འཚོས་ཏེ་ཕྱུག་ཐར་ལ་བཀའ་དྲིན་ཞུ་ཞོར་ཕྱིར་རྫོང་ཐོག་གི་ཕྱོགས་སུ་ལྷོད་ཀྱིས་བཞུད། དེ་ནས་ཕྱུག་ཐར་གྱིས་བློ་རྩེའི་མདའ་མོ་གངས་དཀར་ཏི་སེའི་ཕུ་ཐག་ལ་དེད་ནས་ཕྱིར་འདང་ཞིག་བརྒྱབ་པ་ན་ཁོ་བོའི་ལྷག་བསམ་གྱི་ཡལ་"ག"འི་སྟེང་དུ་གྲི་རྣོན་པོས་གཙག་གཙག་བྱེད་པ་དང་འདྲ་བར་ན་ཟུག་བཟོད་མི་ཐུབ་པ་སྐྱེས། ཁོའི་ཆུང་མས་ཕྱུག་ཐར་ཁྱོད་ལ་ཅི་རེད།  ཁྱེད་"གཅེན་"གཅུང་གཉིས་ཀྱི་བར་"དུ་"གཞན་གྱིས་རྟོགས་མི་ཐུབ་ལ་ན་ཟུག་"གིས་"བཟོད་མི་“དྲགས་”པའི་དོན་རྐྱེན་ཅི་བྱུང་བ་ཡིན།  ཞེས་དྲིས་པ་ན།  ཕྱུག་ཐར་གྱིས་དབུགས་རིང་ཞིག་འབྱིན་རྗེས་ཅང་མ་རེད་ཅེས་ལན་བཏབ། སྐབས་དེར་ཁོས་ཆུང་མ་དང་མཉམ་"དུ་"ཇ་གང་ལ་རོལ་རྗེས་ཡང་བསྐྱར་ཕུ་བོ་ཚེ་བཀྲ་ཚང་ལ་འགྲོ་རྒྱུར་སྟ་གོན་བྱས།

ལྔ་བ།

ཕྱུག་ཐར་གྱིས་ས་ཆེན་གྱི་ཞེ་རྩ་སྨྲེང་ནས་སྐྱོ་སྡུག་གི་"གཡང་"ལ་ལྷུང་བར་འཁུན་སྒྲ་ཅི་ཡང་མ་འབྱིན་པར་ཕུ་བོ་ཚེ་བཀྲ་ཚང་གི་ཕྱོགས་སུ་ལོག ཕྱུག་ཐར་ཚེ་བཀྲའི་ཁྱིམ་ལ་ཐོན་ཁར་བལྟས་པ་ན་ཚེ་བཀྲའི་ཁང་གསར་"ཞིག་"ལེགས་འགྲུབ་བྱུང་ཏེ་སྟོན་མོར་རོལ་བཞིན་པ་མཐོང་། ཚེ་བཀྲ་ཚང་གི་ཐག་ཉེ་སར་གཞིས་ཆགས་པའི་ཁྱིམ་ཚང་དག་ཀྱང་ཁོ་ཚང་གི་ཁང་སྟོན་ལ་ཡོང་ནས་གླུ་དང་གར་གྱིས་སྐྱ་རེངས་བུ་མོའི་དུང་ཤ་སྒུལ་བཞིན་པ་མཐོང་། དེ་ནས་ཁོ་ཚེ་བཀྲ་ཚང་གི་ཁང་གསར་དེའི་ཉེ་སར་བཅར་བ་ན། སྡེ་བའི་བྱིས་པ་འགའ་ཁོའི་ཉེ་སར་ཡོང་སྟེ་ཨ་ཁུ་ཕྱུག་ཐར་ཁྱེད་ཀྱང་ང་ཚོ་དང་མཉམ་ཏུ་ཨ་ཁུ་ཚེ་བཀྲ་ཚང་གི་ཁང་སྟོན་ལ་རོལ་དུ་འགྲོ་"ཞེས་"ཡང་ཡང་བསྐུལ། དེ་ནས་ཕྱུག་ཐར་བྱིས་པ་ཚོ་དང་ལྷན་"དུ་"ཚེ་བཀྲའི་གམ་དུ་སོང་བ་ན། ཚེ་"བཀྲས"སྐད་མཐོན་པོས་ནུ་བོ་དགའ་བོ། རྒྱུ་འབྱོར་བ་སྔ་ཉིན་ཕྱི་ཉིན་ཡིན་ཅེས་པ་བདེན་གི་ཡ། ད་ནི་ཕུ་བོ་ང་ར་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྗེས་བསྙེག་ཐུབ་ཐལ།  ཞེས་ཟུར་སའི་སྐད་ཆ་མང་པོ་བཤད། སྐབས་དེར་ཕྱུག་ཐར་གྱི་ཡིད་ཤིན་ཏུ་ཕངས་"ཏེ་"འཕྲིན་ཡིག་དམར་རྗེན་"ཞིག་"ཕུ་བོ་ཚེ་བཀྲར་བཞག་རྗེས་འཇིག་རྟེན་དཀར་ངོགས་ལ་གྱེས་བྲལ་འཇོག་རྒྱུ་བློ་ཐག་གཏིང་ནས་བཅད།

   ༼འཕྲིན་པ་དམར་རྗེན་མ༽།

  ཕུ་བོ་ཚེ་བཀྲ། ཁྱོད་བདེ་མོ་ཡིན་ནམ། དོ་ནུབ་ཁྱེད་ལ་ལྷག་བསམ་ཆད་པའི་ཧྲག་བར་ནས་དཔལ་འབྱོར་གྱི་བག་མ་གམ་ཏུ་བྱོན་ནས་རྒྱུ་ནོར་གྱ་ནོམ་པ་ཐོབ་སོང་། འོན་ཏེ། ང་ལ་ནོར་འཆུག་གི་གངས་གྲོང་སྐྱ་བོ་ནས་སྡུག་ཡུས་ཀྱིས་མནར་བས་ཁྱེད་ཀྱི་བརྩེ་སེམས་དྲོན་མོ་དེ་ཤོར་སོང་། ཨ་ཤུ་རེ་ཀོ  འཇིག་རྟེན་གྱི་སྐྱིད་སྡུག་འདི་"ངས་"ངོ་མ་ཐེག་དཀའ་ཀི ལྷག་པར་ཕུ་བོ་ཁྱེད་ཀྱི་བརྩེ་དུང་གི་རྨུ་ཐག་ཆད་པའི་སྙིང་གི་རྨ་ཁ་དེ་"ངས་"ངོ་མ་བཟོད་ཐབས་བྲལ། དེ་བས་འཕྲིན་འདིས་མི་ཚེའི་མཇུག་བསྡུ་བར་བློ་ཐག་གཅོད་དགོས་བསམ་བྱུང་།   "ཞེས་"བྲིས་རྗེས་མིག་ཆུ་རྡོག་པོ་རེ་རེས་ཕུ་ནུའི་བརྩེ་དུང་ལ་ཆེས་མཐའ་མའི་རྫོགས་ཚིག་བྲིས།

དྲུག་[པ།]

ཕྱུག་ཐར་ཚེ་བཀྲ་ཚང་ནས་ཕྱིར་ལོག་པའི་ཉིན་དེའི་ཕྱི་དྲོར་ལུང་རྒྱབ་གསེར་ཐང་གི་རྫ་མགོར་འཛེགས། རྫ་མགོ་དེར་ཐོན་རྗེས་ཁོས་ཕུ་བོ་ཚེ་བཀྲར་འབྱོར་ཕྱུག་གི་རི་ལུང་ཐང་གསུམ་གྱི་སྣང་བ་འཕྲོག་པའི་གསོལ་བ་དང་སྨོན་ལམ་ཡང་ཡང་དུ་བཏབ་རྗེས། ལུང་རྒྱབ་གསེར་ཐང་གི་"གཡང་"གཟར་ནས་བྲག་ལ་ལྕེབས། དེ་ལྟར་ལོ་རབས་ཤིག་གི་སྡུག་བསྔལ་དང་ཕངས་སེམས་ཡོད་ཚད་འཇིག་རྟེན་གྱི་སྙིང་སྡུག་ཆུང་མར་བསྐྱུར་ཏེ་ཆེས་ཐག་རིང་གི་འཇིག་རྟེན་དེ་ལ་ལོ་རྒྱུས་ཀྱི་རྐང་བ་སྤོས། འདི་ལྟར་གཏམ་རྒྱུད་ཀྱི་ལོ་ཟླ་དམར་པོ་ཐོབ་ཤོར་གྱི་ལག་བར་ནས་རྒྱང་དུ་བཞུད་"དེ"དུས་རབས་གསར་བའི་སྤྱི་ཚོགས་ལ་བསྐུལ་"སློང་བྱེད་"ཞོར་རང་ཉིད་ཀྱི་ཚེ་སྲོག་ལ་ཆེས་མཐའི་བཞི་ཤད་བྲིས།

ཟུར་འགྲེལ།

   ཐོབ་ཤོར་"ཞེས་"པའི་སྒྲུང་ཐུང་འདིའི་ནང་།རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་ལྟར་དཔལ་འབྱོར་གྱིས་མི་སེམས་ལ་གཡོ་འགུལ་གཏོང་བ་ནི་ཆེས་ཐབས་ཟད་"འུ་"ཐུག་གི་ལོ་ཟླ་སྐམ་པོ་"ཞིག"་དང་འགྱོད་གདུང་གི་ན་ཟུག་གཡོ་མེད་ཅིག་ཡིན་"པ་"ཟུར་དུ་སུན་འབྱིན་བྱས་ཡོད།


རྒྱང་རིང་མིག་གི་འཚོས་བའི་ལམ་འགྲོ་བ།

དང་པོ།

ཉི་རྩེ་ཡིས་རི་ཀླུང་གི་མུན་པ་ཐོལ་གྱིས་གསོས་པ་དང་མཉམ་དུ་ཁྱོད་ཀྱང་ཨ་མའི་མངལ་ནས་རྒྱལ་ཁམས་ཀྱི་ལྗོངས་རྣམ་ལ་ཕེབས་ཡོང་།ཁྱོད་ཀྱི་དང་པོར་མཐོང་བའི་ཁམས་ཆེན་པོ་དེ་ཕལ་ཆེར་འུ་ཚང་གི་ཁང་བའི་དྲ་ཡོལ་ནས་འཕྲོས་པའི་ཉི་འོད་འོག་གི་རི་བོ་ཆུང་ཆུང་དེ་ཡིན་སྲིད་ལ།ད་དུང་རི་འདབས་ན་བེའུ་འཚོ་བའི་བྱིས་པ་པྲ་ཆལ་དེ་ཚོ་ཡིན་ཀྱང་སྲིད་།དུས་དེ་ནི་ཁྱོད་རྒྱལ་ཁམས་ལ་ཕེབས་པའི་ཆེས་སྐྱིད་སྣང་གི་སྤྲོས་པའི་མཛེས་ལྗོངས་ཀྱི་ཉིན་དང་པོ་དེ་ཡིན།།

གཉིས་པ།

ལོ་ཟླ་ཡི་འགྲོས་དང་བསྟུན་ནས་ཁྱོད་ཀྱང་ནར་སོན་ཏེ་ལྗོངས་རྣམ་གཞན་པ་ཞིག་ལ་ཆས་བར་བརྩམས།དུས་རབས་ཀྱི་འཕེལ་ཕྱོགས་ཞིག་གིས་ན་ཆུང་གི་དུས་ནས་ཤེས་རིག་གི་ས་བོན་ཆེས་རྒྱུས་ཆེ་བའི་རང་ཉིད་ཀྱི་དྲན་པར་འདེབས་པ་ནི་ལྡོག་དུ་མེད་པའི་གོ་སྐབས་བཟང་བོ་ཞིག་ཏུ་གྱུར་ཡོད།དེ་བས་སློབ་མ་ཅེས་པའི་མིག་ཚིག་སྣུམ་པོ་དེའང་རིམ་བཞིན་ཁྱོད་དང་འབྱར།ཁྱོད་ཀྱང་མིག་ཚིག་དེར་ཞེ་སེམས་གཏིང་ནས་ཆགས་ཏེ་ཨ་ཕའི་སྒོར་ཁུག་དང་ཨ་མའི་རྩམ་ཁུག་ནས་ཡིད་ཚིམས་པའི་བྲོ་ཁ་ཁྱེར་དེ་སློབ་ཆུང་ཅེས་པར་མི་ཚེ་ཡི་གོམ་པ་དང་པོ་སྤོས།ཁྱོད་ཀྱིས་དང་པོར་ཤེས་རིག་གི་ལྡིང་ག་ནས་དབྱངས་གསལ་སོ་བཞི་བྱིས་ཆུང་ཇོ་ཀའི་གྲེ་འགྱུར་དང་འགྲོགས་ནས་དབྱངས་སུ་གྱེར།ད་དུང་སྣ་མི་གཅིག་པའི་བསླབ་བྱ་གཞན་དག་ཀྱང་རང་ནུས་ཅི་ལྕོགས་ཀྱིས་སྤྱངས།སྐབས་དེ་རུ་དགེ་རྒན་གྱི་བརྩེ་བའི་དྲོད་ཁོལ་ཐོག་མ་འཛུམ་མདངས་དང་རྩེད་རའི་ཁྲོད་ནས་མྱངས།དབྱངས་གསལ་དང་དགུ་མཐའི་གོ་རིམ་བར་ནས་མྱངས། དེ་དུས་དགེ་རྒན་གྱི་བརྩེ་སེམས་ལས་མཆེད་པའི་བཀའ་དྲིན་མཐོང་མྱོང་མེད་ལ།ཕ་མ་ཡི་རྔུལ་ཆུ་ལས་བྱུངས་བའི་གཅེས་སེམས་དེ་ཡང་རིག་ཐུབ་མེད།མི་ཚེ་རླུང་གིས་ཁུར་བ་ནང་བཞིན་སློབ་ཆུང་གི་འཚོ་བ་ནས་སློབ་འབྲིང་གི་འཚོ་བར་སྔ་ལྟོས་བྱེད་དབང་ཙམ་ཡང་མ་དྲན་པར་སྐད་ཅིག་ཡུན་ཙམ་ལ་ཤེས་རིག་གི་ལྡིང་ཁང་གཞན་ཞིག་ལ་སྟ་གོན་དང་བཅས་སྟེ་གོམ་པ་ལྷོད་ཀྱིས་སྤོས།སྐབས་དེ་དུས་དགེ་རྒན་གྱིས་ཁྱོད་དང་ང་ཡི་རྣ་ལམ་ལ་བརྩི་བཀུར་དང་ཕུགས་བསམ་ཞེས་པའི་ཐ་སྙད་གསར་བ་ཞིག་བཞག།འུ་ཚོས་ཀྱང་རང་ཉིད་ལ་ཕུགས་བསམ་མང་པོ་ཞིག་བཞག་ནས་མ་འོངས་པར་སྨོན་ལམ་བརྒྱབ་མྱོང་།དམའ་འབྲིང་གི་མི་ལོ་གསུམ་ཁད་ཀྱི་འདས་ནས་མཐོ་འབྲིང་གི་ཐེམ་སྟེགས་བཙན་པོ་དེར་ལག་ཟུང་འཇུ་དུས།སྔོན་ཆད་རང་ཉིད་ལ་བཞག་པའི་ཕུགས་བསམ་ཇེ་ཉུང་དུ་སོང་འདུག།

 གསུམ་པ།

མཐོ་འབྲིང་ལ་འཛོམས་པའི་ཉིན་དང་པོར་འུ་ཚོ་རང་རང་གི་སེམས་ལ་ང་ནར་སོན་འདུག།ངའི་རང་མགོ་ཐོན་སོང་སྙམ་པའི་བག་ཆགས་ཟབ་མོ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།མཐོ་འབྲིང་གི་དགེ་རྒན་རྣམས་ཀྱིས་ཀྱང་ད་ནི་ཁྱོད་ཚོ་ནར་སོན་སོང་།སྔོན་ཆད་ཀྱི་སློབ་ཆུང་དང་སློབ་འབྲིང་གི་སྐབས་དང་མི་འདྲ་བར་ཁྱོད་ཚོ་དེ་རིང་ནས་བཟུང་སློབ་གསོ་དང་བརྩི་བཀུར་ཟུངས་ལྡན་གྱི་སློབ་བུ་ཡ་རབས་ཤིག་བཅའ་དགོས་ལ།མ་འོངས་པར་སློབ་ཆེན་གྱི་ཐེམ་སྐས་ལས་གྲོལ་རྗེས་སྤྱི་ཚོགས་ཀྱི་སྤྱི་མི་རྣམ་དག་ཟོལ་མེད་ཞིག་བཅའ་དགོས་ཚུལ་སོགས་ཁ་ལྕེ་ཝུ་བ་དང་ཀླད་པ་ད་ར་བྱས་ནས་ཡང་དང་ཡང་དུ་ལབ།ཙག་ཙིག་དང་དགའ་སྐྱོ་ཡི་མི་ཚེའི་ངུ་དགོད་ཀྱི་སློབ་ཁྲིད་རེ་རེའི་བརྒྱུད་རིམ་བར་ནས་མི་ལོ་བཅུ་གཉིས་ལ་དེ་ལྟར་དངངས་འཚུབ་ཀྱི་ངང་ནས་དབུ་ཁྱུད་བྲིས།མི་ལོ་བཅུ་གཉིས་དེ་རང་བཞིན་གྱི་ལོ་ཚིག་ཞིག་མིན་ཏེ།མི་ལོ་དེ་དག་ལ་དྲིན་ཆེན་ཕ་མར་འཛུམ་མདངས་བསྩོལ་མྱོང་ལ་འཁང་ར་ཡང་འཇོག་མྱོང་།དགེ་རྒན་དམ་པ་ཚོར་ཡིད་ཆེས་ཕྱིན་མྱོང་ལ་ལས་བདའ་ཡང་བསྐྱུར་མྱོང་།དེ་ལྟར་སློབ་ཕྲུག་འཚོ་བ་བདེན་བདེན་ཅོག་ཅོག་གི་ཟིན་ཐོར་བཀོད།ད་ནི་ང་ཚོ་སློབ་ཆེན་ལ་དབུ་བཙུགས་ཟིན།སློབ་ཆེན་གྱི་སློབ་རའི་མཁའ་དབུགས་རང་དབང་གི་བཅིངས་ཡོད་ནའང་།ང་ཚོའི་རང་དབང་དེའི་ཁྲོད་ན་རང་ཉིད་འབོར་ཀྱིན་པ་སུ་ཡིས་གསལ་བདེབས་བྱེད།ང་ཚོའི་རང་དབང་དེའི་ཁྲོད་ནས་སློབ་གྲོགས་ཕན་ཚུན་གྱི་བརྩེ་བ་བཙོང་བཞིན་པ་སུ་ཡིས་བཤད།སློབ་གྲོགས་ཚོ།སྤྱི་ཚོགས་ཀྱི་ཟང་ཟིང་འུ་ཚོ་དང་ཐག་ཉེ་རུ་ཕྱིན་སོང་།སྤྱི་ཚོགས་ཀྱི་གདོང་འབག་སྲ་མོ་དེ་འུ་ཚོ་དང་འབྱར་ལ་ཉེ།མདུན་ལ་ལྟོས་དང་སློབ་གྲོགས་ཚོ།འཆར་ཡན་གྱི་སྒོ་མོ་རིང་དུ་ཕྱེས་དང་སློབ་གྲོགས་ཚོ།།

བཞི་བ།

ད་ནི་སྙིང་ལ་ཉེ་བའི་དྲིན་ཆེན་དེ་ཚོ་སེམས་པའི་བང་རིམ་ལ་ཆོངས་དང་།རྒྱལ་ཕམ་གྱི་ཟམ་ཆེན་ལ་རྐང་བ་མཉམ་དུ་སྤོ།ད་ནི་མིག་ཟུང་ཅེར་བའི་གཉེན་ཉེ་ཚོ་སྣང་བའི་གཤོག་སྟེང་དུ་ཞོག་དང་།འགྲན་རྒྱུག་གི་གོམ་པ་ལྷན་དུ་རྐྱོང་།སློབ་གྲོགས་ཚོ།ང་ཚོ་ནམ་ཡང་རང་ཉིད་ངོ་མ་མི་འབོར་བའི་རང་ཉིད་བྱེད་ལགས།ང་ཚོ་ནམ་ཡང་ཕུགས་བསམ་དང་དགའ་ཕྱོགས་ལ་ཞེན་པའི་རང་ཉིད་ངོ་མ་དེ་བྱེད་ལགས།། །།

༢༠༡༨ལས༡༠བའི་ཚེས༢༣ཉིན་ཚ་འདམ་ནས་བྲིས།

戛尔白鹰诗集<路人>作品

我的柴大木学院                

是一种突然间从我梦的辔头拉回的缘分

是一种父母亲酒窝护送的缘分

今天与我近在咫尺

给予我青春的力量

 

啊!

青海湖过往的胸膛

格尔木阴阳地的盆地

交通从天而降的中心

那是写下我美梦的纸张

且是展开力量的双臂的地方

 

祖国越来越变大时

虽然格尔木越来越变小

与我有幸遇上的学院已归日月的怀抱

这所三千个少数民族形成的学院

今日与团结的温暖新建前进的大桥

今日追寻生活的滋味且爱护亚洲的灵魂

 

啊!

就在今日

海拔有2980米高的德令哈城市

因国家与民族给予的荣光学院更加美丽精彩

因此这学院是无眼的宝刀

因此这学院是德令哈无灭的滋味

 

我有一个梦

那是为了寻找一道光

我用灵感写下的光环不是虚幻的魔术

那是今天的学院

那是握在我双手的这所学院

 

今夜我所目睹的是职业和个性合理的踢踏

是纯净的影像与装束形成的笑容

还有五彩的电灯形成的学院啊!

 

学院的铃声让我找到了来日的预备方向

学院的能力让我开机了现在

德令哈啊  我的学院

德令哈啊  智慧的凉亭

你是现今生活的温暖

又是未来祖国的希望之景也

 

我的德令哈   

我的柴达木学院啊

勤奋双翼的折点

职业培育的良田

您万岁万岁万万岁!

2018年9月16日

 

黑暗中的我

没有阳光的地方

我看到了阳光的滋味

没有亲戚的地方

我看到了亲戚的容貌

这就是“黑暗”的另一方面

我不想过“黑暗”中的日子

但我想过“黑暗”的另一方面

是开放经济的社会

是热血青年的脚步

“黑暗”中的我

没有失望过自己

但天天交流过自己

“黑暗”中的我

没有发挥过自己

但每日提醒过自己

这样的日子里

我听到了那些

找到了这些

有时候

“黑暗”让我带来了好处

有时候

“黑暗”让我带来了坏处

从今日

我在选择中忙着

从今日

我在“黑暗”中笑着

2018年10月11日

什么叫做担心

眼泪改成微笑的心想

困难改成成功的兴奋

这叫做担心

每个人的心愿天天待在心里

提醒每个人人生道路的方向

这叫做担心

那儿有控制不了自己的人

这儿去帮他找灿烂的人生

这叫做担心

好多担心受怕的世界里不低头

好多无法感情的社会里不回头

担当地去帮后面前进不了的青年

这叫做担心

担心是人生中解释不了的名词

担心是科学家研究不了的意义

这也叫担心

所以我想象中的担心叫做感情

就在我身边提到的那些

尝过的这些

闻过的一切

2018年10月12日

人间的天堂

梦想中琢磨出来的天堂

幻想中最令人感动的天堂

也是世界唯一的镜子

算是人间的天堂

五颜六色的花朵唱着情歌

各种各样的树木跳着舞蹈

还有现代青年的笑容

也算是人间的天堂

这样的环境中

自然的天堂给我带来了说不出的温暖

写不完的故事

这是我昨天的故事

这是我昨天想想出来的人间

但今日

世界默默地看着我

哎!人间的天堂

当代的技术慢了吗

科学的发展快了吗

你的灿烂从那儿去了

你的辉煌从那儿丢了

从今日

我看见的是没有眼睛的世界

他提到的是黑乎乎的风景

这样的世界上

我以后怎么写人间的天堂

我以后怎么图环境的美貌

人间的天堂啊

千千万万的问题谁来答

景色美丽的人间谁能见

哎……哎——

2018年10月15日

 

宪法在我心中                             

我从小时候就不懂什么是宪法,宪法有什么用处?但我现在都已懂得了宪法,现在的生活中我没有离开过宪法,宪法带来了现代的生活.宪法带来了人生的道路。

 

我没有想过不懂宪法的人,但我这几年看到了这样的人。这样的人不理解别人的想法,还看他们看不到现代的社会,也听不见现代社会带来的宪法。因为他们没有参加过现代社会带来的宪法过程,我想宪法是现代社会的助手,没有了宪法,人们没有灿烂的手绘,也没有灿烂的生活。我为什么这样说?原因以前的生活中没有灿烂。也没有灿烂社会的味道。是因为他们没有想过什么是宪法。怎样叫发展宪法,但一直以来人们追到了宪法,宪法带来的社会发展的内容。所以现代的每一个人爬到了明天的雪山,找到了后天的阳光。今天我想说宪法在我心中。从今日,蓝蓝的天空看着宪法的力量,高高的山峰让我提醒了以后的社会。社会不能离开宪法,宪法更不能离开社会上的每一个人。因为宪法是发展社会的方法,所以发展是宪法的过程中出现的,没有宪法的社会,更没有发展。以前藏族的作家这样说过,发展了宪法,就要发展社会的词语。我想这个应该会支持的想法,国家没有了宪法,人能怎样配合国家的发展。国家没有发的,人们怎样过个人的生活,所以宪法在我心中。从明日,我会看到宪法的美好,从明日,每个人都能看到宪法的美好,所以宪法在我心中。有了宪法,我们每一个人会有温暖的国家,也有温暖的家乡。   

 

我再次想说,宪法是社会发展的助手,宪法是天边灿烂的阳光,宪法是人们心中的宝贝,宪法是国家接受的法律,宪法是社会平安房子,宪法是追到梦想的翅膀。宪法在我心中,我不会离开宪法,宪法帮我找明天的人生。所以谢谢您国家,谢谢你发展,也谢谢您宪法。

2017.9.9日


纯净的论藏

戛尔 白鹰 同德

扫清覆上灰土与尘埃的帘子

清洗痰与细菌的环境

复诊再诊五官系统

不等的毒品示出化学的魔术

不同的颜面演着教育的戏剧

那个人把污秽夹杂着实践和感觉

这是纯净的论藏

这是主体与浪漫漆成的论藏

这是色界与无色界的生命也

2018.9.14日校院


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཞོགས་སྨུག Early mist སྤེལ་དུས:2018/11/8
ཉི་མའི་བུ་རྒྱུད་ཅེས་པ་དེ་དངོས་གནས་ཡག་པོ་བྲིས་གདའ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12609688
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号