མགར་རྐང་གི་སྙན་ངག་ཚན་པ་གཉིས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 23 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »མགར་རྐང་གི་སྙན་ངག་ཚན་པ་གཉིས།
མགར་རྐང་གི་སྙན་ངག་ཚན་པ་གཉིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/5/5ལྟ་ཀློག (411)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མཚན་མོ།

  
       མགར་རྐང་།  རྫ་ཆུ་ཁ།                

མཚན་མོ་ནི་གསུབ་ཐབས་བྲལ་བའི་ཁྲག་དྲོན་གྱི་དུས་ཚིགས་རེ་རེ་ལ་སྔར་བཞིན་འདས་ལོག་བརྒྱབ་ཆོག་པའི་སྐབས་ཤིག་གོ།  ། ཁ་བྱང་གི་འགྲེལ།

མཚན་མོར།
མི་གཙང་བ་མཚོན་བྱེད་ཀྱི་ཐ་སྙད་སྒྱེ་གང་།
རུམ་ལ་བཅུག་ནས།
འདོད་སྲིད་ཀྱིས་བརླན་པའི་བརྡ་ཆད་དག་དཀྲུག་དཀྲུག་སྟེ།
ཚལ་བར་གཤགས་པའི་བྲང་ཁོག་ཏུ།
འཁྱག་སིབ་སིབ་ཀྱིས་གཏོར།
ཨུ་ཚུགས་ཀྱིས་མིག་ཟུང་ཅི་ཙམ་བགྲད་ཀྱང་།
ཆགས་སྡང་གི་སྡུག་བསྔལ་ལ་ཐོད་བརྒལ་བྱས་ཏེ།
ཧབ་ཆ་བརྒྱབ།    འཆི་ཁར་བྱས།

ཡིན་ནའང་།
ཐང་ལ་ཟགས་པའི་རྣག་ཁྲག་གི་ཁུ་བ།
སྔོན་མར་བསགས་པའི་ལས་འབྲས་ཀྱི་སྐྱིད་སྡུག་སོགས།
འཆི་ནས་ཡང་བསྐྱར་འདས་ལོག་བརྒྱབ་ན་ཆོག
སྐབས་འདིར།
རྨི་ལམ་གྱི་འཁྲུལ་ཤེས་སམ།
བདག་དང་ཁོ་མོའི་ལེའུ་ཡིན་པས།

སྨྲེང་གཞས་རྒྱང་འཐེན།

མགར་རྐང་།   ( རྫ་ཆུ་ཁ། )

སྟོན་དུས་སུ།
སྡོང་ལོ་འཐོར་བའི་མྱ་ངན་གྱིས།
ཁེར་རྐྱང་གི་སེམས་པ་སྔར་ལས་ལྕི།

ཡིན་ནའང་།
ཟླ་འོད་དབེན་པའི་མཚན་མོ་དེར་མཁྲེང་བཞིན།
འོ་ཟི་ནས་ལས་པའི་སྙན་ངག་དེ་དྲན་ཞོར།
དུངས་སེམས་ཀྱི་གཞས་ཆུང་མེ་ཏོག་ལ་སྤྲུལ་ནས།
དགའ་སྐྱོ་འདྲེས་པའི་སྙན་ངག་རེ་རེ་ལ།
ད་དུང་།
བསྐྱར་བརླག་བྱེད་ན་མི་འདོད།

འོན་ཏེ།
འཇབ་ཀྱིན་འོང་བའི་དུས་ཚོད་ཀྱི་ཐག་སྒྲ་ལ་སྐྲག་ནས།
སང་ཉིན་དང་མ་འོངས་པའི་འཚོ་བ་ལ་བློས་བསླང་བྱེད་ན་འདོད།
ཀྱེ་ཀྱེ།

བདག་གི་འཇིག་རྟེན་ལགས།

བོད་ལོ།  ༢༡༤༥/༡༡/༢༢ཉིན་ཤེས་རིག་གླིང་ནས་སྦྱར།

རྩོམ་པ་པོ་ངོ་སྤྲོད།

     ཕྲན་གྱི་མིང་ལ་ལེགས་ལམ་མམ་མགར་རྐང་ཟེར་ཞིང་། སྤྱི་ལོ་༢༠༠༡ལོར་འཛམ་གླིང་གི་ས་ཁྲ་ལས་དམྱིག་སྐྱག་ཙམ་ཡང་མི་མཐོང་བའི་བྱང་འབྲོག་རྫ་ཆུ་ཁའི་སྡེ་ཞིག་ཏུ་སྐྱེས་པ་ཡིན། སྐྱེས་ཏེ་མི་ཡུལ་དུ་ང་ཡོད་ཅེས་པའི་བརྡ་རྟགས་ཙམ་དུ་རྩོམ་འགའ་བྲིས་པ་དང་ད་དུང་བོད་ཀྱི་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་འགའ་བཀོད་མྱོང་། ད་སྐབས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་ཕྲན་ཚེགས་རེ་བྱེད་མོས་སུ་མཆིས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14876116
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号