ཕྱག་དེབ་གསར་བ་འགྲེམ་བརྡ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 7 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »ཕྱག་དེབ་གསར་བ་འགྲེམ་བརྡ།
ཕྱག་དེབ་གསར་བ་འགྲེམ་བརྡ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/3/4ལྟ་ཀློག (1044)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕྱག་དེབ་གསར་བ་འགྲེམ་བརྡ།

དེ་རིང་ངས་ཁྱེད་རྣམས་ལ་ཕྱག་དེབ་གསར་པ་ཞིག་ངོ་སྤྲོད་བྱ།

    ཕྱག་དེབ་དེ་ནི་ཁམས་སྟོང་སྐོར་དགོན་གྱི་རྐང་འཛིན་དགེ་རྒན་སེར་སྨད་དགེ་བཤེས་ཉི་མ་མཆོག་གིས་མཛད་པའི་གཅིག་ཏུ་བསྡུས་པའི་ཚོམས།ཞེས་པ་ཡིན་ལ།

གསུང་རྩོམ་འདིའི་ནང་དུ་བཅོམ་ལྡན་འདས་ཀྱིས་རང་ཅག་ལ་ཕ་མ་རྣམས་བཀའ་དྲིན་བླ་ལྷག་ཏུ་ཆེ་བར་གསུངས་པ་ཕ་མའི་མདོ་ལ་འགྲེལ་བ་གནང་བའི་(ཕ་མའི་མདོའི་འགྲེལ་པ་གཞན་ཕན་འོད་སྣང་།)ཞེས་པ་དང་། (འགྲེལ་པ་ག་ལས་འཇིགས་མེད་རྩོམ་པ་པོ་ཀླུ་སྒྲུབ་ཡིན་མིན་ལ་དཔྱད་པ། )(ཞི་ལྷག་གི་སྐོར་ལ་དཔྱད་པ།)(གཤིས་ལུགས་སུ་གྲུབ་པ་ཡོད་མེད་ལ་དཔྱད་པ།)སོགས་དབུ་མའི་བགྲོ་གླེང་ཐེངས་དུ་མ་ལ་ཕུལ་བའི་དཔྱད་རྩོམ་ཁག་དང་། ཁོང་གི་ཉམས་མྱོང་དང་འབྲེལ་ནས་བརྩམས་པའི་(བསླབ་བྱ་ཚིགས་བརྒྱད་མ།)དང་། (བསླབ་བྱ་གནད་ལ་རེག་པ།)སོགས་བསླབ་བྱ་ཁག་དང་།  (མི་རྟག་དྲན་སྐུལ་)སོགས་སྐྱོ་འགུར་གྱི་སྐོར། ཐུབ་དབང་དང་རྗེ་བླ་མའི་བསྟོད་པ་སོགས་བསྟོད་པའི་སྐོར།

ལྷག་པར་དུ་དེང་གི་དུས་ལ་དགེ་འདུན་པས་དད་རྫས་སམ་དཀོར་ལ་ཅིས་ཀྱང་གཟབ་དགོས་པར་གསུངས་པ་(དགེ་འདུན་གྱི་དད་རྫས་སྐོར།)ཞེས་པ་དང་། (དགེ་འདུན་གྱི་ཁ་ཟས་གཙང་མ་བཟོ་དགོས་པའི་སྐོར།)སོགས་ཚིགས་བཅད་ལྷུག་གི་གསར་རྩོམ་མང་པོའི་སྟེང་དུ་སྔར་བརྩམས་ཟིན་པའི་ཚིགས་བཅད་ཐོར་བུའི་རིགས་ལག་སོན་གང་བྱུང་རྣམས་བསྣན་ཏེ་ཕྱོགས་གཅིག་ཏུ་བསྡུས་ནས་དེབ་གཟུགས་སུ་བསྐྲུན་པ་ལ་རྩོམ་སྒྲིག་པས་"གཅིག་ཏུ་བསྡུས་པའི་ཚོམས་"ཞེས་བཏགས་པ་ཡིན་ནོ། །


       སྤྱིར་དགེ་བཤེས་ཁོང་གི་གསུང་རྩོམ་རྣམས་ཧ་ཅང་གོ་བདེ་ཞིང་འགྲོས་གཙང་ལ།  མི་སེར་དཀྱུས་མ་ཞིག་གིས་བཀླགས་པས་ཀྱང་བརྗོད་བྱ་ལམ་མེར་རྟོགས་ནུས་པ་དེ་ནི་ཁོང་གི་རྩོམ་རྩལ་ཡིན་སྲིད་ལ། མ་ཟད་ཁོང་གི་རྩོམ་ལ་བསྔགས་བརྗོད་མཛད་མཁན་ཡང་མི་ཉུང་བ་མཆིས་མོད་འདིར་བརྗོད་མི་སྤྲོ་ལ། ཚིགས་བཅད་རྣམས་སྙན་ངག་གི་ལམ་ནས་བརྗོད་ན་རིགས་རང་བཞིན་བརྗོད་པ་རྐྱང་རྐྱང་ལས་རབ་བཏགས་སོགས་ཀྱིས་བརྒྱན་པ་ཧ་ཅང་ཉུང་བས། ལས་དང་པོ་བ་རྣམས་རྩོམ་ལ་འཇུག་པར་འདོད་ན་ནི། འདིའི་སྟེང་ནས་རྩོམ་ལ་འཇུག་ན་འཇུག་བདེ་ཞེས་སྨྲ་སྤོབས་སོ། །

ཞེས་པ་འདི་ནི་ཧོར་ཞོགས་སྤྲིན་གྱིས་ཁམས་སྟོང་སྐོར་དགོན་སློབ་གཉེར་ཁང་ནས་ཟླ་ཚེས་བཟང་པོར་བྲིས།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15793923
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号