མགོ་ལོག་ཁུལ་དུ་བོད་ལུགས་སྨན་ལུམས་རྒྱག་སྟངས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 14 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མགོ་ལོག་ཁུལ་དུ་བོད་ལུགས་སྨན་ལུམས་རྒྱག་སྟངས་ཀྱི་བཞུགས་མོལ་ཚོག
མགོ་ལོག་ཁུལ་དུ་བོད་ལུགས་སྨན་ལུམས་རྒྱག་སྟངས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/12/26ལྟ་ཀློག (2169)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      2018ལོའི་ཟླ12པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་ལིའུ་ཞྭ་ལགས་ཀྱིས་གཙོ་འཛིན་བྱས་ཏེ“བོད་ཀྱི་གསོ་རིག་སྨན་ལུམས་རྒྱག་སྟངས”དེ་མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་རིག་གནས་སློབ་གསོ་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་ཀྱི་ཟིན་ཐོར་བཀོད་པའི་བཞུགས་མོལ་ཚོགས་འདུ་འཚོགས། ཞིང་ཆེན་མི་དམངས་བསྐོས་མི་ལྷན་ཁང་དང་། ཞིང་ཆེན་བོད་ཁུལ་ལས་སྒྲུབ་ཁང་། ཞིང་ཆེན་ཀྲུང་བོད་སྨན་རྫས་དོ་དམ་ལས་ཁུངས། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་། ཞིང་ཆེན་བོད་སྨན་དངོས་དམངས་བཤམས་སྟོན་ཁང་། མགོ་ལོག་ཁུལ་རྨ་ཆུའི་མགོ་ཁུངས་བོད་རིགས་སྐྱེ་ཁམས་རིག་གནས་དང་ལུས་གསོ་འཕྲོད་སྦྱོར་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་གདན་ཞུ་བྱས་པ་ལྟར། མགོ་ལོག་ཁུལ་ཧི་མ་ལ་ཡ་བོད་སྨན་ཞིབ་འཇུག་སློབ་ཚོགས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ལ་ཞུགས་ཏེ། རྗེས་ཕྱོགས“བོད་ཀྱི་གསོ་རིག་སྨན་ལུམས་རྒྱག་སྟངས”སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བའི་སྐོར་ལ་བགྲོ་གླེང་མཛད།

      2018ལོའི་ཟླ11པའི་ཚེས28ཉིན། རང་རྒྱལ་གྱིས་སྙན་ཞུ་བྱས་པའི་བོད་ཀྱི་གསོ་རིག་སྨན་ལུམས་རྒྱག་སྟངས་ཏེ། ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་རིགས་སྔོན་འགོག་སྐོར་གྱི་ཤེས་བྱ་དང་ལག་ལེན་དེ་རྒྱལ་ཁའི་ངང་མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་རིག་གནས་སློབ་གསོའི་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་ཀྱི་ཟིན་ཐོར་བཀོད། “བོད་གསོ་རིག་སྨན་ལུམས་རྒྱག་སྟངས”ནི་རང་བྱུང་ཆུ་ཚན་དུ་སྡོད་པ་དང་ཡང་ན་སྨན་རྫས་ཆུའི་ནང་དུ་བསྐོལ་རྗེས་དེས་ཁུ་བ་དང་ཡང་ན་རླངས་པ་ལ་བརྟེན་ནས་ལུས་སེམས་གསོས་ཏེ། ཚེ་སྲོག་བདེ་ཐང་དང་ནད་རིགས་སྔོན་འགོག་བྱེད་པའི་སྲོལ་རྒྱུན་ཤེས་བྱ་དང་ལག་ལེན་མངོན་འགྱུར་བྱེད་པའི་ཐབས་ལམ་ཞིག་ཡིན། དེ་ནི་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཀྱི་ས་ཁུལ་དུ་ཁྱབ་ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན། བོད་གསོ་རིག་གི་བརྩམས་ཆོས་གྲགས་ཅན《གསོ་རིག་རྒྱུད་བཞིའི》ཁྲོད། བོད་གསོ་རིག་སྨན་ལུམས་ཀྱི“ལུམས”ཞེས་པའི་ཐ་སྙད་འདི་ཐེངས167ལ་བྱུང་ཡོད་པ་དང་། ལུམས་ཞེས་པའི་ཐ་སྙད་འདི་ལ་གོ་བ་ལེན་སྟངས་རིགས་མི་འདྲ་བ20ལྷག་ཡོད།

      ཞིང་ཆེན་རིག་གནས་དང་ཡུལ་སྐོར་ལས་ཁུངས་ཀྱི་འགོ་ཁྲིད་ཀྲང་ཉིན་གྱིས་གསུངས་རྒྱུར། བོད་གསོ་རིག་སྨན་ལུམས་རྒྱག་སྟངས་དེ་འཛམ་གླིང་དངོས་མིན་ཤུལ་བཞག་རིག་གནས་ཁྲོད་ཚུད་པ་དེར་དོན་སྙིང་གཏིང་ཟབ་ལྡན་པ་དང་། དེ་ནི་ང་ཚོ་མཚོ་སྔོན་གྱི་གཟི་བརྗིད་ཡིན་པར་མ་ཟད། ཀྲུང་གོ་དང་ཐ་ན་འཛམ་གླིང་གི་གཟི་བརྗིད་ཀྱང་ཡིན། ཕྱིས་སུ་ང་ཚོས་ངེས་པར་དུ་བོད་གསོ་རིག་སྨན་ལུམས་རྒྱག་སྟངས་སྐོར་གྱི་ཡིག་རྙིང་དང་རྒྱུ་ཆ་འཚོལ་བསྡུ་དང་ལེགས་སྒྲིག་ཡག་པོ་བྱེད་དགོས་པར་མ་ཟད། སྲུང་སྐྱོབ་འདུ་ཤེས་ཀྱི་དམ་བཅའ་བརྩི་སྲུང་ཕྱོགས་ལའང་ཤུགས་སྣོན་དང་། “བོད་གསོ་རིག་སྨན་ལུམས་རྒྱག་སྟངས”སྲུང་སྐྱོབ་དང་རྒྱུད་འཛིན་བྱ་བའི་གལ་ཆེན་རང་བཞིན་གྱི་ཤེས་རྟོགས་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། སྲུང་སྐྱོབ་དང་བེད་སྤྱོད་ཀྱི་བྱ་བར་གཟབ་ནན་གྱིས་ལག་ལེན་བྱས་ཏེ། དེའི་རིག་གཞུང་ཞིབ་འཇུག་དང་། རིག་གནས་ཉིང་བཅུད་སྔོག་འདོན། བརྟག་དཔྱད་དང་བཅོས་ཐབས་ཀྱི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན་དར་སྤེལ་དུ་བཏང་སྟེ། ཁྱབ་བསྒྲགས་ཀྱི་ནུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། དེ་མིན་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། “བོད་གསོ་རིག་སྨན་ལུམས་རྒྱག་སྟངས” དེ་དམངས་ཁྲོད་དང་། སློབ་ར། ཁེ་ལས་སོགས་སུ་སྤེལ་ནས་རྣམ་པ་རྒྱ་ཆེ་བའི་སྒོ་ནས་སྤུས་རྟགས་ཅན་དུ་བསྒྱུར་དགོས།

     འཛམ་གླིང་དངོས་མིན་ཤུལ་བཞག་རིག་གནས་ལ་སྙན་ཞུ་བྱེད་སྐབས། མགོ་ལོག་ཁུལ་ཧི་མ་ལ་ཡ་བོད་སྨན་ཞིབ་འཇུག་སློབ་ཚོགས་ཉིད་བོད་རང་སྐྱོང་ལྗོངས་དངོས་མིན་ཤུལ་བཞག་རིག་གནས་སྙན་ཞུའི་བྱ་བར་ཞུགས་ཏེ། ཕྱོགས་ཡོངས་ནས་ཧུར་བརྩོན་སྒོས་རམ་འདེགས་བྱས། སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་བཞུགས་མོལ་ཚོགས་འདུའི་ཁྲོད་གཏམ་བཤད་གནང་སྐབས། གསུངས་རྒྱུར་བོད་ལུགས་གསོ་རིག་སྨན་ལུམས་ཤེས་རྟོགས་དང་བེད་སྤྱོད་མཁན་སྔར་ལས་ཇེ་མང་དུ་འགྲོ་བ་དང་། ངེད་སློབ་ཚོགས་ཀྱི་མིང་དུ་གྲགས་པའི་ཚོགས་གཙོ་སྟེ། སྔར་མཚོ་སྔོན་བོད་སྨན་ཁང་གི་འགོ་ཁྲིད་སློབ་དཔོན་ཆེན་མོ་ཁ་ལོ་དང་། སྒ་དཔའ་ཆེན། ཉི་མ། ཞིན་ཆོན་ཀྲང་། ལིས་ཀྲན་ཚའེ། སྒ་ཨོ་རྒྱན། ཀླུ་བྱམས་རྒྱལསོགས་ཆེད་མཁས་པ་ཚོས་འབད་བརྩོན་བརྒྱུད། བོད་སྲོལ་རྒྱུན་གསོ་རིག་སྨན་ལུམས་རྒྱག་སྟངས་དང་དེང་རབས་གསོ་རིག་གི་བཅོས་ཐབས་གཉིས་ཟུང་འབྲེལ་དང་། གསར་སྤེལ། འཕེལ་རྒྱས་བཅས་བྱས་ཏེ། བོད་ལུགས་གསོ་རིག་སྨན་ལུམས་རྒྱག་སྟངས་ཀྱི་ནད་ཐོག་དངོས་བཅོས་ཀྱི་མ་ལག་ཚད་ལྡན་ཞིག་གྲུབ་པར་མ་ཟད། བོད་ལུགས་གསོ་རིག་སྨན་ལུམས་རྒྱགས་སྟངས་དེ་དེང་རབས་གསོ་རིག་མ་ལག་ཁྲོད་ཐོག་མར་ཚུད་དུ་བཅུག

      1988ལོར་སློབ་དཔོན་ཆེན་མོ་ཁ་ལོས་གཙོ་འཛིན་བྱས་ཏེ་བོད་ལུགས་གསོ་རིག་སྨན་ལུམས་ཀྱི་གསོ་ཐབས་གྲུམ་བུ་དཀར་པོའི་ནད་ཀྱི་ཕན་ནུས་བརྟག་དཔྱད་ཚན་ཞིབ་བྱ་བའི་ཁྲོད། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བསྐོས་མི་ལྷན་ཚོགས་ཀྱིས《ཚན་རིག་གྲུབ་འབྲས་གཟེངས་རྟགས་དཔང་ཡིག》གནང་།

      1991ལོར་སློབ་དཔོན་ཆེན་མོ་ཁ་ལོ་མཚོ་སྔོན་བོད་ཀྱི་གསོ་བ་རིག་པའི་ཚབ་བྱས་ནས།པེ་ཅིན་དུ་བསྡུས་པའི་སྐབས་དང་པོའི་རྒྱལ་སྤྱིའི་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་ལ་ཞུགས་ཏེ། “བོད་ལུགས་གསོ་རིག་སྨན་ལུམས་ཀྱི་གསོ་ཐབས་གྲུམ་བུ་དཀར་པོའི་ནད་དཔེ53པའི་ཕན་ནུས་བརྟག་དཔྱད”ཀྱི་རིག་གཞུང་སྙན་ཞུ་བྱས་པ་བརྒྱུད། རྒྱལ་སྤྱིའི་གསོ་རིག་ཆེད་མཁས་པ་ཚོས་བོད་ལུགས་གསོ་རིག་སྨན་ལུམས་རྒྱག་སྟངས་ལ་ཚད་མཐོན་པོས་ངང་ཤེས་རྟོགས་དང་གདེང་འཇོག་ཐོབ། ཕྱིས་སུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སྨན་ལུམས་ཚན་ཁག་དེ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་མ་ལག་གི་མིང་གྲགས་ཚན་ཁག་དང་།ཞིང་ཆེན་རིམ་པའི་ཁྱད་རྟགས་ཆེད་ཚན། རྒྱལ་ཁབ་རིམ་པའི་ཚན་ཁག་གཙོ་བོ་བཅས་ཀྱི་མིང་རྟགས་ཐོབ།  ལོ་ངོ་ཉི་ཤུ་ལྷག་གྱི་ཚན་རིག་དང་མཐུན་པའི་ནད་ཐོག་དངོས་བཅོས་ཀྱི་ལག་ལེན་བརྒྱུད། བོད་གསོ་རིག་སྨན་ལུམས་རྒྱག་སྟངས་ཀྱིས་རླུང་རླན་ནད་དང་། གྲུམ་བུ་དཀར་པོའི་ནད་སོགས་ལ་ཕན་ནུས་ཆེན་པོ་ཐོན་པ་དངོས་སུ་བདེན་དཔང་དང་ར་སྤྲོད་བྱས།དེའི་ཕན་འབྲས་ཀྱི་ཚད་བརྒྱ་ཆའི94.6%ལ་སླེབས་པ་དང་། དྲག་སྐྱེད་བྱུང་ཚད40.6%ལ་སླེབས། བོད་ལུགས་གསོ་རིག་སྨན་ལུམས་རྒྱག་སྟངས་ལ་མཚོན་ན་སྨན་བཅོས་ཀྱི་དུས་ཡུན་ཐུང་ལ།ཕན་འབྲས་མངོན་གསལ་ཐོན་པ། རྒྱུན་སྐྱོང་གྱི་དུས་ཚོད་རིང་བ། ལྡོག་ཕྱོགས་ཀྱི་གནོད་པ་མེད་པ་དང་།དེ་ལ་ནད་བཅོས་དང་། སྔོན་འགོག བདེ་སྲུང་བཅས་ལ་མཉམ་དུ་ཕན་པའི་ནུས་པ་ལྡན།

     2012ལོར་སློབ་དཔོན་ཆེན་མོ་ཁ་ལོ་ལགས་ཀྱིས་མཚོ་སྔོན་བོད་ལུམས་སྐྱེས་དངོས་ཚན་རྩལ་ཚད་ཡོད་ཀུང་སུ་དངོས་སུ་གསར་དུ་བཙུགས་པར་མ་ཟད། ཁ་ལོ་སྨན་ལུམས་ཆེད་མཁས་ཚོགས་པའང་རྩ་འཛུགས་བྱས། སྔ་རྗེས་སུ་དེ་སྔའི་ཞིང་ཆེན་བོད་སྨན་ཁང་ཞིབ་འཇུག་ཁང་གི་མགོ་གཙོ་ཞིན་ཆོན་ཀྲང་དང་མིང་དུ་གྲགས་པའི་བོད་སྨན་ཆེད་མཁས་པ་སློབ་དཔོན་ཆེན་མོ་མའོ་ཅིས་ཙོའུ། མགོ་ལོག་ཁུལ་བོད་སྨན་ཁང་གི་མགོ་གཙོ་ཏུང་སྐྱེས། མཚོ་སྔོན་སློབ་ཆེན་བོད་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་སྐར་མ་ཚོགས་གཉིས། མགོ་ལོག་ཁུལ་བོད་སྨན་ཁང་གི་མགོ་གཙོ་གཞོན་པ་འཇམ་དབྱངས། སློབ་དཔོན་ཆེན་མོ་རིན་ཆེན་དོན་འགྲུབ།མཚོ་སྔོན་མི་རིགས་སློབ་ཆེན་གསོ་རིག་སློབ་གླིང་གི་འབུམ་རམས་པ་རིག་འཛིན་ཚེ་བརྟན། མཚོ་སྔོན་སློབ་ཆེན་བོད་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཀུན་བཟང་རྒྱལ། ཁ་ལོ་སྨན་ལུམས་ཀྱི་རྒྱུན་འཛིན་པ་བསོད་ནམས་རིན་ཆེན། བསོད་ནམས་ཆེས་འཕེལ། མགོན་ཚང་རྡོ་རྗེ་སོགས་ཆེད་མཁས་སློབ་མ་དག་གིས་ཁ་ལོ“བོད་ལུགས་སྨན་ལུམས་རྒྱག་སྟངས”ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།  བོད་ཁམས་ཀྱི་སྨན་པ་གྲགས་ཅན་དག་གི་བོད་གསོ་རིག་གི་རིག་གཞུང་བསམ་བློ་དང་སྨན་བཅོས་ལག་རྩལ་གྱི་ཉམས་མྱོང་རྩ་ཆེན་དག་འཚོལ་བསྡུ་དང་།ལེགས་སྒྲིག རྒྱུད་འཛིན་སོགས་བྱས་ཏེ། “ཁ་ལོ་སྨན་ལུམས་”བོད་ལུགས་སྨན་ལུམས་རྒྱག་སྟངས་དེ་མ་ལག་ཅན་དང་ཆ་ཚང་ཅན་ཞིག་གྲུབ་པར་བྱས་ཏེ། བོད་ལུགས་སྨན་ལུམས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྩ་ཆེ་བའི་ཉམས་མྱོང་སྤྱི་བསྡོམས་བྱས།

     2017ལོའི་ཟླ12བའི་ཚེས18ཉིན། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་གསོ་རིག་དར་སྤེལ་དང་བོད་ལུགས་གསོ་རིག་གྱི་ཉིང་བཅུད་རིག་གནས་རྒྱུན་འཛིན་བྱ་ཆེད། སྤྱོད་ཡོན་གཉིས་ལྡན་གྱི་བོད་ལུགས་གསོ་རིག་གི་སློབ་མ་ཕུལ་བྱུང་ཅན་གསོ་སྐྱོང་བྱས་པ་དང་། དེར་ཨ་མེ་རི་ཁ་དང་ནང་ལོག་སོགས་ནས་ཡོང་བའི་སློབ་མའང་ཡོད་ལ། དེ་མིན་བོད་རང་གི་སྨན་པ་བསོད་ནམས་རིན་ཆེན་དང་། མགོན་ཚང་རྡོ་རྗེ། བསོད་ནམས་ཆེས་འཕེལ། ཚེ་རིང་རྡོ་རྗེ། ནོར་མགོན། བརྟན་མཆོག ཀྲང་ཡས་སོགས་བོད་སྨན་མཁས་པ་ཉི་ཤུ་ལྷག་སློབ་དཔོན་ཁ་ལོས“ཁ་ལོ་བོད་སྨན་རིག་གཞུང་ཉམས་མྱོང་རྒྱུད་འཛིན་པར”དང་ལེན་བྱས་པ་མ་ཟད་སྲོལ་རྒྱུན་སློབ་དཔོན་བསྟེན་ཚུལ་གྱི་མཛད་སྒོའང་སྤེལ།

      སློབ་ཚོགས་བཙུགས་པ་ནས་བཟུང་བོད་ལུགས་གསོ་རིག་གི་ལུམས་རྒྱག་སྟངས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་ངང་མཐོང་ཆེན་བྱས་ཏེ། བོད་སྨན་གྱི་རིག་གནས་དར་སྤེལ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུ་ཐོག་མའི་བསམ་འདུན་དུ་བྱས་ནས། མཚོ་སྔོན་བོད་ལུམས་སྐྱེས་དངོས་ཚན་རྩལ་ཚད་ཡོད་ཀུང་སུ་དང་ཐུན་མོང་གིས་རྒྱལ་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཏེ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་དམངས་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བརྒྱད་གཅིག་སྨན་ཁང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མ་བུ་བདེ་སྲུང་སྨན་ཁང་། ཧྭ་ཨར་པིན(哈尔滨)སྡེ་དགེ་བོད་སྨན་ཁང་། ཞིན་ཅང་་ཧི་པུའུ་ཁུ་སེ་འར་རྫོང(和布克赛尔县)སོག་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་དབུས་ལམ་རྫོང་སོག་སྨན་ཁང་། མཚོ་སྔོན་ཞིང་ཆེན་གཏེར་ལམ་རྫོང་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་སོགས་དང་གཉམ་འབྲེལ་གྱིས་ཁ་ལོ“བོད་ལུགས་སྨན་ལུམས་ཚན་ཁག་དང་ལྟེ་གནས་”འཛུགས་སྐྲུན་བྱས་ཏེ་མུ་མཐུད་དུ་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་ཉིང་བཅུད་སྔོག་འདོན་དང་རྒྱུད་འཛིན་བྱས། དེ་མིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཞིབ་འཇུག་ཁང་དང་མཉམ་དུ“རླུང་རླན་འགོག་པའི་བོད་ལུགས་སྨན་ལུམས་དྲི་འཛོམས་བདུད་རྩིའི་སྦྱོར་གྱི་ཐེངས་གཉིས་པའི་གསར་སྤེལ”དང“བོད་ལུགས་སྨན་ལུམས་གྲུམ་བུ་དཀར་པོའི་ནད་ཐོག་ལག་ལེན་བརྟག་དཔྱད”སོགས་ཀྱི་ཚན་རིག་ཞིབ་འཇུག་གི་ལས་ཀར་ཞུགས།

     དེ་དང་ཆབས་ཅིག་ཧུར་ཐག་སྒོས་བོད་ལུགས་བོད་སྨན་གྱིAPPཐོག་མ་གསར་སྤེལ་བྱས་ཏེ། བོད་ལུགས་ལུམས་རྒྱག་སྟངས་ཁྱབ་གདལ་སྟེགས་བུ་གསར་དུ་གཏོད། དེ་མིན“བོད་ལུགས་སྨན་ལུམས་རྒྱག་སྟངས”ཁྱབ་གདལ་བེད་སྤྱོད་ལག་དེབ་དང་། ཁ་ལོ“བོད་ལུགས་སྨན་ལུམས”ལུས་གསོ་གླིང་གི་ཇུས་འགོད་དཔེ་དེབ། བོད་ལུགས་གསོ་རིག་གི་ལུམས་རྒྱག་སྟངས་གསོ་སྦྱོང་བེད་སྤྱོད་ལག་དེབ། ཀྲུང་གོའི་བོད་ལུགས་གསོ་རིག(མགོ་ལོག་བོད་ལུགས་གསོ་རིག)ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་ཇུས་གཞི་དཔེ་དེབ་སོགས་སྒྲིག་སྦྱོར་བྱས་པར་མ་ཟད། ཀྲུང་གོའི་བོད་ལུགས་སྨན་ལུམས་ལུས་གསོ་གླིང་གི་ཇུས་འགོད་འཆར་གཞི་དང་། དེ་བཞིན་བོད་ལུགས་གསོ་རིག་གི་ལུས་གསོ་རིག་གནས་ཆ་འཕྲིན་གྱི་བསྡོམས་རྩིས་ལ། བོད་ལུགས་གསོ་རིག་གཞུང་ལུགས་དང་བོད་སྨན་ནད་ཐོག་དངོས་བཅོས་ལུམས་རྒྱག་སྟངས། བོད་སྨན་ནད་ཐོག་དངོས་བཅོས་ཐབས་སོགས་ཀྱི་ཐད་ཞིབ་འཇུག་དང་དབྱེ་ཞིབ་གནང་ཡོད།

     2018ལོའི་ཟླ12པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་བསྐོས་མི་ལྷན་ཁང་གི་ཧྲུའུ་ཅི་དང་། ཞིང་ཆེན་བསྐོས་མི་ལྷན་ཁང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བསྐོས་མི་ལྷན་ཚོགས་ཀྱི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་གཙོ་འཛིན་བྱས་ཏེ། ཞིང་ཆེན་བསྐོས་མི་ལྷན་ཁང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་བསྐོས་མི་ལྷན་ཚོགས་ཀྱིས་སྐབས་དང་པོའི་གྲོས་ཚོགས་བསྡུས་ཏེ། རང་ཞིང་གི་བོད་སྨན་སྤུས་ཚད་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བའི་བྱ་བར་ཞིབ་འཇུག་བྱས་རྗེས།《མཚོ་སྔོན་ཞིང་ཆེན་རོགས་སྐྱོར་དང་ཀྲུང་གོའི་བོད་སྨན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་སྐོར》གྱི་གྲོས་ཞིབ་མཛད། སློབ་ཚོགས་དབུ་བརྙེས་རྗེས་མགོ་ལོག་ཁུལ་བསྐོས་མི་ལྷན་ཁང་དང་། ཁུལ་སྲིད་གཞུང་། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བསྐོས་མི་ལྷན་ཁང་སོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་ཏེ། སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་བྱ་བ་མང་པོ་ཞིག་སྒྲུབ་དང་སྒྲུབ་མུས་མཆིས། རེ་བར་ཐེངས་འདིའི་གྲོས་ཚོགས་བརྒྱུད། རྗེས་ཕྱོགས་བོད་སྨན་ཚད་ལྡན་གྱི་མ་ལག་འཛུགས་སྐྲུན་དང་། བོད་གསོ་རིག་སྨན་ལུམས་ཀྱི་འབྲེལ་ཡོད་ཐོན་རྫས་དང་བདེ་སྲུང་ཐོན་རྫས་ཞིབ་འཇུག་དང་གསར་བཟོ། སྲིད་གཞུང་དང་དམངས་ཁྲོད་ནས་བོད་གསོ་རིག་སྨན་ལུམས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་སྲིད་ཇུས་རང་བཞིན་གྱིས་རོགས་སྐྱོར་དང་ཁ་ཕྱོགས་དགོས།

     མཇུག་མཐར། བོད་གསོ་རིག་སྨན་ལུམས་རྒྱག་སྟངས་དེ་འཛམ་གླིང་དངོས་མིན་ཤུལ་བཞག་རིག་གནས་ཁྲོད་ཚུད་པའི་གོ་སྐབས་འདི་དམ་འཛིན་བྱས་ཏེ། མེས་པོས་ང་ཚོར་བཞག་པའི“བོད་གསོ་རིག་སྨན་ལུམས་རྒྱག་སྟངས”དེ་མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་བྱས་ཏེ། བསྐལ་བ་མ་སྟོང་བར་གནས་པར་བྱས་ཏེ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་སྨོན། 

རྩོམ་ཡིག་མཁོ་སྤྲོད་པ།  མགོ་ལོག་ཧི་མ་ལ་ཡ་བོད་སྨན་ཞིབ་འཇུག་སློབ་ཚོགས།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15579426
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号