ཁ་ལོ་བའི་སྒྲིག་ལམ་གསར་བ་ཟླ་8ཚེས་1ནས་ལག་བསྟར་བྱེད་རྒྱུ་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཁ་ལོ་བའི་སྒྲིག་ལམ་གསར་བ་ཟླ་8ཚེས་1ནས་ལག་བསྟར་བྱེད་རྒྱུ་རེད།
ཁ་ལོ་བའི་སྒྲིག་ལམ་གསར་བ་ཟླ་8ཚེས་1ནས་ལག་བསྟར་བྱེད་རྒྱུ་རེད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/6/12ལྟ་ཀློག (29263)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྤྱི་བདེ་པུའུ་ཡི་བརྡ་ཁྱབ། ཟླ་༨པའི་ཚེས་༡ཉིན་ནས་བཟུང་འཁོར་རྟགས་དང་ཁ་ལོ་ཆོག་ཡིག་གཉིས་སྦྲེལ་རྒྱུ་རེད།

    ད་ལྟ་རླངས་འཁོར་གྱིས་ང་ཚོའི་འཚོ་བའི་ཁྲོད་སྔར་ལས་གལ་ཆེ་བའི་གོ་གནས་བཟུང་ཡོད་པ་དང་། རླངས་འཁོར་ཚོང་རའི་འཕེལ་རྒྱས་ཀྱིས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ་པ་དང་། ཡིན་ནའང་དེ་དང་བསྟུན་ནས་སྔར་ལས་མང་པའི་གནད་དོན་ཁྱེར་ཡོང་པ་རེད།  རླངས་འཁོར་གྱི་གྲངས་ཀ་ཇེ་མང་ནས་ཇེ་མང་ཡིན་པ་དང་། རླངས་འཁོར་འཚང་ཁ་ཆེ་བ་དང་།  འགྲིམ་འགྲུལ་གྱི་གནོན་ཤུགས་ཆེ་བ་འདི་དག་ཚང་མ་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད། སྤྱི་བདེ་པུའུ་ཡི་བརྡ་ཁྱབ་གསར་ཤོས་ཏེ།  ཟླ་༨པའི་ཚེས་༡ཉིན་ནས་རླངས་འཁོར་གྱི་ཨང་རྟགས་དང་ཁ་ལོ་བའི་ལག་ཁྱེར་གཉིས་སྦྲེལ་རྒྱུ་གཏན་འཁེལ་བྱས་ཡོད།

       ནུས་པ་ཡོད་པའི་སྒོ་ནས་རླངས་འཁོར་འདི་དག་ལ་བདག་དོམ་བྱེད་ཆེད་དུ། རང་རྒྱལ་གྱིས་འགྲིམ་འགྲུལ་སྒྲིག་ལམ་མང་པོ་ཞིག་གཏན་འཁེལ་བྱས་ནས་ཡོད་ལ། རྒྱུན་པར་རླངས་འཁོར་བསྐོར་ནས་འགྲོ་བའི་སྐབས་སུ་རླངས་འཁོར་བདག་པོ་ཚང་མས་སེམས་ཆུང་བྱེད་གྱིན་ཡོད་མོད། མི་རེར་ལོ་རེར་བསྡོམས་པས་སྐར་མ་12མ་གཏོགས་འཐེན་མི་ཆོག་ཅིང་། ད་ལྟ་རླངས་འཁོར་གཏོང་ཚད་སྒྲིག་སྲོལ་དང་འགལ་ན་སྐར་མ་གསུམ་དང་སྐར་མ་དྲུག་གི་འཐེན་འཕྲི་རེད། སྐར་མ་བཅུ་གཉིས་ལོ་གཅིག་ལ་སྤྱོད་འདོད་ན་རྩ་བ་ནས་མི་འདང་སྟབས། ལོ་ལྟར་རླབས་འཁོར་སྐར་མ་འཐེན་འཕྲི་ལ་འགྲོ་བའི་སྐབས་སུའང་སྐར་མ་བར་ཁེ་བ་དག་དང་ཐུག་སྲིད་པས་དངུལ་བཏང་བ་ཙམ་གྱིས་སྐར་མ་ཉོ་ཐུབ་མོད།

       དེ་རིང་ཞའོ་ལེ་ཡིས་ཚང་མར་གནས་ཚུལ་ངན་པ་ཞིག་བཤད་རྒྱུ་ཡིན།  ཟླ་8པའི་ཚེས་1ཉིན་ནས་བཟུང་།  ཚང་མས་སྒྲིག་སྲོལ་དང་འགལ་ནས་སྐར་མ་སེལ་བའི་སྐབས་སུ་སྐར་མ་བར་ཁེ་བ་ཡང་བསྐྱར་འཚོལ་མི་རུང་། སྤྱི་བདེ་པུའུ་ཡིས་གསར་དུ་བཤད་པ་ལྟར་ན།  ཟླ་བརྒྱད་པའི་ཚེས་གཅིག་ཉིན་རླངས་འཁོར་ཨང་རྟགས་དང་ང་ཚོའི་ཁ་ལོ་ཆོག་ཡིག་གཉིས་སྦྲེལ་རྒྱུ་རེད། ད་རེས་འབྲེལ་ཡོད་སྡེ་ཁག་གིས་ཁྲལ་སེལ་སྒྲིག་སྲོལ་གསར་པ་བཏོན་པ་ནི་སྐར་མ་བར་ཁེ་བ་གཏན་འགོག་བྱེད་པའི་ཆེད་དུ་ཡིན་ཞིང་། ཚོང་ཟོག་བྲིན་པའི་སྣང་ཚུལ་དེ་རིགས་བཅོས་སྐྱོང་བྱེད་ཆེད་སྐར་མ་བར་ཁེ་བ་འཚོལ་མི་རུང་བ་མ་ཟད་ཁྱིམ་མིའི་ཁ་ལོ་བའི་ལག་ཁྱེར་སྤྱད་ནས་སྐར་མ་འཐེན་ཡང་མི་ཆོག

      ད་ལྟ་ན་གཞོན་མང་པོ་ཞིག་གིས་ཁ་ལོ་ཆོག་ཡིག་རྒྱུགས་ལེན་དུ་འགྲོ་བཞིན་ཡོད། རང་ཉིད་ལ་རླངས་འཁོར་མེད་རུང་རླངས་འཁོར་འཛིན་ཡིག་སྟེང་གི་སྐར་མ་ཁྱིམ་མི་ལ་དང་གྲོགས་པོར་འཐེན་འཕྲི་ཆོག་མོད། ཟླ་གཅིག་ལྷག་གི་རྗེས་ནས་ཚབ་མིས་སྐར་མ་འཐེན་འཕྲི་མེད་པར་བཟོ་བའི་སྒྲིག་ལམ་ལེགས་སྒྲིག་བྱེད་ངེས་ཡིན། རྗེས་ནས་འཛད་སྤྱོད་པར་སྟབས་བདེ་བཟོ་ཆེད། ཐོབ་ཐང་ལག་ཁྱེར་དང་། རླངས་འཁོར་འཛིན་ཡིག  ཁ་ལོ་ཆོག་ཡིག    དངུལ་བྱང་བཅས་ཁྱེར་ནས་མི་མེད་འགྲིམ་འགྲུལ་ཞབས་ཕྱི་ས་ཚིགས་ནས་རང་གིས་སྐར་མ་འཐེན་འཕྲི་བྱས་ཆོག  ངེས་དགོས་པ་ཞིག་ལ་ཁྱོད་ཀྱི་རླངས་འཁོར་སྒྲིག་འགལ་སྐར་མ་གཞན་གྱིས་ཚབ་ཉོ་བྱེད་མི་ཆོག་པ་དེ་རེད།

     རྒྱ་ཆེའི་རླངས་འཁོར་གྱི་བདག་པོ་གྲོགས་པོ་རྣམས་ལ་མིང་དངོས་འགོད་པའི་ལམ་ལུགས་ལག་བསྟར་བྱས་རྗེས། རླངས་འཁོར་གྱིས་སྔོན་གྱི་སྒྲིག་འགལ་བྱས་པའི་ཟིན་ཐོ་ཡོད་ཚད་ལས་བཤོལ་ཐབས་མེད། གསལ་འདེབས་བྱེད་དགོས་པ་ཞིག་ལ་གཉེན་ཉེ་དང་གྲོགས་པོས་ང་ཚོའི་ཚབ་བྱས་ནས་རླངས་འཁོར་འཛིན་ཡིག་ལ་སྦྲེལ་ཏུ་བཅུག་ན་རྗེས་མ་དཀའ་ཁག་གང་མང་དང་འཕྲད་སྲིད། གལ་ཏེ་སྦྲེལ་དགོས་ཚེ་བསམ་བློ་ཞིབ་མོ་བཏང་སྟེ་རྗེས་ཕྱོགས་དཀའ་ལས་མི་བཟོ་བ་བྱེད་དགོས། ནམ་རྒྱུན་རླངས་འཁོར་བསྐོར་ནས་ལམ་ལ་ཆས་དུས་འགྲིམ་འགྲུལ་གྱི་སྒྲིག་སྲོལ་ལ་དེ་ལས་ཀྱང་བརྩི་སྲུང་བྱེད་དགོས། འདི་དག་ཐམས་ཅད་ཚང་མའི་བདེ་འཇགས་ཀྱི་ཆེད་དུ་ཡིན། དེ་མིན་ལོ་གཅིག་ལ་སྐར་མ་༡༢་བཀོལ་ན་མི་ཆོག་པ་མེད་ལ་ཧ་ཅང་དཀའ་བའི་གནད་དོན་ང་ཚོའི་བདེ་འཇགས་དང་འབྲེལ་བ་དམ་པོ་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: 2289 སྤེལ་དུས:2019/6/16
གསལ་བརྡ་བཏང་བ་བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41141217
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1