མཚམས་གནས་དགོན་དང་འབྲེལ་ཡོད་ཐེབས་རྩས་ཞིང་འབྲོག་སློབ་མར་སློབ་དངུལ་སྤྲད་དེ་གྲུབ་འབྲས་ངོ་མཚར་བ་བླངས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མཚམས་གནས་དགོན་དང་འབྲེལ་ཡོད་ཐེབས་རྩས་ཞིང་འབྲོག་སློབ་མར་སློབ་ད
མཚམས་གནས་དགོན་དང་འབྲེལ་ཡོད་ཐེབས་རྩས་ཞིང་འབྲོག་སློབ་མར་སློབ་དངུལ་སྤྲད་དེ་གྲུབ་འབྲས་ངོ་མཚར་བ་བླངས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/7/1ལྟ་ཀློག (4374)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚམས་གནས་དགོན་དང་དགེ་མཚན་བྱམས་བརྩེའི་ཐེབས་རྩ་ཚོགས་པས་ཞིང་འབྲོག་དམངས་ཚོགས་ལ་ཁ་གཏད་དེ་སློབ་དངུལ་ཡུན་རིང་གནང་བའི་རྣམ་གྲངས་ཀྱི་ལོ་འཁོར་རོགས་དངུལ་སྟེར་བའི་མཛད་སྒོ་བསྡུས་ཤིང་

སྤྱི་ལོ་༢༠༡༩ལོའི་རྒྱལ་ཡོངས་མཐོ་རྒྱུགས་ཁྲོད་མཚམས་གནས་ཀྱིས་རྒྱབ་སྐྱོར་གནང་བའི་གྲུབ་འབྲས་གཡུར་དུ་ཟ་བའི་སློབ་ཕྲུག་རྣམས་ལ་རྟེན་འབྲེལ་གྲངས་མེད་ཞུ།

昌列寺暨利世慈善会“一对一”一家人长期助学项目助学费发放仪式

            མཚམས་གནས་དགེ་སྐུལ་བརྩེ་བའི་འོད།།
            མཐོ་རྒྱུགས་ལམ་དུ་འོད་སྣང་འཆར།།
            གྲུབ་འབྲས་གཡུར་ཟའི་བསོད་ནམས་འདི།།
            མ་འོངས་རེ་བའི་ཕུགས་འདུན་རྨད།།
      བྱམས་བརྩེའི་ཉི་འོད་བཀྲ་བས་རྒྱལ་རོང་མཚམས་གནས་སར་སྤྱི་ལོ་1996ལོ་ནས་བཟུང་ལོ་ངོ་ཡུན་རིང་གི་ཁྲོད་དཀའ་ཁག་ཡོད་པའི་སློབ་མ་དག་ལ་རྒྱབ་སྐྱོར་ཆེན་པོ་གནང་ཞིང་། འདས་པའི་ལོ་ཟླའི་ཁྲོད་སློབ་མ་སྟོང་ཕྲག་འགའ་སྐྱེད་སྲིང་གནང་བྱུང་།

    ཉེ་རིང་སྤྱི་ལོ་2019ལོའི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་བྱེད་ཀྱིན་པའི་སྐབས་འདིར། སློབ་ལ་བརྩོན་ཅིང་སྤྱང་གྲུང་ལྡན་པའི་མཚམས་གནས་སློབ་ཕྲུག་རྣམས་ཀྱིས་ཀྱང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པས། ནང་མི་སྤུན་མཆེད་དང་དགའ་ཉེ་བློ་དཀར་ཚང་མ་དགའ་སྤྲོའི་དཔལ་གྱིས་བརྟས།


       2019ལོའི་མཐོ་རྒྱུགས་ལ་ཞུགས་མཁན་གྱི་མཚམས་གནས་སློབ་ཕྲུག་ཁྱོན་106ཡོད་ལ། སློབ་ཕྲུག་གཅིག་ཀྱང་མ་ལུས་པར་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད་པས། ད་ལོའི་རྒྱུགས་འཕྲོད་ཚད་100%ཡིན་པ་རེད། དེ་དག་ལས་སྐར་གྲངས་མཐོ་ཤོས་ཀྱི་སློབ་མ་31བྱུང་ཡོད་པ་སྟེ། ལུའོ་ཝེ་ཅེ་ལ་སྐར་624དང་། ཧྥིན་སི་པོ་ལ་སྐར་616དང་། རིག་འཛིན་རྒྱལ་མཚན་ལ་སྐར་615དང་། ཅེ་ལིན་ཝེ་ལ་སྐར་608བཅས་སྐར་གྲངས་600བརྒལ་ཏེ་སློབ་ཕྲུག་ཡོངས་ཀྱི་མིག་དཔེ་ལྟ་ཡུལ་དུ་གྱུར།

      མཐོ་འབྲིང་ལོ་གསུམ་གྱི་སློབ་གཉེར་བརྒྱུད་རིམ་ཁྲོད་སློབ་ཕྲུག་དག་གིས་རྣམ་པ་ཀུན་ཏུ་དཀའ་བ་གདོང་གིས་བསུས། ངལ་བ་དང་དུ་བླངས་ཏེ་འབད་པ་ཆེན་པོས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར། མ་འོངས་ཕུགས་འདུན་གྱི་རེ་བའི་ལམ་ཆེན་ལ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ཏེ་མཐོ་རྒྱུགས་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཤིང། རྒྱབ་གཉེར་བརྩེ་གཟིགས་གནང་མཁན་ཀུན་གྱི་ཐུགས་ལ་དྲོད་ཁོལ་དང་གདོང་ལ་དགྱེས་འཛུམ་བསྐྲུན།


     ངོམ་རིན་ཡོད་པའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་“མཚམས་གནས་དགེ་སྐུལ”གྱིས་རྒྱུན་རིང་ཁ་གཏད་སློབ་དངུལ་སྤྲོད་པའི་དགེ་རྩ་ལས་བྱུང་བ་ཡིན་ལ། ལྷག་དོན་མཆོག་སྤྲུལ་ཀརྨ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་དང་། ཕ་མ་སྤུན་མཆེད་ནང་བཞིན་བྱམས་བརྩེའི་དྲོལ་ཁོལ་ཉམས་པ་མེད་པའི་རོགས་སྐྱོར་བྱེད་མཁན་རྣམས་ཀྱི་ལྷག་བསམ་དང་བློས་གཏོང་ལས་འབྲལ་ཐབས་མེད། ཁོང་ཚོའི་ཕངས་པ་མེད་པའི་བྱམས་བརྩེའི་མཐུན་རྐྱེན་ཉག་གཅིག་ལ་བརྟེན་ནས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་གི་སེམས་ཤུགས་སྤར་བ་ཡིན་ལ། སློབ་བུ་རྣམས་ཀྱིས་ཀྱང་བརྩོན་སེམས་ཆུ་བོའི་རྒྱུན་ལ་བསྲིངས་ནས་འབྱུང་འགྱུར་སྤྱི་ཚོགས་དང་མི་རིགས་ལ་ཞོ་ཤ་སླར་འབུལ་བྱ་རྒྱུའི་དམ་བཅའ་སྙིང་ལ་བཅངས་ཡོད།

      སློབ་སྦྱོང་གི་གནས་སྐབས་ཀུན་ཏུ་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེ་དང་། རྒྱལ་ཕམ་གྱི་དགའ་སྐྱོའི་ཚོར་བ་རེ་རེ་ཡང་ཆེས་སྙིང་དུ་སྡུག་པའི་ཕྱིར་དྲན་དང་ཉམས་མྱོང་རེ་རེ་ཡིན་ཏེ། རྒྱུ་མཚན་ཁྱོད་ཀྱིས་རང་ནུས་ཡོད་རྒུས་སློབ་སྦྱོང་ལ་འབད་བརྩོན་བྱས་པས་སོ།།

    ད་ནི་སློབ་གཉེར་གྱི་བརྒྱུད་རིམ་གཞན་རྣམས་ལ་ཡང་སྔར་མུས་བཞིན་ཤེས་བརྩོན་ཟུང་འཇུག་བྱ་དགོས་ཨང་། མཇུག་ཏུ་བློ་གསལ་དོན་གཉེར་ཅན་གྱི་སློབ་བུ་ཚོའི་ལུས་བདེ་སེམས་སྐྱིད། སློབ་སྦྱོང་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་ཏེ་མེས་རྒྱལ་དང་མི་རིགས་ལ་བྱས་རྗེས་འཇོག་ཐུབ་པའི་སྨོན་འདུན་དང་བཅས་ཟླ་ཚེས་བཟང་པོར་ཕུལ།

མི་རིགས་སློབ་གསོའི་ཕྱོགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བཞིན་པའི་མཆོག་སྤྲུལ་རྒྱལ་རོང་ཀརྨ་རིན་པོ་ཆེ་དབུ་བཞུགས་དྲན་རྟེན།

རྒྱལ་རོང་ཀརྨ་རིན་པོ་ཆེ་འཇམ་དཔལ་རྒྱལ་མཚན་གྱི་རྣམ་ཐར་བསྡུས་པ།

གོང་གི་པར་དང་ཡི་གེ་འདི་དག་གང་ཆིག་སྡེབ་བྱས་ན་ཁོང་གི་རྣམ་ཐར་ལ་མཇལ་ཐུབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41155482
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1