རྒྱལ་ཁ་ནི་ཕར་ཕྱོགས་ན་ཡོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »རྒྱལ་ཁ་ནི་ཕར་ཕྱོགས་ན་ཡོད།
རྒྱལ་ཁ་ནི་ཕར་ཕྱོགས་ན་ཡོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/2/23ལྟ་ཀློག (20068)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྒྱལ་ཁ་ནི་ཕར་ཕྱོགས་ན་ཡོད།

Success Is on the Other Side

རྩོམ་པ་པོ། ཧཱ་བྷཱོ་ཀྲི།

སྒྱུར་བ་པོ། དྷཱི་གྲོལ།

        མི་ཀུན་གྱིས་རྒྱལ་ཁ་ཐོབ་པར་རེ་ལྟོས་བྱེད་པར་མ་ཟད། ལ་ལས་ནི་མཐར་ཐུག་གི་དམིགས་ཡུལ་དུ་བཟུང་སྟེ་དེ་ཁོ་ནའི་སྐོར་ལབ་གླེང་བྱེད།  མི་གཞན་ལ་རྒྱལ་ཁ་ཐོབ་དུས། དེ་ཇི་འདྲ་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་ངེས་ཡིན། དུས་རྒྱུན་རྒྱལ་ཁ་ནི་ཧ་ཅང་རྒྱང་ཐག་རིང་བའི་དངོས་པོ་ཞིག་ལ་ལག་སྙོབ་བྱེད་པ་དང་འདྲ་མོད། དོན་དངོས་སུ། ཁྱོད་ཀྱི་བསམ་ཚུལ་དང་བསྡུར་ན་དེ་ནི་ཁྱོད་དང་ཉེ་བར་གནས་ཡོད་པ་ཞིག་སྟེ། རྒྱལ་ཁ་ནི་ཕར་ཕྱོགས་ན་ཡོད། ཁྱོད་ལ་དེ་ཐོབ་འདོད་ཀྱི་རེ་བ་བརྟན་པོ་ཞིག་དགོས་པ་མ་ཟད། དེ་ཐོབ་ཐུབ་པའི་ཡིད་ཆེས་ཀྱང་འདང་ངེས་ཤིག་དགོས།

 

        Every body wants success. Some people aim for it; others just talk about it. We all know what it looks like... when someone else has it. Often times it just seems like something too far out of reach.

The truth is... success is closer than you think. It's just on the other side... you have to want it enough, and be willing enough to get it.

 

རྒྱལ་ཁ་ནི་ཞེད་སྣང་གི་ཕར་ཕྱོགས་ན་ཡོད།

On the other side of fear

 

       ཕམ་ཁ་བྱུང་རྒྱུར་དོགས་པའི་ཞེད་སྣང་དང་། མི་གཞན་གྱིས་གླེང་བརྗོད་སྣ་ཚོགས་གཏོང་བར་སྐྲག་པའི་ཞེད་སྣང་། དངོས་གནས་རྒྱལ་ཁ་ཐོབ་ཐུབ་བམ་སྙམ་པའི་ཞེད་སྣང་ནི་ཁྱོད་རང་གི་ཆེས་ཆེ་བའི་བར་ཆད་ཡིན། འདི་ཡིས་རྟག་པར་ཁྱོད་རང་ས་རུ་སྒྱེལ་བར་བྱེད་ཅིང་། རྐྱེན་འདི་ལ་ལྟོས་ནས་བྱ་བ་ཐག་གཅོད་གནང་སྐབས་ཁྱོད་རང་འགྲིག་པ་ལྟར་སྣང་ཡང་། ཐག་བཅད་དེ་དག་གིས་ཁྱོད་རང་དཀའ་ཁག་ལས་ཐར་བར་དངོས་སུ་བཀག་འགོག་བྱེད་ངེས།

       Fear is your biggest obstacle — fear of failure, fear of the judgment of others; fear of actually succeeding. It will trip you up every time. It will cause you to make decisions that may seem "right" at the time, but they're preventing you from actually getting over that wall.

 

རྒྱལ་ཁ་ནི་ཁག་འགེལ་གྱི་ཕར་ཕྱོགས་ན་ཡོད།

On the other side of excuses

 

        རྒྱལ་ཁ་ཐོབ་པར་གཞན་ལ་ཁག་འགེལ་ཆོག་པའི་གནས་ལུགས་གཏན་ནས་མེད་དེ། གནས་སྐབས་ཁྱོད་ལ་རྒྱལ་ཁ་ཐོབ་པའམ་ཕམ་ཁ་བྱུང་བ་གང་ཡིན་ཡང་ཆོག  ཁྱོད་ཀྱིས་རྒྱུ་མཚན་གཞན་བཙལ་ནས་རྒྱལ་ཁ་དེའི་ཕྱོགས་སུ་གོམ་ཁ་མི་བསྐྱོད་པའི་སྐད་ཅིག་དེར་ཁྱོད་ལ་གྲུབ་འབྲས་ལྡན་པའི་རྒྱལ་ཁ་ཐོབ་པའི་སྐལ་བ་མཚམས་བཅད་པ་ཡིན། རྒྱལ་ཁའི་རོལ་གཞས་འཚོལ་སྙེག་གི་ཀློང་ན།  ཁག་འགེལ་ནི་ཡིད་དུ་མི་འོང་བའི་ཅ་ཅོ་ཁོ་ནའོ།།

       Success has no excuses. You either get it or you don't. The minute you find a reason not to take another step towards success is the moment you stop being successful. In the symphony of success, excuses are just noise.

 

རྒྱལ་ཁ་ནི་བར་ཆད་ཀྱི་ཕར་ཕྱོགས་ན་ཡོད།

On the other side of obstacles

 

       དུས་ཚོད་མི་འདྲ་བ་རེའི་ནང་དུ་མི་རེ་རེའི་ངོ་གདོང་ན་རྣམ་འགྱུར་མི་འདྲ་བའི་འགྱུར་ལྡོག་རེ་ཡོད་ཅིང་། ང་ཚོ་ཚང་མ་གཅིག་མཚུངས་སྒོས་རང་སོ་སོས་འགྱུར་ལྡོག་དེ་དག་ཐག་གཅོད་བྱེད་པའི་ཐབས་ཚུལ་མི་འདྲ་བ་རེ་དང་དུ་ལེན་གྱིན་ཡོད་པས། སོ་སོ་རང་ལ་ཐོབ་པའི་མཇུག་འབྲས་ཀྱང་མི་འདྲ་བ་རེ་ཡོད་པ་ཡིན། ཆེས་གལ་འགང་ཆེ་བ་ནི། ཁྱོད་ཀྱིས་འགྱུར་ལྡོག་དེ་དག་ཚུལ་ཅི་ལྟར་ཐག་གཅོད་བྱེད་དགོས་པ་དང་། མཇུག་འབྲས་དེ་དག་བྱུང་ཚེ་ཅི་ཞིག་བྱེད་དགོས་པ་དེ་རེད། བར་ཆད་ནི་ཁྱོད་རང་བགྲོད་པའི་ལམ་དེ་མེད་པར་བཟོ་མཁན་ཞིག་གམ། ལམ་དེ་ལས་བགྲོད་ལམ་འགོག་མཁན་ཞིག་ཡིན། ཁྱོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཁྱོད་ཀྱིས་རྒྱལ་ཁ་ཐོབ་པའི་ཆེད་དུ་བར་ཆད་ལས་ངེས་པར་བགྲོད་དགོས།

 

       Everyone faces changes; different ones at different times. We all handle the same challenges differently; we all have different results. If s how you handle each one and what you do with the results that count. An obstacle is something you either find a way around or allow to stop you. Remember, you've got to get passed obstacles in order to succeed.

 

རྒྱལ་ཁ་ནི་ཕམ་ཁའི་ཕར་ཕྱོགས་ན་ཡོད།

On the other side of failures

 

          ཡོད་ཚད་རང་ལ་ཕན་པའི་དངོས་པོའམ་རང་ལ་ཐོབ་པའི་ངེས་པ་མེད་ལ། དེ་ནི་མི་གཞན་ལ་ཕན་ནུས་ལྡན་པའི་དངོས་པོར་གྲུབ་པ་ལས་ང་ཚོར་མི་དབང་བར་ཆགས་པ་ཡང་ཡོད་སྲིད། དེ་ཡིན་ཡང་ཅི་ཞིག་སྟེ། ཕམ་ཁ་ནི་ཁྱོད་ཀྱི་བར་ཆད་དང་ཁག་འགེལ་དུ་འགྱུར་ཆོག་པའམ་ཡང་ན། ཅི་ཞིག་བསྒྲུབ་མི་རིགས་པར་སློབ་སྟོན་གནང་བའི་དགེ་རྒན་དུ་ཡང་འགྱུར་ཆོག  དེས་ཁྱོད་ལ་ཧུར་བརྩོན་དང་དམ་བཅའ།  བྱ་བ་མཐའ་འཁྱོང་ཐུབ་པར་གཏོང་ངེས།

    རྒྱུ་མཚན་ཁ་ཤས་ལ་བརྟེན་ནས་མི་རྣམས་ཀྱིས་དེ་ལ་རྒྱལ་ཁའི་ཐེམ་སྐས་ཞེས་འབོད་ཀྱིན་ཡོད་ལ། རྒྱུ་མཚན་ནི་ཁྱོད་རང་གནས་ག་ཤེད་དུ་སླེབ་ཐུབ་པའི་ཆེད་དུ་ཐེམ་སྐས་འདིར་འཛེགས་དགོས་ཀྱི་ཡོད།  འདི་ནི་རང་འགུལ་གྱི་གློག་སྐས་ཤིག་མ་ཡིན། ཁྱོད་ཉིད་འདི་ལས་གཡོ་འགུལ་མེད་པར་འགྲེང་སྟེ་ཐེམ་སྐས་ཁོ་ནར་ཁྱོད་ཀྱི་ཆེད་ངལ་རྩོལ་བྱེད་དུ་འཇུག་མི་འོས་པར། ཁྱོད་རང་གིས་རང་ཉིད་ཀྱི་ཆེད་དུ་འབད་པ་གནང་དགོས། འདི་ནི་དངོས་གནས་ལས་སླ་མོ་ཞིག་ཡིན་ཏེ།  སྐབས་རེར་ཁྱོད་ཀྱི་ཕྲག་པར་ལྗིད་ཏིག་ཏིག་གི་ཁུར་བོ་འཁུར་ནས་ཡོད་ཀྱང་ཐེམ་སྐས་ཀྱི་རང་བཞིན་སྔར་ལྟར་མ་འགྱུར་བར་གནས་ཡོད་ལ། རྒྱལ་ཁས་ད་དུང་ཕར་ཕྱོགས་ན་ཁྱོད་རང་སྒུག་ནས་ཡོད།  འདིར་ཆེས་མཁོ་གལ་ཆེ་བ་ཞིག་ནི་ཁྱོད་རང་སྙིང་རུས་དང་བློ་སྟོབས་བརྟན་པོས་གྱེན་དུ་འགྲེངས་ནས་རྒྱལ་དང་ཁྱོད་ཀྱི་བར་དུ་བཅད་པའི་རྩིག་གྱང་ལས་མཆོང་རྒྱུ་དེ་རེད།

ཁྱེད་རང་ཕྱོགས་གང་དུ་འཛེག་ན་འདོད།

 

        Not everything works; even if it works for other people, the same thing just doesn^ work for us. So what? Failure can either become an obstacle and an excuse or it can become your teacher in what not to do. It takes efifort, commitment and follow-throgh.

     They call it a ladder of success for a reason... because you need to climb it in order to get somewhere. It's not an escalator. You just don't stand there and let it do the work for you. You have to do the work yourself. Sometimes it will be easy; other times you,ll be carrying a heavy load on your shoulders. The ladder remains the same. Success still waits on the other side. It's going to take determination and persistence on your part to get up and over that wall.

 

Which side do you want to be on?

《འཛམ་གླིང་སྟེང་ཆེས་རླབས་ཆེན་གྱི་གདམ་ངག་ལེཊ་བསྒྲིགས་》དེབ་དང་པོ་ལས་ཚན་བསྒྱུར་བྱས།

2019/2/11 ཉིན་ཕ་ཡུལ་ནས་སྦྱར་བའོ། །

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
trjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41366831
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1