ཟ་མ་ཏོག་བོད་ཟས་ཁང་གི་ངོ་སྤྲོད་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »ཟ་མ་ཏོག་བོད་ཟས་ཁང་གི་ངོ་སྤྲོད་མདོར་བསྡུས།
ཟ་མ་ཏོག་བོད་ཟས་ཁང་གི་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/10/17ལྟ་ཀློག (632)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཟ་མ་ཏོག་བོད་ཟས་ཁང་གི་ངོ་སྤྲོད་མདོར་བསྡུས།


       དེ་ཡང་ཤ་རུས་དང་ཁྲག་རྒྱུན་གཅིག་ཅིང་། དམིགས་འདུན་དང་ཁ་ཕྱོགས་གཅིག་པའི་ཡུལ་ཆོལ་གསུམ་གྱི་བོད་རིགས་སྤུན་ཟླ་རྣམ་པ་ལགས། ད་ལན་ངས་ཁྱེད་ཚོར་མི་རིགས་རང་གི་ཁྱད་ཆོས་མ་ཉམས་ཤིང་། དེང་རབས་རང་བཞིན་གྱི་སྟོང་ཆ་མ་ཤོར་བའི་བོད་ཟས་ཁང་གཙང་དག་ཅིག་ངོ་སྤྲོད་བྱེད་ན། བོད་ཟས་ཁང་དེ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་རྨ་ཆུའི་སྲང་ལམ་ལྷོ་མ་རུ་ཡོད་པའི་༼ཟ་མ་ཏོག་བོད་ཟས་ཁང༽རེད།


       བོད་ཟས་ཁང་འདི་སྤྱི་ལོ༢༠༡༩ལོར་གསར་དུ་བཙུགས་ནས་དུས་ཡུན་རིང་བོ་ཞིག་འགོར་མེད་ནའང་།  སྐུ་མགྲོན་གང་མང་གིས་དགའ་བསུ་མི་དམན་པ་ཐོབ་དང་འཐོབ་བཞིན་ཡོད་པ་དང་།   ཟ་ཁང་གི་རྩ་བའི་གཞི་རྒྱ་དེ་འདྲ་ཆེ་རྒྱུ་མེད་ནའང་། ཁང་པའི་མཛེས་བཟོ་ལ་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་རྣམ་པ་འབུར་ཐོན་གྱིས་གྲུབ་ཡོད་པས། སྐུ་མགྲོན་རྣམས་ལ་སྤྲོ་སྣང་འཕེལ་བའི་ཁོར་ཡུག་ཅིག་མཁོ་སྤྲོད་བྱས་ཡོད་ལ། ཞབས་ཞུའི་རྣམ་འགྱུར། ཟ་མའི་སྤུས་ཀ་སོགས་ཕྱོགས་ཡོངས་ནས་ཚད་ལྡན་རང་བཞིན་ཅན་གྱི་བོད་ཟས་ཁང་ཞིག་ཏུ་ཆགས་ཡོད་པ་མ་ཟད། མི་འགྱངས་པར་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་རིག་པའི་དཔེ་དེབ་མང་པོ་ཞིག་ཀྱང་མཁོ་སྤྲོད་བྱེད་རྩིས་ཡོད་པས། ཟ་མ་ཏོག་བོད་ཟས་ཁང་དུ་ཟས་ཆང་གི་ལོངས་སྤྱོད་གྱ་ནོམ་པ་ཡོད་པ་མ་ཟད། སློབ་སྦྱོང་དང་བགྲོ་གླེང་གི་ཁོར་ཡུག་ཀྱང་མི་དམན་པ་ཞིག་ཡོད། སྐུ་ཉིད་འཚོ་བའི་བྲེལ་ཟིང་དང་སེམས་པའི་ངལ་གསོའི་བར་གླེགས་ནས་ཟ་མ་ཏོག་བོད་ཟས་ཁང་ལ་ཕེབས་ཏེ་གྲོགས་པོ་དང་མཉམ་དུ་ལྷོད་ལྷོད་ངང་ཁ་བརྡ་བྱེད་ཞོར། བོད་གཞས་ལ་ཉན་བཞིན། བོད་པའི་འོ་ཇ་དང་ནུབ་གླིང་གི་འཚིག་ཇ། རྒྱ་ནག་གི་ལྡུམ་ཇ་སོགས་གསོལ་ནས་བསྡད་ཆོག ང་ཚོའི་སྤྱིར་བཏང་གི་ཞབས་ཞུའི་རྣམ་གྲངས་གཤམ་གསལ་ལྟར།


དང་པོ།

      ཟ་མ་ཏོག་བོད་ཟས་ཁང་དུ་ཟ་མ་ཏོག་ཅེས་ཤ་ཁུ་དང་ཤ་མོ། མར་དང་གྲོ་མ། ཀོ་ཏོག་སོགས་ལས་གྲུབ་པའི་ཁམས་གསོའི་ཟས་མཆོག་དང་། བོད་ཡུལ་ན་མང་དུ་གྲགས་པའི་ཨ་ཁུའི་ཤ་མོག་དང་ཨ་ཁུའི་བསྲེག་མོག སྲོལ་རྒྱུན་ཟས་རིགས་ཀྱི་བྲོ་བ་མ་ཡལ་བའི་ནང་ཆོ་བཙོས་མ་དང་བསྲེག་མ། འབྲོག་མོའི་མཐེབ་ཐུག  སྲོལ་རྒྱུན་སྐྱབ་ཁོ།  ད་ར་གོར་སྦང་སོགས་ཟས་སྣ་སྣ་ཚོགས་དང་། ད་དུང་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཆང་དམར་དང་གཙང་གི་ཆང་སེར། ལོ་ངོ་བཞི་བཅུ་ལྷག་འགོར་བའི་སྨན་ཆང་། པེ་ཅིང་ཅུག་ལོང་ཀྲེ(九龙斋)ཨ་མདོའི་འོ་ཇ་དང་ལྷ་སའི་ཇ་བསྲུབས་མ། སྤྲི་ཆུར་དང་ཟོ་དཀྲུགས་ད་ར་སོགས་བོད་པ་རང་གི་ལག་རྩལ་དངོས་ལས་ཐོན་པའི་སྲོལ་རྒྱུན་བཟའ་བཏུང་ཡང་མང་པོ་ཞིག་ཁྱེད་སྐུ་མགྲོན་རྣམས་ལ་གྲ་བསྒྲིགས་བྱས་ཡོད།

གཉིས་པ།

     ཟ་མ་ཏོག་བོད་ཟས་ཁང་གིས་ཁྱེད་ཅག་གི་འདོད་པ་དང་དུས་ཚོད་ལྟར་ཁ་པར་གཅིག་བཏང་ན་དུས་ཐོག་ཏུ་ཁྱེད་ཀྱི་དྲུང་ལ་དྲོད་དང་དྲི་མ་ཡལ་བའི་ཟ་མ་བདེ་ལེགས་ངང་སྐྱེལ་འོང་།

གསུམ་པ།

     ཐག་ཉེ་རིང་ཀུན་ན་ཡོད་པའི་སྐུ་མགྲོན་རྣམས་ཀྱིས་ཟས་རིགས་གང་ཞིག་ཡིན་ཡང་ཁ་པར་དང་སྐད་འཕྲིན་བརྒྱུད་ནས་སྔོན་མངགས་བྱ་ཆོག་ལ། མའེ་ཐོན(美团外卖)ཞེས་པའི་དྲྭ་ལམ་ཞལ་ཟས་ཕྱི་འབོད་ཞབས་ཞུའི་རྣམས་གྲངས་ཀྱང་གཉེར་ཡོད་པས། ཁྱེད་ཅག་གིས་སྟབས་གང་བདེ་གནང་རོགས།


ཁ་པར་ཨང་གྲངས། 13285985895
སྐད་འཕྲིན་ཨང་གྲངས། SMDCANBA

ས་གནས་། མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་རྨ་ཆུའི་སྲང་ལམ་ལྷོ་མའི་ཐང་ཅན་གཞིས་ཁུལ་སྒོ་འགྲམ།


      འོ་་་་་རེད་ཡ། ཚང་མས་འགྲོ་ཞོར་འདུག་ཞོར་དུ་གཤམ་གྱི་བཤེར་རིས་དེ་མནན་ནས་སྐད་འཕྲིན་ནང་འཇུག་བྱེད་རྒྱུ་མ་བརྗེད་ལགས། ཐུགས་རྗེ་ཆེ།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b81e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15617562
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号