མགོ་ལོག་ཆུ་ཐིགས་ཀྱི་གསང་བ་འགའ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 26 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »མགོ་ལོག་ཆུ་ཐིགས་ཀྱི་གསང་བ་འགའ།
མགོ་ལོག་ཆུ་ཐིགས་ཀྱི་གསང་བ་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/6/1ལྟ་ཀློག (357)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྩོམ་པ་པོ།  མགོ་ལོག་ཆུ་ཐིགས།

༡ དགུན་ཁའི་མེ་ཏོག

དབྱར་ཁ་ཡལ་ཟིན་ན་ཡང་།
ངའི་སེམས་ཀྱི་ཉི་ཐིག་ནང་དུ་མེ་ཏོག་རྨོས།

ཁང་སྟོང་དུ་ཅི་ཡང་མེད།
སྒེའུ་ཁུང་གི་ཉི་ཐིག་ནང་དུ་གསོས་པའི་མེ་ཏོག་དེ་ལས།
ཅི་ཡང་མེད།  ཅི་ཡང་མེད།   

༢༠༡༩/༢/༡༢ཉིན།

༢ གདངས་ཆག་པའི་གཞས་པ།

སེམས་ཀྱི་གངས་རི་བཞིན་དུ།
ངས་རྟག་ཏུ་བརྗེད་ཐབས་བྲལ་བའི།
ཆ་མེད་དུ་གྱུར་བའི་ངོ་གདོང་གང་ལ་ཕྱོགས་སོང་།

ཕྱིར་ལ་ལོག་ཐབས་བྲལ་བའི།
རླུང་ནང་གི་ལོ་ཟླ་དང་བརྩེ་དུང་།
གྱེས་བྲལ་བྱུང་རྗེས་ཀྱི་དབྱར་ཟླ་གང་ལ་ཚེས་སོང་།

ལས་ཀྱི་མེ་ལོང་ཆག་ཅིང་།
ལམ་གྱི་སྣེ་མོ་བོར་བའི་མི་ལོ་འདི་དག་ཏུ།
ངས་རང་གི་ཐོས་ཐབས་བྲལ་བའི་རོལ་དབྱངས་མང་དུ་དཀྲོལ།

ད་དུང་ཡང་།
སེམས་ཀྱི་ངོ་བོ་བོར་བའི་རོལ་དབྱངས་དཀྲོལ་དགོས།

         ༢༠༡༩/༢/༡༤ཉིན།

༣ ནམ་ཕྱེད་ཡོལ་རྗེས་ཀྱི་དབྱར་ཀ

གཏམ་རྒྱུད་ཁྲོད་ཀྱི་མི་སྣ་བརྗེད་ཟིན
གས་ཆག་ཏུ་སོང་བའི་དཀར་ཡོལ་ནང་གི་འོ་མ
ད་ལྟ་བཏུང་ཐབས་བྲལ

སྐད་ཅིག་མའི་ནང་གི་དབྱར་ཀ
ད་ལྟ་ད་ལྟ་ནས་རོལ་ཆོག་པར་ཞུ
ང་ལ་མ་འོངས་པའི་སྟོན་ཀ་མ་གླེང་རོགས

རེ་ཞིག་སྒུག་པར་མཛོད་དང
ཁ་ལོ་མ་ཐུལ་བའི་རྟ་ཕོ་ཁམ་ནག

ང་ཡི་ན་ཚོད་ད་དུང་ཡལ་མེད

           ༢༠༡༩/༤/༢༥ སྤོས་ལྡན་ནས།

༤ ཁོ་མོ།

རྒྱུ་མཚན་གང་ཡང་མེད་པར
ངས་ཡོད་ཚད་ཁྱོད་ལ་འབུལ་ཆོག

དེ་ལ་འགྲེལ་བ་མེད
སུས་ཀྱང་མ་ཤེས་ན་ཆོག


༥ བཤས་ར།

ལག་ན་རལ་གྲི་མེད་ཀྱང
ངས་ཁྱོད་ལ་ཤན་པ་ཞེས་བོས

ཆེད་དུ་སྲོག་བཅད་པ་མེད་མོད
ངས་ད་དུང་ཁྱོད་ལ་ཤན་པ་ཞེས་བོས

མི་ཚོས་ཁྱོད་ལ་སེམས་དཔའ་འབོད་ནའང
ངས་སྔར་བཞིན་ཁྱོད་རང་ཤན་པ་ཞིག་ལས་མཐོང་ཐབས་བྲལ


༦ ནང་སེམས་རབ་ཏུ་སྡུག་དུས།

མིག་ཆུ་འབྱིན་ཐབས་མེད་པར
མིག་ཟུང་རྒྱང་ལ་གཏད་འདུག་དགོས་བྱུང

མགྲིན་པ་ཐག་པས་བསྡམས་པ་བཞིན་དུ་སྨྲ་བ་འགག་དུས

དོན་དུ་ཁྱོད་རང་སེམས་རབ་ཏུ་སྡུག་པ་རེད

༧ མཐར་ཐུག་གི་མཛེས་སྡུག


ག་ལེར་ཕེབས་དང
ལམ་ལ་སྟེང་འོག་མི་འདུག

དལ་བུར་དལ་བུར
ང་ཚོ་ཆ་ཚང་ལམ་ལ་ཆས་ངེས

དུས་ཚོད་གསུམ་པོའི་རིང་ལ
ཁྱོད་རང་རང་དབང་གི་བྱེའུ་ཁྱུ་བཞིན་འཚོ་རོགས

མཇུག་མཐར
ཁྱོད་རང་མཐར་ཐུག་གི་མཛེས་སྡུག་ཏུ་གྱུར་འགྲོ

༨ གལ་ཏེ།

ནང་སེམས་ཀྱི་དྭངས་གཙང་བོར་ལ་ཉེ་ཡང
ང་ད་དུང་བཙན་གྱིས་འཛུམ་ནས་འདུག་དགོས་བྱུང

ད་ལྟའི་ང་ལ་རྒྱང་རིང་མེད་པས
རང་གི་ནང་སེམས་སུ་ལོག་ཐབས་བྲལ

གལ་ཏེ་དུས་ཚོད་ལ་ཕྱིར་རྡོག་ཡོད་ཚེ
ང་རང་ཁ་བ་བཞིན་དྭངས་གཙང་གིས་ཞི་ནས་འགྲོ་ངེས

༩ འབྲོག་ཐང་གི་གཞས་པ་ཞིག་དྲན་པ།

            
ཡུལ་འདིའི་གཞས་མཁན་ཚོའི
རྣམ་ཤེས་ཀྱི་གསང་ན་འོད་ཟེར་མི་འདུག
ནང་སེམས་ཀྱི་གཏིང་དུ་བརྩེ་བ་མི་འདུག

ངས་ཉན་གྱིན་ཉན་གྱིན་དུ
ངས་ཁྱོད་ཀྱི་ངག་ལ་བྱིན་རླབས་ཞུགས་པའི
ཕ་སྐད་མ་ཡིག་གི་གཞས་དག་དྲན་གྱིན་འདུག

ཀྱེ་མ  ཀྱེ་མ
ཡུལ་ལ་ཐན་པ་ཚེས་ཏེ
ངག་ལ་བྱིན་རླབས་མི་འདུག

       ༢༠༡༩/༥/༢༨ ལ་ཁྲིན་ཏུའུ་ནས་གྲུབ།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yr5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14902295
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号