རྫ་སྟོད་མགར་སྐོར་དགྱེས་འཛོམས་ཐེངས་གསུམ་པའི་གསར་འགྱུར།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 16 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་ཚང་གི་བྱ་བཞག »རྫ་སྟོད་མགར་སྐོར་དགྱེས་འཛོམས་ཐེངས་གསུམ་པའི་གསར་འགྱུར།
རྫ་སྟོད་མགར་སྐོར་དགྱེས་འཛོམས་ཐེངས་གསུམ་པའི་གསར་འགྱུར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/9/2ལྟ་ཀློག (1237)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫ་སྟོད་མགར་སྐོར་དགྱེས་འཛོམས་ཐེངས་གསུམ་པའི་

གསར་འགྱུར།

 

     རྫ་སྟོད་མགར་སྐོར་དགྱེས་འཛོམས་ཐེངས་གསུམ་པ 2019ལོའི་ཟླ8 པའི་ཚེས 31 དང་།  ཟླ 9 པའི་ཚེས 1 སྟེ་ཉིན་གཉིས་ཀྱི་རིང་ལ་དཀར་ཟས་གསོལ་སྟོན་གྱི་སྒོ་ནས་ཉེ་བསྡུ་བྱས་ཤིང་།  སྐུ་མགྲོན་གཙོ་བོ་རྭ་རྒྱའི་བཀའ་འགྱུར་ལས་སྒྲུབ་ཁང་གི་གཙོ་འགན་པ་ཁཱ་ཤེས་རབ་རྒྱ་མཚོ་དང་།  ཨ་མདོ་བརྙན་འཕྲིན་ཁང་གི་སེར་བོ་གསེར་གྱི་གར་སྟེགས་ཀྱི་བརྗོད་དོན་གླུ་གཞས་ལེན་མཁན་གྲགས་ཅན་གླུ་པ་མགར་བསམ་འགྲུབ་ཚེ་རིང་།  ནག་ཆུ་སྦྲ་ཆེན་རྫོང་ཅང་མེ་ཡུལ་ཚོའི་མགར་གྱི་རུས་མཛོད་ཁ་བ་དཀར་པོའི་ཞབས་རྗེས་ཀྱི་ས་བོན་འཚོལ་བསྡུ་མཁན་དང་པར་སྐྲུན་སྦྱིན་བདག་མགར་བཀྲ་ཤིས་དར་བཅས་གདན་དྲངས་ཤིང་།  ཉིན་དང་པོའི་སྔ་དྲོར་སྐུ་མགྲོན་ངོ་སྤྲོད་དང་ཕན་ཚུན་ངོ་སྤྲད་རེས་བྱས་ཏེ་ལས་རྐང་སྟེང་གི་ཉམས་མྱོ་བརྗེ་རེས་བྱས།   མ་ཚད་ཁཱ་ཤེས་རབ་རྒྱ་མཚོས་རང་གི་ཉམས་མྱོང་ལས་འཕྲོས་ཏེ་མགར་ཚང་གི་འདས་མ་ད་གསུམ་གྱི་བྱ་བཞག་ལ་ལྷག་བསམ་རྣམ་དག་གིས་བཀའ་མོལ་ལྷུག་བརྗོད་བྱས།

     གུང་ཟས་ཀྱི་རྗེས་ནས་མགར་ཚང་གི་བུ་རབས་ཚ་རྒྱུད་ཀྱིས་བསྐྲུན་པའི་ཤེས་རིག་ཐོན་རྫས་དང་མིག་སྔར་རང་རང་གི་བྱ་བའི་གྲུབ་འབྲས་སྟོན་རྒྱུ་ཡོད་པ་དག་འགྲེམ་སྟོན་བྱས་ཏེ་གནད་ཡོད་མི་སྣ་དག་ལ་གཟིགས་འབུལ་ཞུས་པས་ཧ་ཅང་དགའ་བོ་བྱུང་།

     དེའི་འཕྲོར་གྲགས་ཅན་གླུ་པ་མགར་བསམ་འགྲུབ་ཚེ་རིང་གི་གཙོས་མགར་ཚང་གི་ན་གཞོན་གླུ་པ་གླུ་མ་དག་གིས་གླུ་བྲོ་གཞས་གསུམ་གྱིས་མི་སེམས་སྐྱིད་ལ་སྐུལ།

     ཉིན་གཉིས་པའི་སྔ་དྲོར་མགར་ཚང་གི་ལོ་ཆོས་ཀྱི་ཚུལ་དུ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་པདྨ་བཀའ་ཡི་ཐང་ཡིག་ཡི་གེ་ཤེས་ཚད་ཀྱིས་མཉམ་འདོན་བྱས།  ཉིན་གུང་རྒྱུག་རྩེད་དང་ཐག་རྩེད།  སྒ་ཞོ་སོགས་སྲོལ་རྒྱུན་གྱི་རྩེད་མོ་ལ་རོལ།

     ཕྱི་དྲོར་ལོ་འདིར་མགར་ཚང་གི་ན་གཞོན་སློབ་ཆེན་དང་མཐོ་འབྲིང་དམའ་འབྲིང་གི་རྒྱུགས་ལོན་མཁན་ཚང་མར་བྱ་དགའ་དང་གཟེངས་རྟགས་སྤྲད་ནས་ཤེས་རིག་ཡར་སྐུལ་གྱི་ཕྱག་ལས་ཅུང་ཟབ་རྒྱས་སྤེལ་ཞིང་རྗེས་དྲན་གྱི་འདྲ་པར་བརྒྱབས་ཏེ་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་བསྡུས།

     དགོང་མོར་རྫ་སྟོད་རྫོང་ཁོངས་ཀྱི་མགར་ཚང་གི་གནད་ཡོད་མི་སྣ་དང་ཁཱ་ཤེས་རབ་རྒྱ་མཚོ་སོགས་ཀྱིས་མ་འོངས་པའི་མགར་ཚང་གི་བྱ་བའི་མདུན་ལམ་ཐད་གྲོས་ཆོད་ནན་མོ་བྱས།

མགར་ཚང་གི་ཤེས་རིག་ཡར་སྐུལ་གྱི་བགྲོ་གླེང་ཡུལ་དངོས།

ཐེངས་འདིར་འཛོམས་པའི་མགར་ཚང་གི་དགེ་འདུན་པའི་སྡེ།

ཤེས་རིག་ཡར་སྐུལ་བྱ་འགུལ་ཁྲོད་བྱ་དགའ་ཐོབ་པའི་སློབ་བུ་དག་གི་མཉམ་པར།

མགར་ཚང་གི་དགེ་རྒན་འགའ་དང་ཤེས་རིག་ཡར་སྐུལ་བྱ་དགའ་ཐོབ་པའི་སློབ་བུ་དག་གི་མཉམ་པར།

ཤེས་རིག་ཡར་སྐུལ་བྱ་དགའ་ཕུལ་བའི་དྲན་རྟེན།

མགར་བསམ་འགྲུབ་ཚེ་རིང་གིས་གླུ་ངག་གི་མཆོད་པ་འབུལ་བཞིན་པ།

མགར་ཚང་གི་བུ་རབས་ཚ་རྒྱུད་ཀྱིས་བསྐྲུན་པའི་ཤེས་རིག་ཐོན་རྫས་འགྲེམ་སྟོན།

མགར་གྱི་རྒན་གཞོན་བར་གསུམ་རང་རང་གི་རྣམ་དཔྱོད་ཀྱིས་བསྐྲུན་པའི་ཐོན་རྫས་དང་གྲུབ་འབྲས་འགྲེམ་སྟོན།

གྲུབ་འབྲས་འགྲེམ་སྟོན་ལ་བལྟས་རྗེས་རང་རང་གི་བསམ་ཚུལ་ལྷུག་བརྗོད་བྱེད་བཞིན་པ།

ཤེས་རིག་ཡར་སྐུལ་དང་འཇོན་ནུས་སྔོག་འདོན་གྱི་ལས་རིམ་ལ་སྒུལ་ཤུགས་ལྡན་པའི་བགྲོ་གླེང་གནང་བཞིན་པ།

ཐེངས་འདིའི་འགན་འཛིན་པ་དག་ལ་བཀའ་དྲིན་མཚོན་པའི་ཁ་བཏགས་ཕུལ་བ།

མགར་ཚང་གི་མ་འོངས་པའི་བྱ་བའི་ཐད་གནད་ཡོད་མི་སྣ་འཛོམས་ཏེ་གྲོས་ཆོད་བཞག་པ།

༢༠༡༩ལོའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་མགར་སྐོར་དགྱེས་འཛོམས་ཐེངས་གསུམ་པའི་ཤེས་རིག་ཡར་སྐུལ་གཟེངས་འབུལ་མཛད་སྒོ་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་བསྡུས།

གསར་འགོད་པ།  མགར་ཆོས་འགྲུབ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15095222
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号