དཔེ་འཕྲིན་ཁ་ཚ་དགོས་གཏུགས་མ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 7 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »དཔེ་འཕྲིན་ཁ་ཚ་དགོས་གཏུགས་མ།
དཔེ་འཕྲིན་ཁ་ཚ་དགོས་གཏུགས་མ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/1/31ལྟ་ཀློག (1146)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔེ་འཕྲིན་ཁ་ཚ་དགོས་གཏུགས་མ་མི་ཡུལ་དུ་འཁྲུངས་པར་ཤིས་ཚིག་ཕུལ་བ་འགའ།


ཉག་ཆུ་རྫོང་བེ་རི་ཨོ་ཐོག་ཡུལ་གྱི་ཨ་གསལ་རི་བོ་ཞེས་པའི་དུས་དེབ་ལ་ཕུལ་བ།

མེས་པོའི་བང་སོ་ས་འོག་ཐིམ་པའི་ཤུལ།།
གཟུགས་མེད་རྣམ་ཤེས་དབྱངས་ལ་བསྐྱོན་པའི་འཕྲུལ།།
གངས་རིའི་ཚེ་སྲོག་དབྱངས་གསལ་སོ་བཞི་ཡི།།
རླུང་རྟའི་ཀ་ཆེན་སླར་ཡང་འཛུགས་པར་སྨོན།།
                   སྙན་ངག་པ་བེ་རི་བས་ཀ་ཤིའི་གྲོང་བས། ༢༠༡༩/༡/༢༨/

ས་ཁམས་ཕྱོགས་ཉག་ཆུ་རྫོང་ནས།  །
རྩོམ་སྙན་ངག་ཆུ་བཞིན་བཞུར་ཞིང་།  །
གཞོན་ལང་ཚོ་དར་བའི་ཚོགས་ལ།  །
སེམས་གཏིང་ནས་རྟེན་འབྲེལ་ཞུའོ།  །
          ཞེས་བོད་དབྱངས་སམ་མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།

ཉག་ཆུ་རྫོང་གི་ཨོ་ཐོག་ཡུལ་ཚོ་ནས།།
ཨ་གསལ་རི་བོའི་གཟི་མདངས་རྒྱས་པ་འདིས།།
རྩོམ་རིག་པད་མའི་སྐྱེད་ཚལ་རྒྱས་པ་ལ།།
གཞོན་སྐྱེས་གང་མང་སྐྱེད་སྲིང་ཡོད་པར་ཤོག །

           ཅེས་གཞས་ཚིག་རྩོམ་པ་པོ་བོང་སྟག་རི་ལུ་ནས་ཤིས་ཚིག་ཏུ།


ང་ཡི་ཕ་ཡུལ་གཡང་གི་ར་སྐོར་ནང་།།
ཡི་གེས་སྒྱུ་མའི་རྟ་གླང་འདེད་མཁན་ཁྱུས།།
རྩོམ་གྱི་དྲིལ་བུ་སིལ་སིལ་དཀྲོལ་བ་ལ།།
རྟེན་འབྲེལ་ཚིག་གསུམ་ཐག་རིང་ཞིག་ནས་སྤྲིངས།།

___༢༠༡༩/༡/༢༩ཉིན་ལི་ཐང་དབྱིག་གཉེན་གྱིས་ཤིས་དཀར་པོ་ཞིག་གི་ཚབ་ཏུ་ཕུལ། ཞོར་དུ་དེབ་འདིའི་མགོ་མཇུག་བར་གསུམ་དུ་འགན་གཙང་བཞེས་གནང་མཁན་དང་། རྩོམ་པ་པོ་ཚང་མ་ལ་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། ཁ་དྲོ། བཀྲ་ཤིས།

    ཨ་གསལ་རི་བོ་ཞེས་བྱ་བའི་དུས་དེབ་འདིའི་སྐྱེས་སྐར་དེ་རིང་ལ་ཁེལ་ཡོད་རེད།  འདི་ནི་རྩོམ་རིག་གི་ཁྱེའུ་ཞིག་གི་སྐྱེས་སྐར་ཡིན་རེད།  སྐྱེས་སྐར་ལ་འཚམས་འདྲི་དང་སྦྲགས་ད་ཕན་ཆད་ནས་བཟུང་ཁོའི་འཚར་ལོངས་ཀྱི་རིམ་པ་ཞིག་བརྒྱུད་རན་པ་རེད།  ཁོས་འབྲེལ་ཆགས་ཀྱི་རྩོམ་པ་པོ་རྣམས་མ་མའི་ཚུལ་དུ་བཟུང་དགོས་ལ།  འབྲེལ་ཆགས་རྩོམ་པ་པོ་རྣམས་ཀྱིས་ཀྱང་ཁོ་བུ་ལྟར་གཅེས་ཤེས་དགོས།  གང་ལྟར།  འབྲེལ་བ་དེ་རྒྱུན་རིང་པར་ཤོག  དེ་ནི་ཕྲན་གྱི་རེ་བའང་ལགས།

         སྒྲེ་བོ་ནས།

ཨ་གསལ་རི་བོ


       དེ་ཡང་རང་རེའི་ཁ་བ་རི་བའི་ལྔ་ཟུང་རིག་པའི་གཞུང་ལུགས་འདི་ཉིད་སྔ་རབས་དུས་ཀྱི་འཕོ་འགྱུར་དྲག་པོའི་ཆུ་ལོག་གིས་འདེད་མ་ནུས་ལ།  ཕྱི་རབས་དུས་ཀྱི་ཙག་རླུང་གིས་ཁངས་མ་ཤོར་བ་འདི་ནི་མེས་དབོན་གོང་མ་དག་གི་བཀའ་དྲིན་དང་གཞོན་རབས་བློ་གསལ་དག་གི་སྙིང་སྟོབས་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་སྨྲས་མ་དགོས་པ་རེད། 

    འོན་ཀྱང་ད་ལྟའི་དུས་འདིར་མཚོན་ནས་བཤད་ན་གཞོན་པའི་མགྲིན་ལམ་དུ་ཕ་སྐད་ཀྱི་ལྗགས་རྩལ་ཉམས་ཤིང་།  ཕྱག་གི་སོར་རྩལ་ལ་མ་ཡིག་གི་འཁྱུག་རྩལ་ཉམས་པའི་སྐབས་འདིར།  ང་ཚོས་ནམ་ཡང་རང་ས་རང་ཡུལ་ནས་ཕ་སྐད་དང་མ་ཡིག་གི་འཕེལ་འགྲིབ་ལ་ཅིས་ཀྱང་བསམ་གཞིག་ནན་གྱིས་གཏོང་དགོས་པར་སེམས་པ་ཡིན།

    དེར་བསྟུན་ཕ་ཡུལ་གྱི་རིག་གཞུང་སྤྱི་དང་ལྷག་དོན་རྩོམ་རིག་གི་མཁའ་དབུགས་ཀུན་ལ་བསམ་གཞིག་གཏོང་ཁུལ་གྱིས་སྤྱི་ལོ་2018ལོ་ནས་ངེད་ཅག་གཞོན་པ་ཁ་ཤས་ཀྱང་ཕ་ཡུལ་ནས་ལམ་ལ་ཆས་ཏེ་ཨོ་ཐོག་སློབ་ཚོགས་ཞེས་པའི་ཚོགས་པ་འདི་ཉིད་གསར་དུ་དབུ་བརྙེས་པ་ཡིན་ལགས། 

     ཚོགས་པ་འདིས་ཀྱང་མི་ལོ་ཧྲིལ་བོ་གཅིག་ཙམ་གྱི་ཡུན་ལ་(ཨ་གསལ་རི་བོ)ཞེས་པའི་སྣ་མང་རང་བཞིན་གྱི་དུས་དེབ་ཅིག་གི་དབུ་བཟུང་ནས་ད་ལྟ་དངོས་སུ་འགྲེམ་སྤེལ་བྱེད་ལ་ཉེ་བས་རྒྱ་ཆེའི་ཀློག་པ་པོ་དང་དཔེ་མཛོད་ཁང་སོ་སོ་ནས་རྒྱབ་སྐྱོར་གང་མང་ཡོད་པར་ཞུ། །

ཞེས་སྤྱི་ལོ2019ལོའི་སྤྱི་ཟླ1ཚེས15ཉིན་རྩོམ་སྒྲིག་པས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས།


འབྲེལ་གཏུག་བྱེད་ཡུལ།
དགེ་འདུན།    134 8891 7444
བེ་མདའ།     183 8365 0522

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15793642
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号