མཐར་ཕྱིན་མཛད་སྒོའི་གཏམ་བཤད་འདིས་མང་པོ་ཞིག་ལ་སེམས་འགུལ་ཐེབས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མཐར་ཕྱིན་མཛད་སྒོའི་གཏམ་བཤད་འདིས་མང་པོ་ཞིག་ལ་སེམས་འགུལ་ཐེབས།
མཐར་ཕྱིན་མཛད་སྒོའི་གཏམ་བཤད་འདིས་མང་པོ་ཞིག་ལ་སེམས་འགུལ་ཐེབས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/8/13ལྟ་ཀློག (9510)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      2019ལོའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭས་སྐབས་བདུན་པའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ་བསྡུས་ཤིང་ཚོགས་ཐོག་ཏུ་མཐར་ཕྱིན་འཛིན་བདག་ཁང་དཀོན་མཆོག་ལགས་ཀྱིས་མིག་ཟུང་མཆི་མས་གང་བཞིན་ཡིད་འགུལ་ཐེབས་པའི་གཏམ་བཤད་གནང་བ་ལ་ཁྱིམ་བདག་སོགས་མང་བོ་ཞིག་གིས་དོ་སྣང་ཆེན་པོ་བྱས་ཏེ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། དེ་བས་ངེད་དྲ་བས་ཀྱང་གསར་འགྱུར་དེ་རྗེས་འདེད་བྱས་ནས་དགེ་རྒན་ཁོང་གི་གཏམ་བཤད་འདི་ཚང་མའི་སྤྱན་ལམ་དུ་ཕུལ་བ་ཡིན།


སློབ་གླིང་འདེབས་པ་པོ་སྤྲུལ་དཀོན་མཆོག་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།  


སློབ་གཙོ་ཚོགས་ཐར་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


འཛིན་བདག་དགེ་རྒན་ཁང་དཀོན་མཆོག་ལགས་ཀྱིས་ཡིད་འགུལ་ཐེབས་པའི་གསུང་བཤད་གནང་བཞིན་པ།

       ཐོག་མར་སྤྲུལ་དཀོན་མཆོག་ཚེ་རིང་དང་སློབ་གཙོ་ཚོགས་ཐར་གཙོ་བྱས་བའི་འདིར་ཞུགས་པའི་ཁྱིམ་བདག་རྣམ་པ་དང་དགེ་རྒན། སློབ་ཕྲུག་ཡོངས་ལ་ཁམས་བདེ་ཞུས་པ་ཡིན།

2016ལོའི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་འཛིན་གྲྭ་འདིར་ངས་འཛིན་བདག་བྱས་ཤིང་། མི་རིང་མི་ཐུང་གི་མི་ལོ་གསུམ་གྱི་རིང་ལ་ང་ཚོས་མཉམ་དུ་སློབ་སྦྱོང་བྱས་ཏེ། དེ་རིང་གི་མཐར་ཕྱིན་མཛད་སྒོའི་མཚམས་འདིར་སླེབས་པ་ཡིན་ལ།

      སྐབས་འདིར་བདག་གིས་མི་ལོ་གསུམ་གྱི་རིང་དུ་དགའ་སྐྱོ་ཆགས་སྡང་གི་འཚོ་བ་འདི་བསྐྱལ་ནས་ཁོ་ཚོ་དང་མཉམ་དུ་འགྲོགས་ནས་འོང་བའང་ཡིན། མི་ལོ་གསུམ་གྱི་རིང་དུ་ངས་སློབ་བུ་འདི་དག་ལ་སེམས་ཀྱི་སྐད་ཆ་བཤད་ནས་འོང་བ་ཡིན་ལ། ཁོ་ཚོས་ཀྱང་ང་ལ་སེམས་ཀྱི་གསང་བའང་ཤུབ་པུར་ལབ་ནས་འོང་བ་ཡིན།

      དེའི་དབང་གིས་ང་ཚོ་ལ་ཕ་མ་དང་བུ་ཕྲུག་ལྟ་བུའི་བརྩེ་འདང་ཆགས་ཡོད་ལ། ཕུ་བོ་དང་ནུ་བོ་ཇི་བཞིན་མཛའ་བརྩེའང་ཆགས་ཡོད།

མི་ལོ་གསུམ་གྱི་རིང་འདིར་ངས་ཀྱང་ཁོ་ཚོར་རིག་གནས་ཡག་པོ་ཞིག་ཁྲིད་ཐུབ་མེད་ནའང་། ཞབས་ཕྱི་ཡག་པོ་ཞིག་བྱས་ཡོད།

     དེ་ནི་གང་ཡིན་ཞེ་ན་སློབ་མ་ནི་སློབ་དེབ་རྐྱང་བ་མ་ཡིན་པར་དཔེ་ཆ་ཀློག་པའི་རྒྱུན་གོམས་སུ་འགྲོ་ཆེད་བར་རྒྱུགས་དང་མཇུག་རྒྱུགས་ལ་དེ་འདྲ་དོ་སྣང་མ་བྱས་པར་རྨང་གཞི་ལ་གོམ་གང་མདུན་སྤོས་ཀྱིས་བསྐྱོད་པ་ཡིན།

      ལོ་དང་བོའི་སློབ་སྐབས་གཞུག་མར་རང་གིས་འགྲོ་སོང་བཏང་ནས་རྔ་བ་ཁུལ་རྩོམ་སྒྱུར་ཁང་གིས་བསྒྲིགས་པའི་དཔེ་ཚོགས་སྣ་འཛོམས་དཔེ་ཆ་སྒོར་སྟོང་གཉིས་ལྷག་གིས་ཉོས་ཏེ་ཁོ་ཚོར་སྤྲད་པ་ཡིན་ལ། དེ་དག་ནི་བྱིས་པར་འཚམས་པའི་དཔེ་ཆ་ཏག་ཏག་ཡིན།

      ལོ་གཉིས་པའི་སློབ་སྐབས་སྔོན་མར་ཟི་ལིང་སོགས་ནས་སྒོར་སྟོང་གཉིས་ལྷག་གིས་དཔེ་ཆ་ཉོས་པ་ཡིན།

      དེ་ནི་ཁོ་ཚོའི་རྨང་གཞི་དང་མཚམས་པའི་སྒྲུང་གཏམ་དང་སྙན་ངག  གནའ་གཏམ་སོགས་ཡིན།

      དེའི་སློབ་སྐབས་གཞུག་མར་འུ་ཚོར་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཞན་པར་འདོད་དེ། གསེར་རྟ་བླ་རུང་སྒར་ལ་ཆེད་དུ་སོང་ནས་ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་འབུམ་ཆ་ཚང་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་ཁ་ཚང་རེ་མི་རེ་རེ་ལ་སྟེར་བ་ཡིན། འདི་ནི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་འདང་ཆེད་ཡིན། དེར་འགྲོ་སོང་སྒོར་སྟོང་གསུམ་ལྷག་སོང་།

      ལོ་རིམ་དགུ་བ་ནས་དཔེ་ཆ་ཉོ་མཚམས་བཞག་ནའང་རང་ཉིད་དཔེ་ཁང་དང་འབྲེལ་བ་ཡོད་ས་རེར་ཐོན་དུས་རྒྱུན་དུ་ཆེས་མ་མཐའ་དཔེ་ཆ་གཅིག་རེ་ཉོས་ནས་མཚམས་རྟགས་སུ་སྟེར་བ་ཡིན།

      ལོ་རིམ་དགུ་བའི་སློབ་སྐབས་གཞུག་མ་ནས་རྒྱུགས་ལ་བརྩོན་པ་བྱས་ཏེ། ཞོགས་པ་སྔ་མོ་དུས་ཚོད་5ནས་དགུང་མོ་དུས་ཚོད་11བར་དུ་རྒྱུགས་ལ་སྦྱང་བ་ཡིན།

      ང་འཛིན་བདག་ཡིན་པས་སློབ་ཚུན་སོ་སོ་ཁྱད་མེད་དུ་སྦྱང་བ་བྱས་པ་ལས་ཕྱོགས་རེས་རྩ་བ་ནས་བཏོན་མྱོང་མེད། འདི་ནི་སློབ་མ་རྣམས་དང་དཀོན་མཆོག་གསུམ་གྱིས་ཤེས་ངེས་ཡིན།

      སྐབས་འདིར་སེམས་ཤུགས་ལུས་ཤུགས་ལ་ཉམས་ཉེན་བྱུང་ནས་རང་ལ་ནད་རོས་གཟེར་ཏེ་གནང་བ་སློང་བར་འདོད་ནའང་། སློབ་མ་རྣམས་ཀྱི་རྒྱུགས་དང་ཁྱིམ་བདག་རྣམས་ཀྱི་རེ་བ། སློབ་གཙོ་དང་སྤྲུལ་སྐུའི་རེ་བཞག་འདོད་དེ་གནང་བའང་མ་སློང་བར་མ་ཁ་སོ་བསྡམས་ནས་སློབ་མ་རྣམས་ཀྱི་སྔུན་དུ་ཐོན་པ་དང་སློབ་ཁྲིད་ལ་ཤུགས་བཏོན་པ་ཡིན། འདི་ནི་ང་ལ་མཚོན་ན་ཆེས་སྤྱིར་བཏང་མ་ཡིན་པའི་མཚམས་ནས་ནུས་པ་བཏོན་པ་ཡིན་ནོ།།


       དུས་རྒྱུན་སློབ་གཙོ་ལགས་ཀྱི་ཐུགས་ཁུར་ཟབ་མོའི་ངང་ནས་སྔོན་དང་མ་འདྲ་བར་རྒྱབ་སྐྱོར་དང་ཡིད་ཆེས་གནང་སྟེ་སློབ་སྦྱོང་ལ་སུན་པོ་མི་གཏོང་བའི་ཆེད་དུ་ང་ཚོའི་འཛིན་གྲྭ་རྩེད་བར་རྒྱ་ནག་ཁྲིན་འདུ་ལ་ཁྲིད་དེ་ཟས་གང་ཞིམ་དང་ལྟ་ས་གང་ཡག་ཏུ་ཁྲིད་པ་མ་ཟད། འགྲོ་སོང་ཡོངས་རྫོགས་བཏང་ཞིང་། སློབ་མ་རེའི་ལག་ཏུ་སྒོར་ཉིས་བརྒྱ་རེའང་སྤྲད་པ་རེད།

      ད་དུང་སློབ་ཐུན་འཚོགས་ཡོད་པའི་སྐབས་ཀྱང་སུན་སྣང་གཡེང་ཆེད་དུ་གཞུང་ནས་སྒོར་སྟོང་དང་ལྔ་བརྒྱ་གནང་བ་དང་སློབ་གཙོ་ལགས་ཀྱིས་ཡང་བསྐྱར་སྟོང་གནང་ནས་རྩྭ་ཐང་དང་ཡང་ན་ཁམས་བསངས་ལ་མངགས་པ་རེད། རྒྱུགས་སྤྲོད་སྐབས་གཞུང་ནས་སྒོར་སྟོང་བརྒྱད་གནང་ནས་དགོན་པ་སོ་བདུན་ཙམ་ལ་འབྲེལ་འཇོག་བྱ་ཐུབ་སོང་བ་དང་། སྤྲུལ་སྐུ་རིན་པོ་ཆེས་ཀྱང་ཉིན་གསུམ་གྱི་རིང་དུ་དབུས་གཙང་སོགས་ནས་བཅའ་བ་སྐུ་རིམ་བསྒྲུབས་པ་རེད། དེ་དག་གི་མཐུ་ཡིས། རྒྱུགས་མ་འཕྲོད་པའི་སློབ་མ་གཅིག་ཀྱང་མེད་ལ། ཆ་སྙོམས་སྐར་གྲངས་མགོ་ལོག་ཁུལ་ཡོངས་ནས་ཨང་དང་པོ་བླངས་ཡོད། བོད་ཡིག   རྒྱ་ཡིག  རྩིས་རིག དངོས་ལུགས་སོགས་བསླབ་ཚན་བཞི་ཡིས་ཨང་དང་པོ་བླངས་ཡོད་ལ།  དེ་དག་ནི་སློབ་མ་རང་ཉིད་ཀྱིས་སྦྱང་བའི་གྲུབ་འབྲས་ཡིན་ལ། སྤྲུལ་སྐུ་དང་སློབ་གཙོ། ཁྱེད་ཁྱིམ་བདག་རྣམས་ཀྱི་བཀའ་དྲིན་དང་སྐུ་དྲིན་ཡིན།

      སློབ་གྲོགས་རྣམ་པ།  གཅེས་ཕྲུག་རྣམ་པ། དེ་རིང་ནས་ཁྱེད་ཚོ་མ་ཡུམ་སློབ་གྲྭ་དང་བྲལ་ནས་ཕ་མ་དང་དགེ་རྒན་གྱི་རེ་བཞག་ཡིད་ལ་བཅངས་ནས་ལམ་ལ་ཆས་རན། དེ་ན་འུ་ཚོས་ཅི་ཞིག་བྱ་དགོས་ཟེར་ན། དམའ་འབྲིང་སློབ་མཐར་ཕྱིན་པ་ནི་སྐས་རིམ་ཞིག་ཡིན་པའི་དབང་དུ་བཏང་ན་ད་དུང་སྐས་རིམ་མང་པོ་ཞིག་ཁྱོད་ཚོའི་སྔུན་དུ་ད་དུང་བསྒྲིགས་ཡོད་ལ། སློབ་སྦྱོང་དང་བདེ་ཐང་ཡང་ཁྱོད་རང་ཉིད་ཀྱི་མདུན་དུ་སྐྱོད་བཞིན་པ་རེད།

      དེ་བས་མ་ཡུམ་སློབ་གྲྭ་འདིའི་ནང་ནས་ཁ་ལས་རླུང་རྟ་དར་བ་བཞིན་སློབ་གྲྭ་གང་དུ་སོང་ཡང་རང་ཉིད་ཀྱི་ཁ་ལས་རླུང་རྟ་ནི་ནམ་ཡང་རྒྱུན་སྐྱོང་བྱ་དགོས། སྤྲུལ་དཀོན་མཆོག་ཚེ་རིང་ལགས་ཀྱིས་གསུངས་པ་བཞིན་མ་འོངས་པ་ན་ཁྱོད་རང་ཉིད་ཆེས་མ་མཐའ་ཡང་རང་མགོ་འཁྱོངས་པའི་མི་ཞིག་བྱ་བར་ཡིད་ཆེས་ཡོད།

       དེ་རིང་ངས་ཁྱོད་ཚོར་དྲན་རྟེན་ཞིག་འཇོག  འདི་ནི་ཁྱོད་ཚོས་ང་ལ་རྩོམ་ཡིག་བྲིས་པའི་ནང་ནས་རེ་བ་བྱ་རྒྱུ་དེ་ཡིན། ཁ་བརྡའི་ཁྲོད་ནས་ཚིག་ཟུར་འཕེན་སྤྱད་དེའང་ཡིན།

       དེ་ནི་ང་རང་གི་ཕ་མ་གཉིས་ཀྱི་མདུན་ནས་ཁས་མ་བླངས་པའི། མཁན་གྲགས་པ་རྒྱལ་མཚན་མདུན་ནས་དམ་བཅའ་ཤོར་བའི། ཐ་མག་གཅོད་རྒྱུ་དེ་ཡིན།

       དེ་རིང་ནས་ནམ་ཞིག་ལ་ངས་ཐ་མག་རྐང་གཅིག་འཐེན་ན་སྐབས་དེར་ང་ཁྱོད་ཚོར་མ་དགའ་བ་ཡིན་ལ། སྐབས་དེར་ངས་ཁྱོད་ཚོ་བརྗེད་ཟིན་པའང་ཡིན།

       དེ་ན་ངས་ཁྱོད་ཚོ་ལའང་རེ་བ་ཞིག་བཅོལ། ཁྱོད་ཚོ་སློབ་གྲྭ་གང་དུ་སོང་ཡང་དམའ་འབྲིང་སློབ་གྲོགས་ཚོ་བརྩེ་བའི་མདུད་པ་གཅིག་ཡིན་དགོས། དུང་བའི་སེམས་པ་ལྷན་ཡིན་དགོས། ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར་ཡོད་དགོས། སེམས་ཁུར་དང་བསླབ་བྱ་གནང་དགོས། ད་དུང་སློབ་སྦྱོང་ལ་གནོད་པའི། ཁྲིམས་ལུགས་ལ་འགལ་བའི། དགེ་སློབ་དང་འགལ་བའི། ཕ་མ་དང་འགལ་བའི། དམའ་འབྲིང་སློབ་གྲོགས་རྣམས་དང་འགལ་བའི་ལས་མི་བྱ་བ་ནི་དཀོན་མཆོག་ངའི་རེ་བ་ཡིན། བཀའ་དྲིན་ཆེ།

      ཁྱོད་ཚོ་ནི་ང་ལ་བཀའ་དྲིན་ཤིན་ཏུ་ཆེ། ཁྱོད་ཚོ་ཡོད་པས་ངས་ཚོང་ལས་དང་ཁྱིམ་ཚང་སོགས་སུ་ཞེ་མ་ཐོགས་པར་བོད་སྐད་ཡིག་ལ་སློབ་སྦྱོང་བྱ་ཐུབ་ཀི་ཡོད། རིག་གནས་ལ་སྦྱང་བ་བྱ་གི་ཡོད། འདི་དག་ཚང་མ་སློབ་གྲོགས་ཁྱེད་ཅག་གི་བཀའ་དྲིན་ཡིན། བཀའ་དྲིན་ཆེ། ཐུགས་རྗེ་ཆེ།

       ཁྱིམ་བདག་རྣམ་པ་ལགས། ཁྱོད་ཚོའི་གཅེས་ཕྲུག་རྣམས་ང་དང་འགྲོགས་ནས་མི་ལོ་གསུམ་འགོར་བ་རེད། དེའི་རིང་དུ་ངས་སློབ་མ་རེ་རེ་བཞིན་གཟུགས་ཡག་བཙོག་དང་ཁ་བདེ་མིན། ཁྱིམ་བདག་བཟང་ངན་སོགས་ཀྱི་ཁྱད་ཕྱེས་ཏེ། སློབ་མ་རྣམས་གཅར་བ་དང་བརྡུང་བ། བསྡིགས་མོ། མཚང་མིང་བཏགས་པ་སོགས་གཏན་ནས་བྱ་མྱོང་མེད།

       འདི་ནི་དེ་རིང་ཁྱེད་ཁྱིམ་བདག་རྣམས་ཀྱི་མདུན་ནས་ངོམ་ཆོག་ཆོག་གི་སྐད་ཆ་ཡིན། འདི་ནི་བླ་མ་དཀོན་མཆོག་གསུམ་དཔང་དུ་བཞག་ནས་བཤད་པ་ཡིན། ཞེ་བདེ་མོ་བྱོས།

       མཇུག་མཐར་ཁྱེད་སློབ་མ་རྣམས་ཀྱི་བྱ་བ་ལམ་འགྲོ་དང་དགེ་རྒན་མི་བརྗེད་པའི་སྨོན་ལམ་བཏབ་པ་ཡིན།


མཐར་ཕྱིན་སློབ་མ་ཡོངས་ལ་ཁ་བཏགས་ཕུལ་བའི་ཡུལ་དངོས།


སློབ་གྲྭའི་དགེ་རྒན་རྣམ་པ་དང་མཐར་ཕྱིན་འཛིན་གྲྭ།


མཐར་ཕྱིན་འཛིན་གྲྭའི་ཆེད་རྩོམ་གནམ་སྔོན་པོ།


2019ལོའི་མགོ་ལོག་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭའི་སྐབས་བདུན་པའི་དམའ་འབྲིང་མཐར་ཕྱིན་འཛིན་གྲྭ།


མཐར་ཕྱིན་སློབ་བུ་ཀརྨ་སིདྡྷིའི་བརྩམས་སྒྲུང་ཀློའུ་མགོ་ལྟིག


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/8/27
དགེ་སློབ་ཚང་མ་ལ་རྗེས་སུ་ཡི་རང་བྱེད།
 སྤེལ་མཁན: ཉལ་ཐ། སྤེལ་དུས:2019/8/17
ང་ཚོ་ནམ་ཡང་ཁྱེད་ཀྱི་སློབ་མ་ཡིན།
 སྤེལ་མཁན: ཟིལ་བ སྤེལ་དུས:2019/8/15
དགེ་རྒན་བཟང་པོའི་སྐུ་ཚེ་རིང་།།སློབ་མ་བཟང་པོའི་མདུན་ལམ་ཡངས།།
 སྤེལ་མཁན: གསའ་རང་འབར། སྤེལ་དུས:2019/8/14
གྲོགས་པོའི་ཡིད་འགུལ་ཐེབས་པའི་སྐད་ཆ་འདི་ཐེངས་གཉིས་ལ་བཀླགས་ཤིང་ཐེངས་གཉིས་ལ་མགྲིན་པ་བསྣངས།
 སྤེལ་མཁན: རྣོ་བཙའ་མེད། སྤེལ་དུས:2019/8/13
ང་རང་ནི་ལས་ཀྱི་བསོད་ནམས་ཤིག་གིས་ཕ་ཡུལ་དང་གྱེས་ཏེ་རྫོང་དང་ཁུལ་དང་ཞིང་ཆེན་སོགས་བརྒལ་ནས་མ་ཡུམ་བྱམས་སྐྱོང་སློབ་གྲྭ་རུ་སློབ་གྲོགས་ཁོང་ཚོ་དང་ལྷན་འཛོམས་བྱུང་པ་ཡིན་ལ།དགེ་རྒན་ཁོང་གི་བྱམས་བརྩེའི་འོག་ནས་ཀྱང་ལོ་གཅིག་ལྷག་ལ་བསྡད་མྱོང་ཡང་།ལས་ཀྱི་རྐྱེན་ནམ་རང་ཉིད་ལ་ཐོབ་བསྐལ་མེད་པའི་རྐྱེན་གྱིས་དམའ་གཉིས་ཀྱི་སྐབས་སུ་ཁོང་ཚོ་དང་ཁ་འབྲལ་དགོས་བྱུང་བ་ཡིན།དགེ་རྒན་ཁོང་གི་ལྷག་བསམ་དང་སློབ་ཁྲིད་ཀྱི་རྣམ་འགྱུར་དང་སློབ་མ་ལ་བཟུང་བའི་ལྟ་ཚུལ་སོགས་ལ་ང་རང་ནམ་ཡང་ཡིད་སྨོན་འཆོར་གྱིན་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15379740
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号