དབྱངས་གསར་བའི་སྡེ་ལ་ཕུལ་བའི་ཤིས་ཚིག་འགའ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 15 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »དབྱངས་གསར་བའི་སྡེ་ལ་ཕུལ་བའི་ཤིས་ཚིག་འགའ།
དབྱངས་གསར་བའི་སྡེ་ལ་ཕུལ་བའི་ཤིས་ཚིག་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/4/1ལྟ་ཀློག (1030)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


     ངུར་སྨུག་གི་གཟན་ཤམ་དེ་དབྱངས་གསར་བའི་སྡེ་གྲོང་ནས་མེ་ལྕེ་བཞིན་མཆེད་ཡོང་དུས། མཚུངས་མེད་ཀྱི་སྙན་ངག་དེ་དུས་གསར་བའི་གཞིས་ཁྱིམ་ལ་འོད་སྣང་བཞིན་ཁྱབ་པར་ཤོག

            ----------འབྲོང་གིས་གུས་ཕུལ།

     དབྱངས་གསར་བའི་སྡེ་ཚང་གི་སྙན་ངག་པ་རེ་རེ་གངས་ལྗོངས་ཀྱི་མཁའ་ལམ་ཡངས་པོ་ནས་རླུང་སྤུ་གྲིའི་སོ་ཁ་རེ་རེ་བརྒལ་ཏེ་དགུང་ནམ་འཕང་གཅོད་པའི་རེ་བ་ཤིན་ཏུ་ཆེ།
           ---------- མར་ཁུ་རྒྱལ་མཚན་གྱིས།

      དབྱངས་གསར་བའི་སྡེ་ནི་བོད་ཀྱི་སྙན་ངག་གི་སྡེ་ནས་གསར་དུ་གྲུབ་པའི་གྲྭ་གཞོན་སྙན་ངག་པའི་ཚོམས་གསར་བ་ཞིག་སྟེ། ཁོ་ཚོས་མ་འོངས་པའི་བོད་ཀྱི་རྩོམ་སྟེགས་སུ་ཚ་ཚ་འུར་འུར་གྱི་གྲག་འགུལ་ཞིག་བཟོ་བའི་རེ་བ་ཧ་ཅང་ཆེ།
          ---------- མི་རབས་གསུམ་པ་བ་འབྲོང་ཕྲུག་གིས།

      དབྱངས་གསར་པའི་སྡེ་ཡིས་འཚོ་བའི་དབྱངས་རྟ་དུས་དང་མཐུན་པར་སྤེལ་ཏེ། དོན་གཉིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་སྨོན་འདུན་ཞུ།
          ----------ལྕང་ཞབས་འགྱུར་མེད་ཚེ་དབང་གིས།        
                          ༢༠༡༩ལོའི་ཟླ་བ་༡པོའི་ཚེས་༢༩་ལ་བྲིས།

      སྙན་ངག་གི་དམ་པའི་ཆོས་ལ་དང་བའི་དད་པ་མངའ་བའི་གྲྭ་གཞོན་ཁྱུ་གཅིག་སྟེ།  “དབྱངས་གསར་བའི་སྡེ”ཡི་སློབ་པ་ལམ་གྱི་གནས་སྐབས་ལ་འགལ་རྐྱེན་བར་ཆད་དང་བྲལ་བའི་སྨོན་ལམ་འདེབས་བཞིན་ཡོད།
           ----------  སྒོ་ཡོན་གྱིས།
                                   ༢༠༡༩/༡/༢༨
      ང་ཚོའི་སྐད་ཆ་དིག་གེ་བ་ཞིག་ཏུ་གྱུར་ཅིང་།  དྲན་ཤེས་མུན་ནེ་བ་ཞིག་ཏུ་འགྲོ་བའི་དུས་ཚོད་འདིར།  རང་སྐད་ཀྱི་རྩྭ་རྩེ་ནས་ངག་རིག་གི་ཟིལ་བ་སྤྲུག་མཁན་ཚང་མར་རྗེས་སུ་ཡི་རངས་བྱ་རྒྱུ་ཡིན།  «དབྱངས་གསར་པའི་སྡེ»ཚང་གིས་སྙན་པའི་དུང་འབུད་ཐུབ་པར་སྨོན། གྲགས་པའི་དར་ཕྱར་ནུས་པར་ཤོག

          ----------ཅེས་བདའ་ཚང་སྙེམས་གྲོལ་གྱིས་གུས་ཕུལ།

ངག་ལ་དབྱངས་ཅན་དགའ་མའི་བྱིན་རླབས་འཁྱིལ།།
ཡིད་ལ་འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཚེས།།
དབྱངས་གསལ་དགའ་བ་བརྒྱ་ལྡན་རྫོགས་པའི་རོས།།
བྱིན་རླབས་བསུང་ངད་རིང་དུ་འཐུལ་བར་ཤོག།
        ---------- དབྱངས་གསར་བའི་སྡེ་ཚང་ལ་ཤིས་ཚིག་ཅིག་གི་དོད་དུ་ཚ་ནག་ཀུན་བཟང་གིས་ཕུལ་བ་ལགས།

དབྱངས་གསལ་སོ་བཞི་ངག་གི་རྒྱན་ཆ་བྱོས།།
མ་ཎི་ཡིག་དྲུག་སེམས་ཀྱི་རྟེན་གཞི་ལེགས།།
མི་ཚེའི་ལམ་བུ་རང་གི་འབད་པས་རྙེད།།
མདོར་ན་དགེ་བའི་བྱ་གཞག་འགྲུབ་གྱུར་ཅིག།

        ----------ཆབ་བྲག་ལྷ་མོ་སྐྱབས་ཀྱིས།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15087383
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号