རྔ་བའི་སྐབས་གཉིས་པའི་གནའ་རྫས་འགྲེམ་སྟོན་ཆེན་མོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »རྔ་བའི་སྐབས་གཉིས་པའི་གནའ་རྫས་འགྲེམ་སྟོན་ཆེན་མོ།
རྔ་བའི་སྐབས་གཉིས་པའི་གནའ་རྫས་འགྲེམ་སྟོན་ཆེན་མོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/12/7ལྟ་ཀློག (5237)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྔ་ཡུལ་ནས་སྐབས་གཉིས་པའི་གནའ་རྫས་འགྲེམ་སྟོན་ཆེན་མོ་འཚོགས་པར་རྟེན་འབྲེལ་ཞུ།


འགན་འཛིན་པ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

     རྒྱུས་ལོན་བྱུང་བ་ལྟར་ན་སྤྱི་ལོ༢༠༡༨ལོའི་ཟླ་༡༡པའི་ཚེས་༢༩ཉིན་མདོ་སྨད་རྔ་ཡུལ་གཡང་ལྡན་ཕྱུག་མོ་ནས་སྐབས་གཉིས་པའི་གནའ་རྫས་འགྲེམ་སྟོན་ཆེན་མོའི་མཛད་སྒོ་བསྡུས།

     གནའ་རྫས་འགྲེམ་འཚོང་གི་ཚོགས་འདུའི་མཛད་སྒོ་འདི་ནི་རྔ་བའི་ན་གཞོན་ལྷག་བསམ་ཅན་ཚོང་བ་ཚེ་རིང་ལགས་ཀྱིས་གཙོ་བསྒྲུབས་བྱས་ཤིང་མཛད་སྒོའི་སྟེང་དུ་རང་ཞིང་གི་སི་ཁྲོན་དང་། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། བོད་ལྗོངས་ལྷ་ས་སོགས་བོད་མདོ་དབུས་ཁམས་གསུམ་གྱི་ཚོང་རམས་པ་ཉིས་བརྒྱ་ལྷག་ཞུགས་པར་མ་ཟད།   རྒྱ་དང་ཁ་ཆེ་སོགས་མི་རིགས་གང་མང་ཞིག་ཀྱང་ཕན་ཚུན་ལ་མཐུན་སྒྲིལ་ངང་གནའ་རྫས་ཉོ་ཚོང་གི་མཛད་སྒོ་འདིར་ཞུགས་ཏེ།  མི་རིགས་རང་རང་གི་གནའ་བོའི་ཁྱད་ཆོས་འབུར་ཐོན་གྱི་ཐོན་རྫས་རྙིང་བ་རྣམས་བཤམས་སྟོན་དང་འགྲེལ་བཤད་བྱས་ཤིང་། གནའ་རྫས་ལ་དགའ་མོས་ཡོད་མཁན་དང་ཉོ་མཁན་སོགས་མི་གྲངས་སྟོང་ཕྲག་མང་བོར་ཧ་ལས་པའི་སྤྲོ་སྣང་སྦྱིན་བྱུང་ཟེར།

     ད་དུང་གནའ་རྫས་འགྲེམ་འཚོང་འདིས་དཔལ་འབྱོར་མཉམ་སྤེལ་དང་གནའ་རྫས་ཉོ་བསྡུའི་རིན་ཐང་ལྟ་བ་སོགས་གོམ་གང་མདུན་སྤོས་ཀྱིས་རྔ་བའི་ལུང་བར་སྔར་མ་བྱུང་བའི་གནའ་རྫས་འགྲེམས་ཚོང་འདུ་འཛོམས་ཆེ་ཤོས་ཤིག་ཆགས་པ་དང་རྔ་བའི་མགྲོན་ཁང་ཟ་ཁང་ཚོང་ཁང་སོགས་ལའང་ཚོང་ལས་གཞན་གྱི་ཐད་ནས་ཀྱང་གོ་སྐབས་མང་བོ་སྤྲད་འདུག་ཟེར།


     འགོ་འཛིན་པ་ཚེ་རིང་གི་གཏམ་བཤད་ཉིང་བསྡུས། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་ཚོང་དཔོན་རྣམ་པ་ལགས། ངས་འདི་ནས་རྔ་བ་རྫོང་གི་ཚོང་ཚོགས་ཀྱི་ཚབ་བྱས་ཏེ། ལྷག་བསམ་རྣམ་དག་གི་ངང་ནས་ཁྱེད་རྣམ་ཕེབས་པར་དགའ་བསུ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ཁྱེད་རྣམ་པས་དགུན་གྱི་གྲང་ངར་ལ་མ་འཛེམས་པར། ཨ་མདོ་རྔ་གཡང་ཕྱུག་མོའི་གནའ་རྫས་ཚོང་ཚོགས་འདིའི་སྟེང་དུ་ཕེབས་པར། བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག། བོད་ཁམས་ཀྱི་གནའ་རྫས་ཚོང་ཚོགས་སྐབས་དགུ་བ་དང་། རྔ་བ་རྫོང་གི་གནའ་རྫས་ཚོང་ཚོགས་སྐབས་གཉིས་པ་དེ། ད་ལྟ་དངོས་སུ་འཚོགས་ཐུབ་པ་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་དང་། ཚོང་ལས་ཀྱི་ཚོགས་འདུ་ཆེན་པོ་འདི་ལ་བརྟེན་ནས་ཁྱེད་ཅག་ཕན་ཚུན་ངོ་ཤེས་ཀྱི་ཚོང་གྲོགས་སུ་གྱུར་པ་དང་། མ་འོངས་ཚོང་ལས་ཀྱི་ལམ་ཁ་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་དང་། བསམ་དོན་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།


གནའ་རྫས་ཚོང་རའི་ཡུལ་དངོས།


ཚོང་ཟོག



ཚོང་ཚོགས་འདི་ལ་རྒྱབ་སྐྱོར་གནང་མཁན་ཚོར་ལེགས་སྐྱེས་འབུལ་བཞིན་པ།


སྐབས་གཉིས་པའི་གནའ་རྫས་འགྲེམ་སྟོན་དང་ཉོ་འཚོང་ཆེན་མོ་གཟབ་དགྱེས་ཤིག་འཚོགས་ཏེ་བདེ་བླག་ངང་མཇུག་བསྡུས།

གསར་འགོད་པ།  སྐུད་པ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41310551
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1