མཛའ་གཅུགས་སེམས་ཀྱི་བདག་ཉིད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 25 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »མཛའ་གཅུགས་སེམས་ཀྱི་བདག་ཉིད།
མཛའ་གཅུགས་སེམས་ཀྱི་བདག་ཉིད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/5/14ལྟ་ཀློག (173)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མཛའ་གཅུགས་སེམས་ཀྱི་བདག་ཉིད།

སྣང་བ་རང་གྲོལ།

རིང་ནས་བརྩེ་བའི་ཐུགས་སྟོབས་སྙིང་དབུས་ན་སྨིན་པའི།།
བསོད་ནམས་གཡང་གི་ནོར་བུ་ཡབ་ཡུམ་གྱི་བུ་ཡིས།།
ཕུན་ཚོགས་འདོད་དགུའི་ལོངས་སྤྱོད་དུག་བཞིན་ཏུ་མཐོང་བས།།
ནགས་མའི་དགའ་ཚལ་འགྲིམ་པའི་རྒྱལ་སྲས་དེ་དྲན་བྱུང་།།

འཁྲེང་སེམས་བྱ་ཁྱུ་འཕུར་བའི་དུང་སེམས་ཀྱི་མཚོ་མོ།།
དྲན་རྟོགས་ལྦུ་དཀར་འཕྱོ་བའི་དྭངས་གཙང་གི་ཟིལ་བ།།
སྙིང་གི་དུང་ཀ་སིམ་པའི་རྨི་ལམ་གྱི་དགའ་སྟོན།།
སྒྱུ་མའི་མགུར་ལ་བཞེངས་པའི་དྲང་སྲོང་དེ་དྲན་བྱུང་།།

ངོ་བསྟོད་རྫུ་བག་ཁུར་བའི་འཇིག་རྟེན་གྱི་གདུང་བ།།
ཕྱི་ཚུལ་འཇའ་ཚོན་དེད་པའི་འཁྲུལ་སྣང་གི་ངལ་བ།།
རྣམ་རྟོག་ཐག་པས་གཅུན་པའི་རྟག་འཛིན་གྱི་འཆིང་རྒྱ།།
ཐབས་ཤེས་གྲི་ཁར་འདེད་པའི་སྐྱེས་བུ་དེ་དྲན་བྱུང་།།

ཆུང་མའི་བརྩེ་འཛུམ་ཀློང་གི་དུང་སེམས་ཀྱི་རྒྱལ་སྲས།།
ཡབ་ཡུམ་རེ་བའི་སྙིང་གི་འཁོར་བསྒྱུར་གྱི་རྒྱལ་བོ།།
གྱེས་ཕྱག་འཁོར་བར་ཕུལ་བའི་དབེན་སུལ་གྱི་དྲང་སྲོང་།།
ཚེ་གཅིག་མྱང་འདས་ཐོབ་པའི་སྐུ་སྲས་དེ་དྲན་བྱུང་།།

བདག་ལྟའི་ཞེན་ཡུལ་འགོག་པའི་རིག་ལམ་གྱི་རྩེད་དགས།།
འདི་སྣང་འཁོར་བའི་རང་མཚངས་དམར་རྗེན་དུ་ཕུད་ཅིང་།།
ས་ཆེན་ཐུགས་བརྩེས་སྐྱོང་བའི་ཤེས་རབ་ཀྱི་བསྡུས་གཟུགས།།
བདེན་ཚིག་མགུར་དབྱངས་ལེན་པའི་དྲང་སྲོང་དེ་དྲན་བྱུང་།།

མི་རྟག་དྲི་བ་ངན་པའི་མཚངས་ཕུག་དེ་རྟོགས་ནས།།
ཞི་བའི་བཏང་སྙོམས་མཛད་པའི་ངེས་དོན་གྱི་རྒྱལ་བ།།
ཉམས་དགའི་རྐང་འཐུང་གཡོ་སར་ཞི་དུལ་གྱིས་སྤྱོད་པའི།།
ཟུང་འཇུག་གོ་འཕང་བརྙེས་པའི་བསོད་སྙོམས་པ་དྲན་བྱུང་།།

ནང་སེམས་གཤིས་ལ་གབ་པའི་ཡེ་དག་གི་གཤེགས་སྙིང་།།
མངོན་གྱུར་ཐབས་འཕྲུལ་བྱེ་བའི་དགའ་སྟོན་དེ་འགྱེད་པའི།།
ཞི་བའི་བརྩེ་ཆེན་བདག་ཉིད་སྲས་གཙང་གི་སྲས་པོ།།
སྙིགས་མའི་ལྟ་ངན་བརྡོལ་དུས་སྙིང་དབུས་ནས་ཇེ་དྲན།།

ནང་སེམས་རང་ཞལ་མཇལ་བར་བརྩོན་པ་དེ་བྲལ་ཞིང་།།
ལྟ་བའི་གནས་ལུགས་བབས་སོ་འཁྱོག་བརྗོད་ལ་དགའ་བའི།།
མ་རབས་སྐྱེ་བོ་བྲིན་པའི་སྙིགས་མ་ཡི་དུས་འདིར།།
བརྩེ་ཆེན་བདག་ཉིད་དྲན་མགུར་སྙིང་དབུས་ནས་ཐལ་ལོ།།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14231153
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号