རོལ་སྐུད་ཀྱི་སྙན་ངག་གསུམ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »རོལ་སྐུད་ཀྱི་སྙན་ངག་གསུམ།
རོལ་སྐུད་ཀྱི་སྙན་ངག་གསུམ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/1/19ལྟ་ཀློག (691)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


         [ རོལ་སྐུད ]  དངོས་མིང་འོད་གསལ་སྙིང་པོར་འབོད་ཅིང་། མིང་གཞན་ལ་འཆིང་ཞགས་ཞེས་ཀྱང་འབོད། ཉིས་སྟོང་གཅིག་ལོར་རྡོ་ཁོག་རི་ཐང་ཕྱུག་མོའི་འབྲོག་ཐང་ཞིག་ཏུ་སྐྱེས།  2014 ལོའི་ལོ་སྨད་ཙམ་ལ་རྩོམ་རིག་འབྲི་བའི་ལམ་ལ་ཞུགས་ཏེ་ད་ལྟའི་བར་ལོ་ངོ་ལྔའི་རིང་སྙན་ངག་ཐར་ཐོར་རེ་བྲིས་ཤིང་།  ཀྲུང་གོ་བོད་ཀྱི་དྲ་བ།  བཙན་པོ་མགར་གྱི་དྲ་བ། མཐོང་གྲོལ་དྲ་བ། ཚྭ་འདམ་དྲ་བ། མཚོ་སྔོན་པོ་དྲྭ་བ་སོགས་དྲྭ་ཚིགས་འགའ་རེ་དང་།  གཞན་ཡང་། རྔ་བའི་ཚགས་པར། ཁམས་པའི་ཚགས་པར། གཞི་ཀ་རྩེའི་ཚགས་པར་སོགས་སུ་བཀོད་མྱོང་། ད་ལྟ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭར་སློབ་སྦྱོང་བྱེད་མུས་སུ་མཆིས།


      སྙན་ངག་ནི་རང་གི་ཤེས་རབ་ཀྱི་གཤོག་རྩལ་མཐོ་རུ་འདེགས་པའི་ལམ་གྲོགས་ཤིག་གམ།    ཡང་ན།  སྙན་ངག་ནི་རང་གི་དཀའ་སྡུག་བརྗོད་ཆོག་སའི་སྙིང་ཉེ་བའི་ཨ་མ་ཞིག་ཡིན་པར་སྙམ།


དབྱངས་ཅན་མར་ཕུལ་བའི་ངག་གི་ཞུ་འཕྲིན།

བདག་མེད་རྟོགས་པའི་ཤེས་རབ་ཟབ་མོ་ཡིས།།
མཚན་འཛིན་སྤྲོས་པའི་དྲ་བ་ཡོངས་བཅད་དེ།།
ཐུགས་རྗེའི་འཛུམ་དཀར་འོད་ཀྱི་ཞགས་པ་ཡི།།
འགྲོ་རྣམས་ས་ལ་རྐྱོང་མཛད་བྱམས་ལྡན་མ།།
དཀར་མཛེས་ཞལ་ཁྱིམ་བཅོ་ལྔའི་དུང་ཟླའི་དཔེ།།
དཀྱུས་རིང་ཟུར་མིག་ཨུཏྤལ་སྔོན་མོའི་མདའ།།
མཉེན་ལྕུག་འཁྲིལ་ལྡེམ་གློག་གི་གར་ལ་འགྲན།།
དྲི་ཟའི་ངག་གི་ཆོ་འཕྲུལ་འགྱེད་མཛད་མ།།
འཇམ་མཉེན་ཕྱག་གི་འཁྲི་ཤིང་གཡོ་བ་ཡིས།།
སོར་མོའི་པདྨོ་རླུང་གིས་ཉེར་བསྐུལ་ཏེ།།
ཆོས་ཀུན་ངག་གི་སྒྱུ་འཕྲུལ་གར་རྩེན་པ།།
རོལ་སྒེག་གར་གྱིས་འགྱིང་པའི་དབྱངས་ཅན་མ།།
གནག་སྣུམ་སྐྲ་ལོའི་ཟུད་ཕུད་དཔྱང་པའི་སྟེང་།།
ཆུ་སྤྲིན་ལང་ལོང་འཁྲིགས་པའི་བ་གམ་འོག།
བདེ་འབྱུང་གཙུག་གི་ཟླ་ཤེལ་འཛུམ་པ་ཡི།།
སྣང་སྲིད་མུན་པ་བསལ་བའི་ཟླ་བའི་ལྷ།
གང་གིས་ཁྱེད་ཉིད་གནས་གསུམ་པད་མཚོ་རུ།།
ཉེ་བར་སྤྱན་འདྲེན་མཆོད་པའི་ཚིག་འབུལ་ན།།
སྒྲ་དབྱངས་ཡན་ལག་ཚོགས་པའི་དབྱངས་ཀྱི་ངག།
མྱུར་བར་སྩོལ་ཀྱེ་དབྱངས་ཅན་ངག་གི་ལྷ།།

གནས་བརྟན་ཤཱ་རིའི་བུ་ལ་ཕུལ་བའི་མེ་ཏོག

ཞི་དུལ་བག་ཡོད་འདུལ་ཁྲིམས་གཙང་མའི་ཆབ།།
ལུས་ངག་ཡིད་གསུམ་སྒོ་ལ་ཉེར་བརླན་པའི།།
ཉན་ཐོས་འཕགས་ཚོགས་ཁྱུ་ཡི་སེངྒེའི་ཟླ།།
གནས་བརྟན་ཤཱ་རིའི་བུ་དེ་ཀུན་ནས་རྒྱལ།།
རྣམ་དག་ཚུལ་ཁྲིམས་འཁྲི་ཤིང་ལྗོན་པ་ལ།།
ཤེས་བྱའི་པདྨོའི་མེ་ཏོག་ཚར་དུ་དངར།།
བྱང་སེམས་ལྗང་ལོའི་མྱུ་གུ་ཁོ་ལག་རྫོགས།།
ཚུལ་ཁྲིམས་མཆོག་འཛིན་དགྲ་བཅོམ་ཉེ་བ་འཁོར།།
རྒྱུ་འགྲིལ་དབེན་པའི་ནག་ཚལ་ལམ་ཕྲན་སྟེང་།།
འཇིགས་ཚོགས་འཇོམས་པའི་སེངྒེའི་ལྟ་སྟངས་ཀྱིས།།
སྒོ་གསུམ་བག་ཡོད་དྲན་ཤེས་ཉེར་བསྟེན་ཏེ།།
འོད་མའི་ཚལ་ལ་གཤེག་པའི་ཤེས་རབ་མགོན།།
སྙན་དབང་རྒྱལ་བྱེད་ཅོང་སྒྲ་ལ་གཏད་དེ།།
སྟོབས་འཛིན་གླང་པོ་ཆེ་ཡི་འགྲོས་སྟངས་གིས།།
གོམ་ཆུང་མེ་ཏོག་འཐུ་བའི་ཤཀྱཱའི་མིག།
མཆོག་ཟུང་ཡ་ཀྱལ་ཁྱེད་ལ་རྣམ་ཀུན་གུས།།
ཡིད་དབང་བཞི་བཅོམ་སངས་རྒྱས་ལ་ཆགས་ཤིང་།།
དྲན་ཤེས་ལྕགས་ཀྱུས་རྣམ་རྟོག་ཉ་མོ་བཟུང་།།
རིག་ཚུལ་ཟད་མི་ཤེས་པའི་དཔལ་མངའ་བའི།།
དགྲ་བཅོམ་གསེར་མདོག་ཅན་ལ་ཕྱག་འཚལ་བགྱི།།
 
 
དགྲ་བཅོམ་པ།

བཅོམ་ལྡན་དགྱེས་པའི་གསེར་ཞལ་ལས།།
འོད་དཀར་མུན་པའི་སྣང་བ་བཅོམ།།
རིག་ཚུལ་ཟད་མེད་བཞི་སྟོང་གི།
ཆོས་ཀུན་དག་གསལ་སྟོན་བྱེད་ཅིང་།།
སྣང་བཞི་རིམ་བགྲོད་མྱུར་ལམ་ལ།།
ཁྲག་ཁྲིག་འབུམ་གྱི་ཐབས་ཤེས་ལས།།
མིག་རྡེབ་ཙམ་གྱིས་བསྐྱལ་བྱེད་པའི།།
བཞི་བཅོམ་སངས་རྒྱས་བུ་རམ་གཙོ།།
མཚན་དཔེའི་མེ་ཏོག་དགོད་བྱེད་ཅིང་།།
སྡོམ་གསུམ་འཁྲི་ཤིང་རྩ་བ་བརྟན།།
ཇི་སྟེ་ནམ་མཁའི་མཐའ་ལ་ནི།།
སོར་བཞག་བྲལ་བའི་ངང་ཚུལ་གྱིས།།
ཞི་བའི་སེམས་རྒྱུད་ལྡང་བ་ཡིས།།
རྣམ་རྟོག་དུག་མདའ་ལྔ་ཚན་ཀུན།།
མཆུ་མའི་ཐལ་བཞིན་སྤངས་ནས་སུ།།
རི་དྭགས་གནས་པའི་འབྲོག་དགོན་དུ།།
དྲན་ཤེས་ལྕགས་ཀྱུས་རྣམ་རྟོག་བཟུང་།།
བག་ཡོད་དལ་གྱིས་བྱོན་པ་ཡི།།
ཤཀྱཱའི་དགེ་སྦྱོང་གསེར་གྱི་མདོག །
རྒྱལ་བྱེད་ཀུན་དགའ་རྭ་བའི་ནང་།།
མི་གཡོ་བརྟན་པའི་གོ་ཏམ་པའི།།
ཏིང་འཛིན་བསྒོམ་པའི་ར་གུར་ལས།།
འདའ་བར་མ་བྱེད་དགེ་སྦྱོང་ཀྱེ།།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14600567
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号