འཚོ་བྱེད་དམ་པ་གང་དུ་བཞུད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 19 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »འཚོ་བྱེད་དམ་པ་གང་དུ་བཞུད།
འཚོ་བྱེད་དམ་པ་གང་དུ་བཞུད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/1/5ལྟ་ཀློག (649)རྩོམ་ཁུངས: ངེད་དྲ་བ།

འཚོ་བྱེད་དམ་པ་གང་དུ་བཞུད།


སྨན་རམས་པ་བསྟན་འཛིན་དོན་གྲུབ་མཆོག་རྗེས་སུ་དྲན་པ།

ཨར་མའི་སྨོན་ལམ། མཛོད་དགེ

ཐོས་བསམ་སྒོམ་པའི་དཔལ་ལ་མངོན་བརྩོན་ནས།།
མཁས་བཙུན་བཟང་བོའི་གོ་འཕང་རབ་བརྙེས་པ།།
འཚོ་བྱེད་དབང་བོ་བསྟན་འཛིན་དོན་གྲུབ་མཆོག།
གློ་བུར་གཤེགས་འདིས་སྙིང་རྩ་འདར་བར་བྱེད།།

སྔོན་བྱོན་མེས་པོའི་སྲོལ་ལུགས་ཡལ་མེད་གཅེས།།
ད་ལྟའི་དུས་གསར་འཕྲུལ་རྩལ་ནང་དུ་དྲངས།།
གནའ་དེང་ཟུང་འབྲེལ་གངས་ལྗོངས་གསོ་རིག་ཆེ།།
ཕྱོགས་ཀུན་སྤེལ་བའི་མཛད་འཕྲིན་སུ་ཡིས་འགྲན།།

འདོད་ཆུང་ཞི་དུལ་ཉན་ཐོས་གསོན་པོ་སྟེ།།
རིམ་གཉིས་སྒྲུབ་བརྩོན་དོན་གྱི་རྣལ་འབྱོར་བ།།
མདོ་སྔགས་ཆོས་རིག་ཀུན་མཁྱེན་དྲན་དབང་ཆེ།།
གངས་ཅན་ཁ་བའི་ལྗོངས་ཀྱི་སྨན་བླ་ཉིད།།

བརྩེ་ཆེན་ཐུགས་ཀྱིས་ཉམ་ཆུང་བྱེ་བ་བརྒྱ།།
བཞི་བརྒྱ་རྩ་བཞིའི་གཡང་ལས་དབུགས་འབྱིན་མཛད།།
བསྟན་འགྲོར་སྨན་པའི་འཕྲིན་ལས་གདུགས་དཀར་པོ།།
སྙིང་སྟོབས་བཙན་པོས་སྒྲེང་ཁྱོད་སྙིང་ནས་བསྟོད།།

བཟའ་བཏུང་བཅུད་ཉམས་དུག་རིགས་དབྱིངས་ནས་བྱེར།།
འགལ་རྐྱེན་རུ་འཛིངས་ནད་གདོན་རླུང་བཞིན་འཚུབ།།
སྙིགས་དུས་འགྲོ་འདི་ཕྱི་ནང་ཀུན་ནས་བཅུམས།།
སྐྱབས་དང་དཔུང་གཉེན་སུ་དང་གང་ལ་རེ།།

ཐུགས་བསྐྱེད་གོ་ཆ་གཞན་ཕན་ལྷག་བསམ་དཀར།།
རིག་གཞུང་ལག་ལེན་གསལ་བའི་བློ་སྒོ་འབྱེད།།
ཉམས་ཐག་འགྲོ་འདིའི་གསོས་གྱུར་ལྗགས་རྩོམ་མང་།།
གླེགས་བམ་རིན་ཆེན་ཉི་ཟླའི་དཔལ་ལ་འཁུ།།

གསོ་རིག་ཁྱུ་མཆོག་གང་དེའི་རྗེས་འབྲངས་པའི།།
བློ་གསལ་ཕོ་མོ་གངས་རིའི་སྐར་ཚོགས་བཀྲ།།
བོད་ལུགས་འཚོ་བྱེད་བསྟན་པ་དར་བ་དང་།།
ཕན་བདེའི་དབུགས་དབྱུང་ནམ་ཡང་ལྷོད་མེད་ཤོག།


       ཅེས་གངས་ལྗོངས་གསོ་རིག་བསྟན་པའི་ཀྭ་ཆེན་གཅིག་བུ་རྗེ་བསྟན་འཛིན་དོན་གྲུབ་མཆོག་ཞིང་གཞན་གཤེགས་ནས་ལོ་གཅིག་འགོར་བའི་དུས་དྲན་དུ་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ༡ཚེས་༣ཉིན་ཨར་མའི་སྨོན་ལམ་གྱིས་ཨ་སྐྱིད་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་གི་རང་ཤག་སྤྱིལ་ཆུང་ནས་གུས་ཕུལ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ywo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14849198
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号