གསར་འཕྲིན། བོད་ཀྱི་དངུལ་ཁབ་མཁན་པོའམ་གླིང་བ་བྱང་རིག་ཁོ་མཆོག་གིས་དངུལ་ཁབ་རིག་གཞུང་འཆད་ཁྲིད་དང་རིན་མེད་སྨན་བཅོས་བྱས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 12 ཚེས 3 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »གསར་འཕྲིན། བོད་ཀྱི་དངུལ་ཁབ་མཁན་པོའམ་གླིང་བ་བྱང་རིག་ཁོ་མཆོག་ག
གསར་འཕྲིན། བོད་ཀྱི་དངུལ་ཁབ་མཁན་པོའམ་གླིང་བ་བྱང་རིག་ཁོ་མཆོག་གིས་དངུལ་ཁབ་རིག་གཞུང་འཆད་ཁྲིད་དང་རིན་མེད་སྨན་བཅོས་བྱས་པ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2019/12/15ལྟ་ཀློག (2423)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གསར་འཕྲིན།


     བོད་ཀྱི་དངུལ་ཁབ་མཁན་པོའམ་གླིང་བ་བྱང་རིག་ཁོ་མཆོག་ནི་ཀུན་གཟིགས་པཎ་ཆེན་བཅུ་བའི་གསར་འཛུགས་གནང་བའི་མཚོ་སྔོན་མཚོ་ལྷོའི་ལས་རིགས་ལག་རྩལ་སློབ་གྲྭས་ལོ་སྔོན་མ་ནས་ཡང་ཡང་ཞུས་ངོར་ད་ཐེངས༢༠༡༩ ༡༢ ༠༨ ༡༢སློབ་གྲྭ་དེར་ཕེབས་ཏེ་བོད་ཀྱི་དངུལ་ཁབ་ཆེད་སྦྱོང་འཛིན་གྲྭའི་སློབ་མ་བརྒྱད་ཅུ་ལྷག་དང་ཟུར་ཞུགས་དགེ་རྒན་རྣམ་པ། གཞན་གཞུང་སྒེར་གྱི་རྐང་འཛིན་སྨན་པ་མང་བོར་ཉིན་རྒྱུན་གྱི་སྔ་དྲོར་བོད་ཀྱི་དངུལ་ཁབ་རིག་གཞུང་གི་འཆད་ཁྲིད་གནང་ཞིང་། ཕྱི་དྲོ་ས་གནས་ཀྱིནད་པ་གཙོར་བྱས་ཕྱོགས་སོ་སོའི་ནད་པར་དངུལ་ཁབ་ཀྱིས་ནད་བཅོས་སྨན་སྦྱིན་བྱས་ལ། ད་རེས་ཁོང་གིས་ནད་པ་ལྔ་བརྒྱ་ལྷག་ཅིག་ལ་རིན་མེད་གསོ་བཅོས་བྱས་པར་ངོ་མཚར་བ་དང་བསམ་ཡུལ་ལས་འགོངས་པའི་ཕན་ཐོགས་བྱུང་བ་ནད་པ་ཚོས་མ་བགྲོས་གཅིག་མཐུན་གྱིས་བཤད་འདུག་པ་མ་ཟད། བོད་ཀྱི་དངུལ་ཁབ་གསོ་བཅོས་ལའང་ཡིད་ཆེས་བརྟན་པོ་རྙེད།


དངུལ་ཁབ་རིག་གཞུང་འཆད་ཁྲིད་གནང་བཞིན་པ།


     དེ་ལྟར་གཞུང་དང་ལག་ལེན་གཉིས་ཟུང་དུ་སྦྲེལ་ཏེ་ནད་པར་བཅོས་པས་སློབ་མ་ཚོས་ཀྱང་གྲུབ་འབྲས་བླ་མེད་ཐོབ་པ་མ་ཟད། མཚོ་ལྷོ་ཁུལ་ཁུལ་དཔོན་དཔལ་འབུམ་ཐར་དང་མཇལ་ཏེ་མ་འོངས་པར་བོད་ཀྱི་དངུལ་ཁབ་རིག་པ་འཕེལ་རྒྱས་ཇི་ལྟར་གཏོང་བའི་སྐོར་ནས་གསུང་གླེང་མང་བོ་གནང་བ་དང་ཁུལ་དཔོན་གྱིས་ཐེངས་འདིའི་གསབ་སྦྱོང་དང་སྨན་བཅོས་ལ་ཡིད་ཚིམ་པའི་ངང་དགེ་རྒན་ཚང་ལ་བཀའ་དྲིན་བཏང་རག་གི་སྨན་ཐང་ཆེན་མོའི་ལེགས་སྐྱེས་ཕུལ་བ་རེད། ཟླ་དེའི་ཚེས་༡༢ཉིན་ལས་རིགས་སློབ་གྲྭས་དུས་ཐུང་གཟབ་སྦྱོང་འཛིན་གྲྭར་ཞུགས་པའི་ཕྱི་ནང་གི་སློབ་མར་ལས་གཉེར་དང་འབྲེལབའི་སློབ་ཐོན་ལག་རྟགས་བྱིན་པ་དང་།  སློབ་སྟོན་ཁྲུའུ་གྱི་དགེ་རྒན་གཡུང་དྲུང་ཡག་གིས་དུས་ཐུང་གསབ་སྦྱོང་ལ་སྤྱི་སྡོམ་བྱས་ཏེ་མཇུག་རྫོགས།


     ཟླ་འདིའི་ཚེས་༡༣ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་དང་ལས་རིགས་ལག་རྩལ་སློབ་གྲྭས་རོགས་སྒྲུབ་མཛད་པའི་མཚོ་སྔོན་ཞིང་ཆེན་ཐེངས་དྲུག་པའི་ཚོགས་ཁྲིད་ཆེན་མོར་དགེ་རྒན་རིན་པོ་ཆེ་དངུལ་ཁབ་མཁན་པོ་ཚང་གདན་དྲངས་སྟེ་འབྲིང་རིམ་ལས་རིགས་སློབ་གྲྭའི་བོད་སྨན་ཆེད་ལས་ཀྱི་ཁམས་གསོ་གསོ་ཐབས་ལས་བོད་ལུགས་གསོ་རིག་དངུལ་ཁབ་དཔྱད་བཅོས་ཀྱི་སློབ་སྦྱོང་དང་ལག་ལེན་བྱ་ཐབས་སྐོར་སོགས་ལས་རིགས་སློབ་གསོའི་སློབ་གྲྭ་བཅུ་ཕྲག་ལྷག་གི་སློབ་གཙོ་དང་འཐུས་ཚབ་མི་སྣར་འཆད་ཁྲིད་གནང་བས་ཚང་མས་ཐུགས་ཡིད་ཚིམ་པའི་ཐལ་མོའི་བརྡབ་སྒྲ་མཁའ་ལ་ཁྱབ་པར་བྱས། ཐེངས་འདིའི་ཚོགས་ཁྲིད་ཆེན་མོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐེན་གྱི་གཙོ་གཞོན་邹勇དང་། ཁུལ་སློབ་གསོ་ཅུས་ཀྱི་མགོ་ཁྲིད། ལག་རྩལ་སློབ་གྲྭ་དེའི་སློབ་གཙོ་དང་གཙོ་གཞོན་སོགས་མགོ་ཁྲིད་དང་དགེ་རྒན་གང་མང་ཞུགས་ཡོད་ལ། གཞན་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་། ཨ་མྱེས་རྨ་ཆེན་ལས་རིགས་ལག་རྩལ་སློབ་གྲྭ། ཧུྃ་ཀར་རྡོ་རྗེ་ལས་རིགས་ལག་རྩལ་སློབ་གྲྭ། འཇམ་དབྱངས་ལས་རིགས་ལག་རྩལ་སློབ་གྲྭ། རྡོ་རྗེ་བརྟན་ལས་རིགས་ལག་རྩལ་སློབ་གྲྭ། རེབ་ཀོང་ལས་རིགས་ལག་རྩལ་སློབ་གྲྭ། མགོ་ལོག་ཁུལ་ལག་རིགས་ལག་རྩལ་སློབ་གྲྭ། ཧང་རྫོང་བཀྲ་ཤིས་དར་ཐང་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་སློབ་གྲྭ་བཅུ་ཕྲག་གཅིག་གི་སློབ་གཙོ་དང་དགེ་རྒན། འཐུས་ཚབ་མི་སྣ་བདུན་ཅུ་ལྷག་ཞུགས་ཡོད་པ་རེད། ཐེངས་འདིའི་ཚོགས་ཁྲིད་ཆེན་པོར་ཞུགས་པའི་སློབ་གཙོ་གང་མང་གིས་བོད་ཀྱི་དངུལ་ཁབ་རིག་པའི་ལག་རྩལ་ཁྱབ་སྤེལ་གཏོང་དགོས་པའི་བླང་བྱ་ནན་མོ་བཏོན་པ་དང་དགེ་རྒན་ཚང་གདན་འདྲེན་ཞུ་མཁན་ཡང་མང་བོ་ཡོད་པ་རེད། གཞན་ཡང་མཚོ་ལྷོ་ཁུལ་ལས་རིགས་སློབ་གྲྭས་མ་འོང་བ་ན་དགེ་རྒན་ཚང་གི་གཟིགས་སྐྱོང་དང་མཛུབ་སྟོན་འོག་བོད་ཁུལ་ཡོངས་ཀྱི་སློབ་མ་རྣམས་ལ་དངུལ་ཁབ་ཆེད་སྦྱོང་བྱ་བའི་འཛིན་གྲྭ་གསར་དུ་འཛུགས་པའི་བསམ་བློའི་གྲ་སྒྲིག་ཡོད་པ་རེད།


      ཐེངས་འདིའི་དངུལ་ཁབ་རིག་གཞུང་འཆད་ཁྲིད་དང་རིན་མེད་སྨན་བཅོས་བྱས་པས་ས་གནས་ནད་པ་མང་བོ་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་བཅས་སོ།།


མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་དཔལ་འབུམ་ཐར་གྱིས་ཐེངས་འདིར་སྣེ་ལེན་རོགས་འདེགས་བྱས་པ།


གསར་འཕྲིན་འགོད་མཁན། ཤ་བྲང་འབྲུག་ལྷ་རྒྱལ་ཡིན།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱང་ཆུབ སྤེལ་དུས:2020/2/7
སྙིང་ཐག་པ་ནས་རྗེས་སུ་ཡི་རང་བྱེད།
 སྤེལ་མཁན: བློ་བཟང་བསམ་གཏན། སྤེལ་དུས:2019/12/1
བོད་ཀྱི་དངུལ་ཁབ་མཁན་པོ་ཁོང་གི་ཕྱག་ལས་དང་བླ་མེད་མཛད་འཕྲིན་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཚད་མེད་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
21516855
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号