ཁམས་འདན་མའི་ཡུལ་དུ་མགར་གྱི་རིགས་ཆད་ཚུལ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 17 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »ཁམས་འདན་མའི་ཡུལ་དུ་མགར་གྱི་རིགས་ཆད་ཚུལ།
ཁམས་འདན་མའི་ཡུལ་དུ་མགར་གྱི་རིགས་ཆད་ཚུལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/2/13ལྟ་ཀློག (890)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ༄༅།།ཁམས་འདན་མའི་ཡུལ་དུ་མགར་གྱི་རིགས་ཆད་ཚུལ།


མཚོ་སྐྱོམ།

    འཛམ་གླིང་མི་རིགས་སྤྱིའི་ལོ་རྒྱུས་རིག་པའི་འགྲོ་ཕྱོགས་བཞིན་དུ་བོད་མི་རིགས་འདི་ཡང་བསྐལ་བ་ཡར་ཐོག་ནས་བྱུང་ཡོད་པར་དེབ་ཐེར་སྔོན་པོ་སོགས་སུ་བཤད་པ་བཞིན་དོན་ལ་གནས་ཤིང་།  གནའ་རྫས་རྟོག་ཞིབ་པས་ཀྱང་ལོ་ཁྲི་ཕྲག་ལྔའི་ཡར་སྔོན་ནས་ཧི་མ་ལའི་རི་ངོགས་སུ་གནས་འཆའ་བའི་མི་རིགས་འདི་ཡོད་པའི་རྗེས་ཤུལ་རྙེད་ཟིན།  དེ་ཡང་བོད་མི་རིགས་འདི་སྤྲེའུ་ནས་འཆད་ཚུལ་སོགས་ནི་མ་ཎི་བཀའ་འབུམ་དང་ཡུལ་མིའི་ངག་རྒྱུན་ལས་གསལ་ཞིང་།  སྤྲེའུ་ནས་རིམ་བཞིན་རུས་ཆེན་བཞི་སོགས་སུ་མཆེད་པ་ནི་ལོ་རྒྱུས་རྣམས་ལ་ཡོངས་སུ་གྲགས།

     བཙན་པོ་མགར་གྱི་རིགས་རྒྱུད་ཅེས་པ་འདི་ཡང་བོད་མིའུའི་རུས་ཆེན་བཞིའི་ཡ་གྱལ་རྨུ་ལས་མཆེད་ཚུལ་བཤད་མཛོད་ཡིད་བཞིན་ནོར་བུ་སོགས་སུ་འདུག་པ་དེ་ཡིད་དུ་འོང་བ་ཞིག་དང་དོན་ལ་འཁེལ་བར་སེམས།རུས་ཆེན་བཞི་ཡི་མཆེད་ཚུལ་བཤད་སྐབས། ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད།    རྨུ་ལ་ཀོ་ལེའི་ཁྲ་བརྒྱད་སྲིད།   སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད།   སེ་ལ་བྱུས་ལེགས་བུ་བཞི་སྲིད།    ཅེས་པ་ལྟར་རྨུ་ཡི་ཁྲ་བརྒྱད་ནི།  ངབ་དང་།  གཞུབ་དང་།  བཞུང་དང་སྨོན།  འགར་དང་།  དཀར་དང་སྙོས་དང་།   ངན་ལམ་སྟེ་བརྒྱད་བགྲངས་ཡོད།ཡིག་ཆ་ལ་ལར་འགར་དང་། ལ་ལར་མགར་ཞེས་བྲིས་འདུག་པ་ནི་བརྡ་གསར་རྙིང་གི་ཁྱད་ཙམ་ལས་དོན་གཅིག་ཏུ་གཞོལ་བར་སེམས།

    མཁས་པ་ལྡེའུས་བརྩམས་པའི་ལྡེའུ་ཆོས་འབྱུང་དང་།  ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའམ་དྲུག་པའི་སྐབས་སུ་བྱུང་བའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སུ་རྗེ་གྲུ་གུའི་ཟིང་པོ་རྗེ་དང་། དེའི་བློན་ནི་མགར་དང་གཉན་གཉིས་ཀྱིས་བྱས་པར་བཤད་འདུག་པ་སོགས་ལ་བལྟས་ན་མགར་གྱི་རིགས་ནི་ཆེས་སྔ་མོའི་དུས་ནས་བོད་ཡུལ་འདིར་བྱུང་བར་ཚོད་དཔག་བྱ་ཐུབ་སྙམ།

    བོད་ཀྱི་རྒྱལ་པོ་འབྲོང་གཉེན་ལྡེའུ་ནས་ཁྲི་འདུས་སྲོང་བར་གྱི་རྒྱལ་པོ་དེ་དག་གི་ཕྱི་ནང་གི་བློན་ཆེན་པོ་ནི་མགར་གྱི་མི་སྣས་བྱས་པར་མ་ཚད་   མང་ཐོས་ཀླུ་སྒྲུ་རྒྱ་མཚོའི་བསྟན་རྩིས་དང་རྗེ་བཙུན་རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་གསུང་སྒྲོམ་མ་སོགས་གུང་བསྒྲིགས་ན་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་དུ་ཡང་མགར་གྱི་མི་སྣས་བློན་པོ་བྱས་ཡོད་པར་ཤིན་ཏུ་གསལ།

    མདོར་ན་མགར་སྟོང་བཙན་ཡུལ་བཟུང་གིས་རྒྱལ་པོ་སྲང་བཙན་སྒམ་པོའི་སྐུ་སྲོག་བསྐྱབས་ཚུལ་དང་། ཁྲི་དམག་སུམ་བརྒྱའི་བཀོད་འདོམས་བྱས་ཏེ་འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྡུས་ཚུལ།  དགུང་བློན་ཆེན་པོ་མགར་ཁྲི་འབྲིང་གིས་ཐང་དམག་ལོ་སོ་གཉིས་བར་དུ་བཀའ་ཚུལ་སོགས་ཏུན་ཧོང་གཏེར་ཡིག་དང་ཐང་ཡིག་སོགས་སུ་གསལ།


མགར་གྱི་ཁྱིམ་རྒྱུད་ཁམས་འདན་ཡུལ་དུ་བྱུང་ཚུལ་ནི།

    དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཁའ་ཁྱབ་རྡོ་རྗེས། འདི་ནས་ཤར་ཕྱོགས་གསེར་ལྡན་ཆུ་བོའི་འགྲམ། མདའ་སྣུན་དཔའ་བོས་བཟུང་བའི་ལྗོངས་ཀྱི་ཆར།ཞེས་བསྔགས་པའི་ཁམས་ཀློང་ཐང་འདན་ཡུལ་གྱི་ས་ཆ་འདིར་མགར་གྱི་རིགས་རྒྱུད་ཇི་ལྟར་མཆེད་ཚུལ་ནི།   མགར་སྟོང་བཙན་གྱི་བུ་ཆེ་བ་མགར་བཙན་སྙ་ལྡོམ་གྱི་སྲས་མགར་བཙན་སྙ་ལྡེམ་བུ།   དེའི་སྲས་མགར་ཁྲི་བཟང་དུམ་བུ།   དེའི་སྲས་ཨ་མྱེ་དགེ་བ་དཔལ།      དེའི་སྲས་ལྷ་རྗེ་བྱམས་པ་དཔལ།  དེ་ཁམས་འདན་ཡུལ་བྲག་ར་གླིང་ཆེན་དུ་གདན་ཆགས།    དེ་ནས་བཟུང་མགར་གྱི་གདུང་རྒྱུད་ཁམས་འདན་མའི་ཡུལ་དུ་བྱུང་བ་དང་། དུས་ཕྱིས་ཁམས་སྡེ་དགེ་ནས་ལྷོ་པདྨའི་མགར་གྱི་རིགས་ཆད་ཅིང་།འདན་འབའ་ནང་མགར་སྐོར་དང་།འདན་སྲིབ་སྨད་(གླིང་དུས་ཁྲོ་ཐུང་ས་ཡིན་པར་ངག་རྒྱུན་དུ་བཤད་)མགར་སྐོར།འདན་ཡུལ་འབྲོ་ཆེན་མགར་སྐོར་སོགས་མགར་ཚང་རིགས་རྒྱུད་དྲི་མ་མེད་པ་གང་མང་ཞིག་མཐོང་དུ་ཡོད།   མགར་གྱི་ཁྱིམ་རྒྱུད་དེ་དག་ཏུ་ཡུལ་གྱི་སྣེ་ཁྲིད་པ་དང་བྱས་རྗེས་ཅན།མི་སྟོབས་ཆེན།  བློན་ཆེན་དང་ངོ་མཚར་བའི་གྲུབ་ཐོབ།  སྤྲུལ་སྐུ་གང་མང་ཞིག་བྱུང་སྟེ་བོད་མི་རིགས་ཀྱི་ལུགས་གཉིས་བྱ་བ་ལ་མཛད་རྗེས་གང་མང་ཞིང་བཞག་མྱོང་བར་འདུག འདན་འབའ་མགར་ཚང་གི་བུ་ཚེ་དབང་སྐྱིད་དགའི་བུ་མོ་རྟ་མགྲིན་སྒྲོལ་མ་མདོ་ཆེན་ཚང་དུ་ཕྱིན་པའི་སྲས་ར་མདའ་སྤྲུལ་སྐུ་བྱ་བར་འདན་ཡུལ་ཆོས་འཁོར་གླིང་དང་། ཉི་རྫོང་དགོན་པའི་བསྟན་པའི་བདག་པོར་གྱུར་ཞིང་འཁོར་ལོ་གསུམ་གྱི་བྱ་བ་ལ་ཕྱག་ལས་རྒྱ་ཆེར་གནང་མཐར་དུས་ངན་གྱི་འཕོ་འགྱུར་ཁྲོད་ནས་མི་ཉག་ཏུ་སྐུ་གཤེགས།

   མགར་རའི་ཚེ་དབང་སྐྱིད་དགའི་སྤུན་མཆེད་མགར་རའི་ཚོགས་དགའི་བུ་མགར་གྲུབ་ཆེན་ཀརྨ་ནོར་བུ་བྱ་བ་དགུན་དུས་སུ་རས་རྐྱང་ལས་ན་བཟའ་མནབ་མི་མཛད་པ་དང་།ཆུ་འཁྱག་དང་རྡོ་ཡི་བཅུད་ལེན་ནུས་པའི་གྲུབ་ཆེན་ཁོང་ནི་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་མཛད།

   མགར་རའི་ཚེ་དབང་སྐྱིད་དགའི་བུ་མགར་རའི་ཚེ་ཐར་ཡིན།དེའི་བུ་མགར་རའི་ཚེ་འཕེལ་ཡིན། དེའི་སྲས་མགར་བླ་མ་ལྷུན་གྲུབ་ལགས་ཀྱིས་འདན་ཡུལ་བཀྲ་ཤིས་དགོན་གྱི་དགོན་ས་གསར་དུ་བཏབས་པར་མཛད།

    རྐེ་སྲིབ་མགར་ཚང་གི་བུ་མོ་ཞིག་སྒོ་ཚ་ཚང་དུ་ཕྱིན་པའི་སྲས་དྲུང་སྒོ་ཚའི་རྒྱལ་སྤྲུལ་ཞེས་པ་བྱུང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཀྱང་བསྔགས་བརྗོད་ཡང་ཡང་མཛད་མྱོང་བའི་རྣལ་འབྱོར་པ་ཞིག་བྱུང་མྱོང་བ་དང་། རྐེ་སྲིབ་མགར་ར་ཚང་གི་བུ་རྟ་གཅོད་རྡོ་རྗོ་བྱ་བས་ཇག་པ་དང་ཕྲད་ཚེ་རལ་གྲི་གཡུག་ཐེངས་གཅིག་གིས་མི་རྟ་སྒ་བཅས་བཏུབ་པས་དེ་ནས་བཟུང་མགར་རའི་རྟ་གཅོད་རྡོ་རྗེ་ཞེས་ཡུལ་མིའི་ངག་རྒྱུན་དུ་ཆགས་པའི་མི་སྟོབས་ཆེན་སོགས་མདོར་ན་མགར་གྱི་ཁྱིམ་རྒྱུད་དེ་དག་ཏུ་མི་སྣ་རླབས་ཆེན་དུ་བརྩི་རི་བ་གང་མང་ཞིག་བྱུང་བར་འདུག


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c92f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15600677
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号