བརྩེ་དུང་།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 7 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »བརྩེ་དུང་།
བརྩེ་དུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2019/12/23ལྟ་ཀློག (1039)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བརྩེ་དུང་།

རྩོམ་པ་པོ།    ཟར་མ།
༼ཀ༽
         མི་ཚེའི་རེའུ་མིག་ཏུ།   བརྗོད་བྱས་གཟུངས་སུ་བཟུང་ནས་མིའི་ཡུལ་གྱི་མིག་ཆུ་བྱས་པ།   སེམས་ཀྱི་དཔྱང་ཐག་ངོར་དཀྲིས་པའི་ཞེན་ཆགས་ཀྱི་ཡུལ་ངོས་རེ་རེ་རེད།   ཞེ་འདང་དང་བར་ཐག་ནི།  མཚན་མོའི་མུན་པ་རེ་རེའི་ངོར་འཁུན་སྒྲས་དབྱངས་སུ་གཏོང་།   བར་ཐག་འདི་དུས་ཚོད་ཀྱིས་བཟོ་འོང་བ་ཞིག་རེད་དེ།   དུས་ཡུན་ཅི་ཙམ་རིང་ན་བར་ཐག་གི་སྐུད་པ་དེ་ཙམ་ཕྲ་བའི་གཤིས་ཀ་ཆགས།

༼ཁ༽
        སྤྱིར་བརྩེ་དུང་གི་དྲོ་གྲང་དང་སྤོམ་ཕྲ་ལ་གསལ་ཆ་མེད་ནའང་།  བརྩེ་དུང་འདི་སོ་སོའི་སེམས་སུ་གྲུབ་སྟེ་གཏིང་གི་ཟབ་ཚད་ཀྱིས།   བརྩེ་འདང་གི་འཇམ་ཤ་ལྷོད་མོའི་འཛུམ་མདངས་བྲིས་པ་ཅི་ལ་མིན།  བརྩེ་དུང་གིས་སེམས་ཀྱི་འཇིག་རྟེན་གྱི་ཁ་ལོ་ཁྲིད་དེ།   མི་ཡུལ་གྱི་མཛེས་ཤིང་སྡུག་པའི་ཡུལ་གྲུ་དག་རོལ་མྱོང་བྱེད་པ་དང་།  ཞེ་རུ་སྡུག་པའི་ལོ་ཟླ་ཡང་སྐྱེལ་དུ་འཇུག་ངེས་ལགས།

༼ག༽
       ད་དུང་འཇིགས་སུ་རུང་བ་དང་།  ཀུན་ཀྱང་འཇིགས་ཡེར་ཡེར་དུ་ཡོད་པ་ནི་བར་ཐག་རེད།  གལ་སྲིད།  བར་ཐག་དེ་པི་ཝང་ཞིག་ཡིན་པའི་དབང་དུ་བཏང་ན།  བར་ཐག་དེ་ནས་ཕན་ཚུན་དྲན་སྟངས་རེ་རེ་ནི་པི་ཝང་དེའི་རྒྱུད་སྐུད་རེ་རེ་དང་མཚུངས།  བར་ཐག་ཏུ་རྒྱང་རིང་མ་ཡིན་པའི་རྒྱང་རིང་ཞེས་པས་སེམས་ཀྱི་ཡལ་ག་རེ་རེ་མིག་ཆུས་སྦང་སྟེ།  དུས་ཚོད་ཀྱི་རྐང་རྗེས་ངོས་སུ་མྱ་ངན་ཞུ་བར་ཆས།

༼ང་།༽
       མཚན་མོར།   མུན་པའི་དབྱིངས་སུ་ལག་པ་བསྲིངས་ཏེ་ངུ་ངག་གི་བྲག་ཅ་བཙན་པོས་སེམས་ཀྱི་གས་སྲུབས་ལ་ལྷན་པ་བྱས།  བརྩེ་དུང་གི་ཆེས་རྐང་དུ་གྱུར་པ་ནི་གཟུགས་ལང་ཚོ་དང་རྒྱུ་འབྱོར་བ་གང་ཡང་མ་ཡིན་ཏེ།  ཕན་ཚུན་གྱི་མཛའ་བརྩེའི་ལང་ཚོ་དང་།  ཞེ་འདང་གི་རུས་རྐང་ལ་ཟུག་པའི་དྲན་གདུང་།  མི་ལོ་བཅུ་ཁའི་རིང་ཐུག་འཕྲད་མེད་ཀྱང་ཡིད་ཆེས་ཀྱིས་བར་ཐག་སྲུང་བའི་སྤོབས་པ་དེ་ཅི་ལ་མིན།
༢༠༡༩-༡༢-༢༢

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
19102153
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号