རྭ་རྒྱའི་བཀའ་འགྱུར་གྱི་ལོ་མཇུག་སྤྱི་སྡོམ་ཚོགས་འདུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »རྭ་རྒྱའི་བཀའ་འགྱུར་གྱི་ལོ་མཇུག་སྤྱི་སྡོམ་ཚོགས་འདུ།
རྭ་རྒྱའི་བཀའ་འགྱུར་གྱི་ལོ་མཇུག་སྤྱི་སྡོམ་ཚོགས་འདུ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/1/15ལྟ་ཀློག (5798)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༡༨ལོའི་རྭ་རྒྱའི་བཀའ་འགྱུར་གྱི་ལོ་མཇུག་སྤྱི་སྡོམ་

ཚོགས་འདུ།

2018年拉加甘珠尔工作室年度工作总结会议流程

ཚོགས་འདུའི་བརྒྱུད་རིམ།

ཚོགས་འདུའི་མདོ་འཛིན་པ། 

                    ཁཱ་ཤེས་རབ་རྒྱ་མཚོ།

会议主持人:卡谢拉甲木措

ལས་རིམ་དང་པོ།

    མགར་སྤྲུལ་ངག་དབང་ཡོན་ཏན་རིན་ཆེན་གྱིས་གསུང་བཤད་གནང་བ།

第一项:阿旺云丹仁青活佛发言

ལས་རིམ་གཉིས་པ།

      དགེ་བཤེས་བློ་བཟང་སྙན་གྲགས། བསེ་སྤྲུལ་ཀུན་དགའ་ཕུན་ཚོགས། ཐར་ཤུལ་ཁྲི་རྒན་དཀོན་མཆོག་ཆོས་རྒྱ་མཚོ། སྤྲུལ་བློ་བཟང་ཚེ་རིང་། གདོང་སྤྲུལ་ངག་དབང་ཡེ་ཤེས་སོགས་ཀྱིས་གསུང་བཤད་གནང་བ།

第二项:格西洛桑年智、色活佛、塔秀赤干关却切尖措、洛桑泽让活佛、昂旺益西活佛等发言

ལས་རིམ་གསུམ་པ།

      ལས་གཞི་ལག་བསྟར་ལས་ཁུངས་ཀྱི་འགན་འཛིན་པ་ཀརྨ་ཚེ་རིང་དང་རིན་ཆེན་འཚོ་གཉིས་ཀྱིས་གསུང་བཤད་གནང་བ།

第三项:项目承办单位负责人(噶玛泽让、任青初)发言

ལས་རིམ་བཞི་བ།

      ལས་གཞིའི་སྤྱིའི་འགན་འཛིན་པ་ཁཱ་ཤེས་རབ་རྒྱ་མཚོས་༢༠༡༨ལོའི་ལོ་མཇུག་སྤྱི་སྡོམ་དང་༢༠༡༩ལོའི་བྱ་བའི་འཆར་གཞི་ངོ་སྤྲོད་གནང་བ།

第四项:项目总负责人卡谢拉甲木措作2018年工作总结及部署2019年工作  计划报告

ལས་རིམ་ལྔ་པ། 

      འགན་འཛིན་པས་ཕུལ་བྱུང་ལས་བཟོ་བའི་མིང་ཐོ་སྒྲོག་འདོན་དང་མགར་སྤྲུལ་ངག་དབང་ཡོན་ཏན་རིན་ཆེན་གྱིས་ཁོ་ཚོར་གཟེངས་རྟགས་གནང་བ།

第五项:负责人宣布优秀员工名单,由阿旺云丹仁青活佛颁发荣誉证书

ལས་རིམ་དྲུག་པ།

       ཕུལ་བྱུང་ལས་བཟོ་བའི་འཐུས་ཚབ་པ་འོད་སྣང་མཐའ་ཡས་ཀྱིས་གཏམ་བཤད་གནང་བ།

第六项:优秀员工代表温郎塔医发言

ལས་རིམ་བདུན་པ། 

      ཚོགས་འདུ་མཇུག་བསྡུ་བ་དང་མཉམ་པར་ལེན་པ།

第七项:会议结束及合影留念

ཚོགས་འདུའི་སྡོད་གནས།

        ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གསོལ་མགྲོན་ཁང་གི་སུམ་ཐོག་གྲོས་ཚོགས་ཁང་།

会议地址:西南民族大学文瀚宾馆三楼会议室

ཚོགས་འདུ་དངོས་སུ་མགོ་བརྩམས་པ།

ཚོགས་འདུའི་ནང་དོན།

      སྤྱི་ལོ་ཉིས་སྟོང་བཅོ་ལྔ་ནས་བཅུ་དགུའི་བར་གྱི་ལོ་ངོ་ལྔའི་རིང་གི་རྭ་རྒྱའི་བཀའ་འགྱུར་ཆེན་མོ་བསྐྱར་སྐྲུན་ཐད་ཀྱི་ལས་གཞིའི་བརྒྱུད་རིམ་དང་འཕྲད་པའི་དཀའ་ངལ། བསྒྲུབས་པའི་ཉམས་མྱོང་། མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་ནས་གྲོས་འཆར་གནད་སྨིན་མཛད།

  མགར་སྤྲུལ་ངག་དབང་ཡོན་ཏན་རིན་ཆེན་གྱིས་གསུང་བཤད་གནང་བཞིན་པ།

ཐར་ཤུལ་ཁྲི་རྒན་སྤྲུལ་བའི་སྐུ་དཀོན་མཆོག་ཆོས་རྒྱ་མཚོ།

གདན་ཞུའི་སྐུ་མགྲོན་བསེ་མཆོག་སྤྲུལ་ཀུན་དགའ་ཕུན་ཚོགས་ཀྱིས་གསུང་བཤད་གནང་བཞིན་པ།

གདན་ཞུའི་སྐུ་མགྲོན་སྤྲུལ་བློ་བཟང་ཚེ་རིང་།

གདན་ཞུའི་སྐུ་མགྲོན་གདོང་སྤྲུལ་ངག་དབང་ཡེ་ཤེས།

གདན་ཞུའི་དགེ་བཤེས་བློ་བཟང་སྙན་གྲགས།

ལས་བཟོ་བ་ཡོངས་ཀྱིས་གཟབ་ནན་གྱིས་ཟིན་ཐོར་འགོད་པ།

ཚོགས་འདུའི་དགོངས་དོན་གཙོ་བོ།

    དགེ་བཤེས་རྣམ་པས་རྒྱལ་བའི་བཀའ་ལ་བཟོ་བཅོས་རྒྱག་པའི་སྙིང་ཁམས་ཆུང་དགོས་པའི་བསླབ་བྱ་གནང་བ་དང་། ཞུས་དག་གི་ལག་ལེན་དངོས་བརྒྱུད་པར་བརྟེན་སྡེ་དགེའི་བཀའ་འགྱུར་དང་མ་བུ་དཔེ་བསྡུར་གྱི་དགོངས་འཆར་གནང་བ་ནི།  དཔེར་ན། བུ་ཡིག་གམ་རྭ་རྒྱའི་བཀའ་འགྱུར་དུ་འབུམ༼ང༽དུམ་གྱི་ཤོག་གྲངས་བརྒྱ་དང་གོ་བཞིའི་ཐིག་ཕྲེང་བདུན་པ་དང་གོ་ལྔའི་ཐིག་ཕྲེང་དང་པོར་བདག་མེད་ཅེས་བྱ་བ་ཡོངས་སུ་མྱི་རྟོག་གོ་ཅེས་པ་ནས་ཐིག་ཚེག་མང་པོས་བར་མཚམས་ཕྱེ་བའམ་ཆད་པ་ལྟ་བུར་སྣང་བ་ལ་མ་ཡིག་སྡེ་དགེའི་བཀའ་འགྱུར་དུ་དབང་བོ་རྣམས་ནི་ཞེས་པ་ནས་༼དབང་བོ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །༽ཅེས་པ་སྔོན་གྱི་རྭ་རྒྱའི་བཀའ་འགྱུར་ཞུས་དག་པ་རྣམས་ཀྱིས་བཟླས་སྐྱོན་དུ་དགོངས་ནས་བླངས་པ་འདྲ་བར་སོང་བས། དེ་ལུགས་སོར་བཞག་བྱ་པ་ལས་འཆོས་པའི་སྤོབས་པ་མ་གནང་བ་སོགས་ཀྱི་ལག་ལེན་དང་དགོངས་འཆར་མང་བོ་ལྷུགས་འདོན་གནང་།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཀརྨ་ཚེ་རིང་།

དཀོན་མཆོག་སྐྱབས།

ཚོགས་འདུའི་ཟུར་ངོས།

ཚོགས་འདུའི་ཡུལ་དངོས།

ལས་བཟོ་བ་མགར་ཚེ་རིང་བཀྲ་ཤིས་དང་བཀྲ་ཤིས་རྒྱལ་མཚན།

ཕུལ་བྱུང་ལས་བཟོ་བ་འོད་སྣང་མཐའ་ཡས་ཀྱིས་ལས་བཟོ་བ་རྣམས་ཀྱི་ཚབ་བྱས་ཏེ་སྙན་ཞུ་ཕུལ་བ།

ཕུལ་བྱུང་ལས་བཟོ་བ་རྣམས་ལ་གཟེངས་རྟགས་གནང་བཞིན་པ།

ཕུལ་བྱུང་ལས་བཟོ་བ་སོགས་ཀྱི་མཉམ་པར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/16
མི་མཐུད་བར་ཆད་གང་ཞིག་ལ།། ལག་པ་བཅུ་ཕྲག་ཡོད་གྱུར་རུང་།། མཐུན་ཕྱོགས་དགེ་བའི་སྟོབས་ལ་ནི།། ལག་པ་བརྒྱ་ཕྲག་ལས་ཀྱང་མང་།།
 སྤེལ་མཁན: སྐལ་བཟང་། སྤེལ་དུས:2019/1/16
འདི་ནི་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་རེད། མེད་པ་ཁ་བསྐངས། ཡོད་པ་འཐུས་ཚང་དུ་གཏོང་མཁན་ནི་བོད་ལ་མཚོན་ན་བཀའ་དྲིན་ཆེན་པོ་ཡིན་ལ། འཛམ་གླིང་མིའི་རིགས་སྤྱི་ལ་མཚོན་ནའང་ཕན་ཐོག་ཡོང་བའི་མཛད་རྗེས་རེད་སྙམ།
 སྤེལ་མཁན: དུང་། སྤེལ་དུས:2019/1/16
བཀའ་དྲིན་ཆེ། བྱ་བ་རླབས་ཆེན་རེད་རྒྱབ་སྐྱོར་ཡོད།
 སྤེལ་མཁན: འཇམ་དབྱངས་བསོད་ནམས། སྤེལ་དུས:2019/1/16
དངོས་གནས་རླབས་ཆེན་པོ་དང་ནུབ་པ་མེད་པའི་མཛད་རྗེས་རེད། ཐུགས་རྗེ་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41048610
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1