ལོ་རྒྱུས་ལས་ཚངས་དབྱངས་རྒྱ་མཚོར་མཇལ་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ལོ་རྒྱུས་ལས་ཚངས་དབྱངས་རྒྱ་མཚོར་མཇལ་བ།
ལོ་རྒྱུས་ལས་ཚངས་དབྱངས་རྒྱ་མཚོར་མཇལ་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/3/4ལྟ་ཀློག (531)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལོ་རྒྱུས་ལས་ཚངས་དབྱངས་རྒྱ་མཚོར་མཇལ་བ།

མགར་ཐང་དཀར། མཚོ་ལྷོ།

ཤར་ཕྱོགས་རི་བོའི་རྩེ་ནས།།

དཀར་གསལ་ཟླ་བ་ཤར་སོང་།།

མ་སྐྱེས་ཨ་མའི་ཞལ་རས།།

ཡིད་ལ་འཁོར་འཁོར་བྱས་སོང་།།

     མགུར་གླུ་དུམ་མཚམས་འདི་ལས་མི་སྣ་རླབས་ཆེན་ཞིག་གི་མཛད་པ་ཤར་ཤུར་བློ་ངོར་འབབ་ཐུབ་ངེས་པས་ན་བོད་ཆོལ་ག་གསུམ་མམ་དགོས་སུ་འཛམ་གླིང་ས་སྒང་རིལ་མོ་འདིའི་སྐྱ་སེར་ཀུན་ལ་ངས་ཀྱང་ཁ་བརྡ་རེ་གློད་དགོས་བསམ་བྱུང་།

     དེ་ཡང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའམ་རིག་འཛིན་ཚངས་དབྱངས་རྒྱ་མཚོ། གསེར་ཁྲིར་མངའ་གསོལ་དུས་ཀྱི་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ངོ་སྤྲོད་ཀྱི་ཟིན་ཐོ་ལྟ་བུ་འགའ་བཀླགས་རྗེས། ངའི་ཚངས་ཡངས་རྒྱ་མཚོའི་གཤིས་སྤྱོད་དང་དད་འདུན་ཐད་སྐད་ཆའི་ཆུ་ཐིགས་རྡོག་རེ་གཏོར་དགོས་སོང་། གཞུང་ལ་ཞུགས་ན་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐབས་བོད་ཁམས་སུ་སྤྱི་ཚོགས་འགལ་བ་དང་ཆོས་ལུགས་འགལ་བ། སྲིད་འགལ་བཅས་ཀྱི་མེ་ཕུང་མཁའ་རུ་འཕྱུར་སྟབས་སོག་པོས་དབང་སྟོབས་ཀྱི་མཚོན་ཆ་ཡང་མཁའ་རུ་འཕྱར་བའི་དུས་ཛ་དྲག་ཅིག་ལ་ཁེལ་འདུག ཡིན་ནའང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྙིང་སྟོབས་སམ་མཁས་མཛངས་དང་།   ཚངས་དབྱངས་རྒྱ་མཚོའི་དམངས་སེམས་སྒུལ་བའི་ཆོས་ཀྱི་བསམ་བློས་བོད་སྤྱི་ཚོགས་ནང་ཁུལ་ཕར་ཞོག་ཐ་ན་སོག་པོ་དང་མཐའ་བཞིའི་རྒྱལ་ཕྲན་མང་པོ་ལོ་དུ་མར་ཞི་འཇགས་ངང་འཚོ་བ་གསར་བའི་གསེར་གྱི་རྐང་ལམ་ལ་གོམ་པ་ལྷོད་ཀྱིས་སྤོ་རུ་བཅུག

      ཡིན་ནའང་བདེན་པའི་ལས་དང་དྲང་བའི་སེམས་ལ་དགག་པ་རྒྱག་རྒྱུ་དེ་གནའ་སྤྲེའུ་དུས་ནས་དེང་མི་ཡི་བརྒྱུད་རིམ་ཁྲོད་མཚམས་ཆད་མ་མྱོང་པའི་བོད་མིའི་ནད་རྙིང་ཞིག་ཏུ་ཆགས་འདུག ཅིའི་ཕྱིར་ཟེར་ན་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་ལྷ་ལུང་དཔལ་རྡོར་གྱིས་བགྲོངས་པ་དང་། དགེ་ཆོས་དང་རང་གྲོལ་ཅི་ཡིན་འདི་ཡིན་མེད་པར་འཇིག་རྟེན་དཀར་ངོགས་ནས་ཚེ་ཡི་མར་མེ་འོད་ཆེན་དེ་གློ་བུར་དུ་གཟིམས་པ་ལྟ་བུར་དཔེར་དྲངས་པས་ཆོག་གོ རིན་ཆེན་ཚངས་དབྱངས་རྒྱ་མཚོའམ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཕྱོགས་ནས་ཁ་བརྡ་གློད་སྐབས་གླང་དར་མ་དང་དགེ་ཆོས། ད་དུང་རང་གྲོལ་སོགས་གླེང་ན་ཅིས་ཀྱང་རྭ་སུག་ལུག་ལ་སྦྱར་བའི་དཔེ་རུ་འགྲོ་ཉེན་ཆེ་ཡང་། དོན་དངོས་ལ་ཆ་འཇོག་གི་ཆེད་དུ་དེ་ལྟར་མི་ལབ་རང་དབང་མེད་དོ། །

     སྔོན་གྱི་དུས་སུ་རིན་ཆེན་ཚངས་དབྱངས་རྒྱ་མཚོས་བོད་ཁམས་སུ་ཆོས་སྲིད་སྙན་གསུམ་གྱི་འཁོར་ལོ་བསྐོར་ཚུལ་དང་། ཤར་ཕྱོགས་རི་རྩེ་ནས་ཟླ་བ་མཐོང་ཚུལ། ཕྱོགས་གཞན་ཞིག་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱའི་ལོ་རབས་ལས་ས་དགེ་བཀའ་རྙིང་ལ་ཞུ་དག་སྣང་ཚུལ་དང་། ལྷ་བཟང་ཧན་གྱི་མནར་གཅོད་ལས་ཚངས་མགུར་ལ་མཇལ་ཚུལ། ཚངས་མགུར་ལས་སྐྱོ་གདུང་གི་མིག་ཆུས་ལན་བུ་བསླུས་ཚུལ། བརྒྱུད་རིམ་མང་པོའི་ནང་གི་ཉུང་ཉུང་འདི་དག་ལ་བསམ་གཞིག་གི་ཀློང་དུ་རྟོག་ཞིབ་ནན་མོ་རེ་བཏང་ན་ཡང་ལོ་རྒྱུས་ལས་རིན་ཆེན་ཚངས་དབྱངས་རྒྱ་མཚོར་མཇལ་ཐུབ་ཅིང་། ཁོང་རྣམ་གཉིས་ཀྱི་འབངས་བྱམས་ཀྱི་སེམས། ད་དུང་༿ ༡༦༨༣༾ ་གྱི་སྔ་རོལ་ནས་ཕྱི་རོལ་དུ་རིམ་གྱིས་བོད་སྤྱི་ཚོགས་སུ་ཆོས་སྲིད་ལུགས་གསུམ་གྱི་འགལ་བ་དང་། སྤྱི་ཚོགས་ཀྱི་ནང་འགལ་སོགས་མེ་ལོང་ནང་ནས་རང་ཉིད་ལ་མཇལ་བ་ནང་བཞིན་གསལ་ལེར་མཐོང་ཐུབ། དེ་ནི་རང་བཞིན་གྱི་དོན་དག་རྐྱང་རྐྱང་ཞིག་མིན་ཏེ། ནང་ཁུལ་གྱི་མིང་གྲགས་ཅན་གྱི་མི་སྣ་གྲགས་ཅན་དེ་ལྟ་བུར་དག་ལ་ཕྲག་དོག་དང་སྐྱོན་མཚང་བཙལ་རྐྱེན་ཡིན།

     སྤྱིར་བཏང་དུ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་རིན་ཆེན་ཚངས་དབྱངས་རྒྱ་མཚོར་ལོ་རྒྱུས་ཀྱི་ཐང་མ་ལས་བཙལ་དུ་མི་ལོངས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟབ་མོ་ཞིག་དང་། ཐ་སྙད་ཀྱིས་བགམ་མི་ཐུབ་པའི་བརྩེ་སེམས་ཀྱི་རྨུ་ཐག་རིང་མོ་ཞིག་འབྲེལ་ཡོད་སྟབས། འདས་མ་ད་གསུམ་དུ་ཀུན་གྱི་གླེང་གཞི་རུ་གྱུར་ཏེ་ལྷག དེ་ལྟར་ན་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་མི་ཚེའི་བཞུད་ལམ་རེ་རེ་ནས་ཐ་སྙད་ཀྱི་བཞེངས་བསྐྲུན་མི་ཐུབ་པའི་རིགས་ལམ་མཐོང་ཐུབ་ལ། ཐིགས་རིས་ཀྱི་ཐང་གར་ཕབ་མི་ཐུབ་པའི་ཁོང་གི་ཞལ་རས་མཐོང་ཐུབ།

    སྔོན་གྱི་དུས།

ཆོས་སྲིད་ལུགས་གསུམ་གྱི་གསེར་ཁྲིར་མངའ་བའི་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ནི་ཅི་ཡིན་འདི་ཡིན་མེད་པར་གསེར་ཁྲི་ལས་ཕབ་ཅིང་། སོག་རྒྱལ་གྱི་གཉའ་གནོན་དང་བརྙས་བཅོས་ཀྱི་ཁྲིམས་ཆད་ལས་གཞོལ་ཏེ་བྲོས་བྱོལ་དུ་སོང་ཞིང་། བྲོས་བྱོལ་གྱི་བརྒྱུད་རིམ་ཁྲོད་ཡར་བདའ་མར་བདའ་བྱས་ནས་ཁོང་གི་མི་ཚེ་ཧྲིལ་བོར་འཆལ་པོ་དང་བཟང་དབང་པོ་སོགས་ཀྱི་མཚན་ངན་པའང་ཁོང་དང་སྦྱར།

     གང་ལྟར། བློ་རྩེ་ཕྱོགས་གཉིས་སུ་མ་ལྷུང་བར་གཟུ་བོར་གནས་པའི་རྒྱལ་དབང་ལྔ་བ་མཆོག་གིས་མི་ཚེ་ཧྲིལ་བོར་དཀའ་ཁག་དང་གཉའ་གནོན། སྡུག་བསྔལ་སོགས་རྒྱབ་ཏུ་བསྐྱུར་ནས་འཇིག་རྟེན་གྱི་དམྱལ་ཁམས་ནས་སྡེ་སྲིད་དང་སྣང་བ་གཅིག་ཏུ་བསླུས་ནས་བོད་ཀྱི་ཆོས་སྲིད་ལུགས་གསུམ་དང་། རིག་གཞུང་དུ་མར་གསེར་དངུལ་ཟངས་ལྕགས་ཀྱི་ཁྲབ་རྨོག་བཟོས་ཅིང་། འཛམ་གླིང་ཤར་ནུབ་ལ་ནང་པའི་དྲི་བསུང་མཐུལ་དུ་བཅུག རིན་ཆེན་ཚངས་དབྱངས་རྒྱ་མཚོས་ད་དུང་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཁ་ཆེམས་ལྟ་བུ་ཞིག་བཞག་འདུག་པ་འདི་ལྟ་སྟེ་<< ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དུ>>་གསལ། རྒྱལ་མཆོག་ཁོང་གིས་སྡེ་སྲིད་ལ་བོད་ཁམས་སྤྱིའི་ཆ་ནས་ཞི་བདེར་གནས་དགོས་ན་སོག་པོ་ཐེ་བའི་ཕྱི་ནང་ཀུན་གྱི་དབུ་བཞུགས་དག་ལ་བསྙེན་བསྐུར་བྱས་ཏེ་སྤྱིའི་རྣམ་པ་ཞི་འཇགས་སུ་གཏོང་དགོས་ཞེས་གསུང་སྐད། ཁོང་གི་རྣམ་དཔྱོད་ལ་གསེར་གྱི་གཤོག་པ་བརྐྱངས་ཏེ་སྤྱིར་འཛམ་གླིང་དང་སྒོས་སུ་བོད་ཁམས་ཀྱི་བདེ་སྡུག་གི་སླད་དུ་ཁོང་གི་སྒེར་ངོས་ནས་ཡོད་ཚད་ཀྱི་ཡོད་ཚད་བློས་བཏང་པས། ཕྲན་ཆུང་གིས་ཁོང་གི་མི་གཞིར་གདམ་ཚིག་ཞིག་བཀོད་ན་འདོད་སོང་། དེ་ནི་ <<འཇིག་རྟེན་གྱི་དེད་དཔོན།>>ཞེས་པ་དེ་ཡིན།

ངའི་བསམ་གཞིག་གི་སྒོ་མོ་རིང་དུ་བརྐྱངས་ཏེ་རིན་ཆེན་ཚངས་དབྱངས་རྒྱ་མཚོར་འདི་ལྟར་འབོད་དོན་ཡང་འདས་མ་ད་གསུམ་གྱི་ཟམ་ཆེན་རེ་རེ་ནས་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ལྟ་བུའི་སྐྱེས་བུ་རླབས་ཆེན་བྱུང་མ་མྱོང་ཡེ་ནས་ཟེར་གྱི་མེད། ཡིན་ཡང་དུས་ཀྱི་འཕེལ་ཕྱོགས་ལས་མི་སེམས་སུ་དུག་ཆུ་གདུ་བའི་ལོ་རབས་དུ་རང་ཉིད་ཀྱི་ཡོད་ཚད་ཕུལ་ནས་མི་སེམས་ལ་སྨན་གསོ་སྟེར་བའི་ཁོང་ལྟ་བུ་སྐྱེས་ཆེན་གནམ་ས་སྒུལ་བ་དག་ལ་ཅིས་ཀྱང་ཕྱིར་དྲན་དང་གདུང་འབོད་བྱས་ན་འོས་སྙམ། སྤྱིར་བཏང་དེ་ལྟར་བྱས་པ་ཙམ་གྱི་ཁོང་རྣམས་ལ་ཅི་ཡང་ཕན་མེད་ཀྱང་། རང་ཉིད་ཡང་བོད་ཀྱི་རྗེས་རབས་པ་ཞིག་ཡིན་པས་ཆ་ན་དེ་ལྟར་གློད་པར་ཆས་སོ།

     གངས་ཅན་གྱི་ཀློག་པ་པོ་ཡོངས། གོང་གསལ་གྱི་ནང་དོན་དེ་ལས་ཀྱང་ཉམས་དགའ་བ་དག་དང་། རིན་ཆེན་ཚངས་དབྱངས་རྒྱ་མཚོ་གསེར་ཁྲི་ལས་ཕབ་སྟེ་མདོ་སྨད་དུ་མི་ཚེར་དབུ་ཁྱུད་བྲིས་ཚུལ་དང་། ཁོང་གི་སྐུ་གདུང་གི་གསེར་འོད་ད་དུང་མདོ་སྨད་ཀྱི་<<གསེར་འོད་དགོན>> ་དུ་འཕྲོ་བ་སོགས་ཀྱི་ཐད་རྒྱལ་དབང་ལྔ་བའི་གསང་རྣམ་ལས་མཉམ་དུ་མཇལ་ཡོང་། དོ་ནུབ་ནི་ང་ཚོ་མཉམ་དུ་དོག་པའི་སྒོ་མོ་ཡུན་གྱིས་རྡུང་བར་བྱའོ།། །།

སྤྱི་ལོ་ཟླ་ཚེས་ལ་ཟི་ལིང་གྲོང་ཁྱེར་དུ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
spiv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/19
ཟབ་རྒྱས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14600418
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号