སློབ་མ་ཉིས་སྟོང་ལྷག་གསོ་སྐྱོང་གནང་མྱོང་བའི་རྔ་བའི་དགེ་རྒན་ཞིག་འོས་སྦྱོར་བྱས་ཡོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» ཤེས་ཡོན་པའི་སྡེ། »སློབ་མ་ཉིས་སྟོང་ལྷག་གསོ་སྐྱོང་གནང་མྱོང་བའི་རྔ་བའི་དགེ་རྒན་ཞི
སློབ་མ་ཉིས་སྟོང་ལྷག་གསོ་སྐྱོང་གནང་མྱོང་བའི་རྔ་བའི་དགེ་རྒན་ཞིག་འོས་སྦྱོར་བྱས་ཡོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/4/22ལྟ་ཀློག (27086)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


       ཁོང་གི་མཚན་ལ་སྣང-འཇམ་དབྱངས་བློ་གསལ་རྒྱ་མཚོ་ཞུ་ཞིང་ཁོང་ནི་སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་གི་ཁོངས་རྟོགས་རྨེའུ་སྐོར་འཚམས་ཚའི་སྣང་ཞིག་ལྷ་སྟེང་གི་སྣང་ཞིག་ཚང་གི་ཕ་བདེ་འཕེལ་དང་མ་སྒྲོལ་མ་འཚོ་གཉིས་ཀྱི་རིགས་རུས་སུ་སྤྱི་ལོ་1951ལོར་སྐྱེས་ཤིང་།

     ལོ་བདུན་གྱི་སྟེང་སྒང་བ་དགོན་དུ་ཞུགས་ཏེ་སྒང་བ་རྒྱ་ནག་མཁན་པོའི་དྲུང་དུ་སྐྲ་ཕུད་འབུལ།  ཁུ་བོ་ཟླ་བ་གྲགས་པའི་མདུན་ནས་ཡི་གེ་སྦྱོར་ཀློག་དང་སྐྱབས་འགྲོ་ལྟུང་བཤགས་ཆོ་ག་ཆོས་སྤྱོད་སོགས་བསླབས། དེ་ནས་རྨེའུ་སྐོར་སློབ་ཆུང་འགྲིམས་ཏེ་མཐར་ཕྱིན་རྗེས་མཉམ་ལས་ཁང་གི་ལས་ཀ་སྣ་ཚོགས་པའམ་ཞིང་ལས་ཀྱིས་འཚོ་བ་རོལ།

     སྤྱི་ལོ1973ལོ་ནས་1982བར་འཚམས་ཚ་རུ་ཆེན་གྱི་རྩིས་གཉེར་བ་དང་དམངས་སྒྲུབ་དགེ་རྒན་གྱི་འགན་གཉིས་མཉམ་དུ་ཁུར། དེའི་སྐབས་གསང་སྟབས་ཀྱི་སྒོ་ནས་འཇོ་པཎ་ཌི་ཏའི་སྤྲུལ་སྐུ་ཁྲི་ངག་དབང་དགེ་ལེགས་ཚང་གི་དྲུང་དུ་བཅར་ནས་ས་སྐྱའི་ཐུན་མོང་བསྡུས་གྲྭ་དང་བསེའི་བསྡུས་གྲྭ་གཉིས་ལ་སྦྱངས་པ་བྱས།

     སྤྱི་ལོ་1979ལོ་ནས་བཟུང་གངས་ལྗོངས་ཐོན་མི་གཉིས་པ་རྗེ་བཙུན་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་དཔལ་བཟང་པོ་མཆོག་གི་མདུན་ནས་བརྡ་སྤྲོད་བློ་གསལ་འཇུག་ངོགས་དང་བློ་གསལ་དགའ་སྟོན་གཉིས་ཀྱི་ལྗགས་ཁྲིད་རྒྱས་པ་ཐེངས་བཞིར་ཐོབ། བྱིས་པའི་དག་ཡིག་དང་། སྙན་ངག་དབྱངས་ཅན་དགྱེས་གླུ། བོད་མཁས་པའི་སྙན་ངག   སྙན་འགྲེལ་ཡང་གསལ་སྣང་མཛོད།  བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་། སྐར་རྩིས་རིགས་ལྡན་མཆོད་པའི་འོད་སྣང་།  བྱེད་མཐུན་གྱི་ཉི་ཟླ་གཟའ་འཛིན་གྱི་རི་མོ།  འདར་ལོའི་དབྱངས་ཅན་སྒྲ་ཌཱིཀ་གི་མགོ་ནས་བྱིངས་ཀྱི་མགོ་བར་ལྗགས་ཁྲིད་རྒྱས་པ་ཐོབ་སྟེ་སློབ་གཉེར་བྱས།  ཞང་ངེ་ལམ་རིམ་པ་ཚང་གི་མདུན་ནས་འདར་ལོའི་སྒྲ་ཌཱིཀ་ཀི་རི་མོ་ཡང་བསྐྱར་བསླབས།  སྒྲ་རིག་རྒྱ་མཚོའི་མཐར་སོན་རྗེ་སྐལ་བཟང་ངག་དབང་དམ་ཆོས་ཚང་གི་མདུན་ནས་སྒྲ་པཱ་ཎི་ནི་དང་སྒྲ་ཀ་ལཱ་པ་དང་།  སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་བསླབས་པར་བྱས།  རང་གི་དྲིན་ཆེན་རྩ་བའི་བླ་མ་སྒང་བ་བསྟན་པའི་རྒྱལ་མཚན་ཚང་གི་དྲུང་ནས་སྔགས་བཀླག་ཐབས་སོགས་ཆོས་ཚན་མང་པོ་གསན།

      གཞན་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་ཨ་ཁུ་སྦྱིན་པ་ཚང་གི་མདུན་ནས་ཕར་ཕྱིན་དོན་བདུན་ཅུ་དང་།  མཛོད་གནས་བརྒྱད་ཀ་དང་འདུལ་བའི་གཞི་སྟོད་དང་གཞི་སྨད།  དབལ་མང་སྔགས་སྤྱི་སོགས་ལྗགས་ཁྲིད་གནང་བར་གསན་སྦྱོང་མཛད།

     སྤྱི་ལོ1983ལོ་ནས་2009བར་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་བྱས་ཏེ་སློབ་མ་ཉིས་སྟོང་ལྷག་གསོ་སྐྱོང་བྱས།  དེ་ནས་ལོ་ལྔ་ལ་རྔ་བ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་ཁུར།

      2014ལོ་ནས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ན་རི་མོའི་མར་མེ་བཞིན་བྱ་བ་སྒྲུབ་ཁུལ་བྱ་བཞིན་བཞུགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཀྭ་ཆོས་ཀྱི་རྒྱ་མཚོ། སྤེལ་དུས་༢༠༡༩ ༡༠ ༡༠ སྤེལ་དུས:2019/10/1
དགེན་རིན་པོ་ཆེ་ཁོང་ནི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཅིག་ཡིན་ལ། ཁོང་ནི་ལྷག་བསམ་གྱི་འོད་དཀར་ཟླུམ་པོ་དེ་ཡང་ཡིན། ཁོང་གིས་གནང་བའི་ལེགས་བཤད་ཀྱི་བདུད་རྩི་མངར་མོ་སློས་བུ་ངའི་དད་འདུན་གྱི་བུམ་པར་འཁྱིལ་ཏེ་དུས་གསུམ་གྱི་ལམ་རྒྱགས་ཀྱང་ཡིན།
 སྤེལ་མཁན: རྭ་ཁོག་གི་རྒད་པོ་ཆོས་འཕེལ་དར་རྒྱས། སྤེལ་དུས:2019/4/26
ཁོང་གིས་ང་ལ་གནང་བ་ནི་ཀ་ཁའི་ཤིང་སྡོང་བརྟན་པོ། དབྱངས་ཡིག་གི་ཡལ་ག་སྲ་མོ། སྔོན་རྗེས་འཇུག་གི་ལོ་མ་མཐུག་པོ། མགོ་འདོགས་ཅན་གྱི་ཤིང་ཏོག་མངར་མོ་སོགས་ཡིན། སྐུ་ཚེ་རིང་། 🙏
 སྤེལ་མཁན: གངས་ཐིགས། སྤེལ་དུས:2019/4/23
རྒན་ཁོང་ནི་ང་ཚོར་བཀའ་དྲིན་ཆེ་བ་ཙམ་མ་ཡིན་པར་མི་རིགས་ཤིག་གི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བའི་ཕྱོགས་ལ་ཕྱི་རྗེས་བླ་མེད་གནང་མྱོང་བའི་བསམ་ཤེས་གཉིས་ལྡན་གྱི་སྐྱེས་མཆོག་རྒན་རབས་པ་ཞིག་ཡིན་པ་སྨྲ་མི་དགོས་པ་བྱོས།
 སྤེལ་མཁན: མེ་དཔུང་། སྤེལ་དུས:2019/4/23
རྒན་སྐུ་ཚེ་རིང་བར་སྨོན།
 སྤེལ་མཁན: རིན་ཆེན། སྤེལ་དུས:2019/4/22
དགེ་རྒན་རིན་པོ་ཆེ་སྐུ་དྲིན་ཆེ།
 སྤེལ་མཁན: ནོར། སྤེལ་དུས:2019/4/22
ཁོང་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན། སྐུ་ཚེ་རྒྱལ་མཚན་བརྟན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41170006
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1