ཁེར་རྐྱང་གི་བསྡུས་འགྲེལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཁེར་རྐྱང་གི་བསྡུས་འགྲེལ།
ཁེར་རྐྱང་གི་བསྡུས་འགྲེལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2019/12/24ལྟ་ཀློག (20911)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁེར་རྐྱང་གི་བསྡུས་འགྲེལ།
 
ཁམས་པ་རབ་དབྱངས། (རྫ་སྟོད།)
      ང་ནི་ཁེར་རྐྱང་གི་འཚོ་བ་ལ་ཞེ་གཏིང་ནས་བརྒྱུད་དེ། ཁེར་རྐྱང་གི་འཇིག་རྟེན་དང་ཁེར་རྐྱང་གི་བྱ་དངོས་ལ་དད་མོས་བྱེད་མཁན་གྱི་མི་ཞིག་ཡིན། ང་ལ་ཁེར་རྐྱང་གི་ཕུགས་འདུན་ཡོད་ཅིང་། ཁེར་རྐྱང་གི་བརྩེ་དུང་ཡོད།
      ཁེར་རྐྱང་གི་མཛེས་སྡུག་དང་ལང་ཚོ་ནི། ཁེར་རྐྱང་གི་སྐྱོ་གཞས་ཀློང་ནས་ལུས་ངག་གི་ལོངས་སྤྱོད་ཅིག་བྱེད་དོ་བསམས།  ཁེར་རྐྱང་གི་མི་ཚེ་དང་ཁེར་རྐྱང་ལྟ་བུའི་སྙན་ངག་དེ་དག་ནི། ཁེར་རྐྱང་གི་སྐྱེ་བ་འདི་ནས་ཚོད་འཛིན་ཞིག་བྱེད་དོ་བསམས།
      ངས་མིག་ཟུང་ཆེ་ཆེར་ཕྱེས་ནས་རང་ཉིད་ཀྱི་དགའ་སྐྱོ་མཐོང་ཐུབ་ཀྱིན་འདུག ངས་དུས་ཚོད་ཀྱི་སྐར་ཆ་འདི་དག་ཡང་རང་ཉིད་ཀྱི་དད་མོས་ཡོད་པའི་བྱ་དངོས་ཤིག་ལ་བཅོལ་དུས། ངས་ཉི་འོད་དང་འདྲ་བའི་རེ་བ་དང་རྨི་ལམ་མང་དག་ཅིག་མཐོང་ཐུབ་ཀྱིན་འདུག  ཁེར་རྐྱང་གི་དུས་སུ་ཁེར་རྐྱང་གི་སེམས་པ་མཛེས་སྡུག་ཉིད་དུ་མཐོང་ཐུབ་ཅིང་། འཚོ་བ་འདི་ཡང་རང་དབང་གི་བཀོད་སྒྲིག་འོག་ནས་རོལ་ཐུབ་ཀྱིན་ཡོད།
      ངས་མི་ཚོགས་ཀྱི་རེ་བ་འགྲུབ་མི་སྲིད་ལ། རང་ཉིད་ཀྱི་ལམ་བུ་ལ་བསྡུས་འགྲེལ་གྱི་བྱ་བ་ཞིག་བྱེད་ཀྱིན་ཡོད། ཁེར་རྐྱང་གི་དུས་སུ་ང་ལ་སྲོག་གི་ཞེ་འདང་སྒོམ་མི་སྙིང་ཉེ་དང་མཛའ་མཐུན་གྱི་གྲོགས་པོ་མང་པོ་ཅིག་གི་སེམས་ཀྱི་ཟབ་སར་བར་ཐག་ཉེ་བའི་སྐད་ཆའི་སྨྲེང་བ་ཡོད་པ་མ་ཡིན་ནམ།
      ཁེར་རྐྱང་གི་དུས་སུ། རང་གི་མི་ཚེའི་ཕུགས་བསམ་དང་འབྲེལ་བའི་དུས་ཚོད་སྐར་ཆ་རེ་རེ་ཡོད་པ་དེ་དག་ཡང་ཉི་ནུབ་མཚན་ཕྱེད་བྱེད་ནས་སློབ་སྦྱོང་དང་བསམ་གཞིག་གི་རྨི་ལམ་བར་ནས་སྐྱེལ་ཐུབ། དེ་དུས་ཁེར་རྐྱང་གི་འཇིག་རྟེན་འདི་གཞུང་ལུགས་ཀྱི་ཧྲག་བར་ནས་མི་ཚེ་འདིའི་སྐྱེ་བ་དང་ཚེ་རབས་ཚང་མ་འགྲེལ་བརྗོད་བྱེད་ཀྱིན་ཡོད།  དེ་བས་ང་ལ། ཁེར་རྐྱང་གི་འཇིག་རྟེན་ཡོད་པ་ཡིན་ལ། ཁེར་རྐྱང་གི་རྨི་ལམ་ཡང་ཡོད་པ་ཡིན།
      ཉི་མ་འདི་དག་གི་རིང་ལ། ངས་ནམ་རྒྱུན་ངའི་མི་ཚེ་འདི་རང་ཉིད་ཀྱིས་ཞེ་གཏིང་ནས་དགའ་བའི་ཁེར་རྐྱང་གི་མཛེས་ཆོས་ཤིག་གམ་རང་ཉིད་ཀྱི་མཛེས་སྡུག་དག་ཕྱི་རུ་མཐོང་བྱེད་ཀྱི་ལོངས་སྤྱོད་ཅིག་ལ་རོལ་བཞིན་ཡོད།  སྐྱེ་བ་འདི་ནས་རང་ཉིད་ཀྱི་མི་ཚེ་འདི་སྡོང་པོ་ཞིག་བྱ་འདོད་པ་དང་སྐྱེ་བ་འདི་ནས་རང་ཉིད་ཀྱི་མི་ཚེ་འདི་སྡོང་ལོའི་ཐོག་གི་མི་བཟོད་པའི་མཛེས་ཆོས་ཅན་གྱི་ལོ་འདབ་ཉིད་དུ་བྱ་འདོད་པ་ཡིན་ན། གང་ལྟར་ཁེར་རྐྱང་གི་རྨི་ལམ་འདི་ནས་རེ་བ་ཞིག་འགྲུབ་པར་བྱེད་འདོད།
      ངས་ནི་མི་ཚེ་འདི་མི་གཞན་དག་གི་སྣང་ངོ་ལ་ཡོང་མིན་དང་མི་གཞན་གྱི་མིག་གི་ལོངས་སྤྱོད་ཉིད་དུ་མཐོང་གི་ཡོད་པར་བསམ་བློ་མ་བཏང་བར་རང་ཉིད་ཀྱི་སྐྱེ་བ་འདི་དང་ཚེ་རབས་འདིའི་མཇུག་འབྲས་སོགས་རང་ཉིད་ཀྱི་བར་ཐག་རིང་སར་མ་གྱེས་པར་བསམ་བློ་གཏོང་བཞིན་ཡོད།
      ངས་ནི་མི་ཚེ་འདི་ནས་ཁ་ཡག་ངོ་དགའ་དང་ཚུལ་འཆོས་སོགས་ཀྱི་སྤྱོད་སྟངས་ལ་བསམ་བློ་མ་བཏང་བར་མི་ཚེ་འདིའི་ཕུགས་བསམ་དང་རྨི་ལམ་ཤེས་འཇོན་སོགས་དུས་ཚོད་ཀྱི་སྐར་ཆའི་བར་སྟོང་རེ་ནས་བསམ་བློ་གཏོང་བཞིན་ཡོད།
      རང་ཉིད་མི་ཚེ་འདི་ཡར་འཐེན་མར་འཐེན་བྱེད་པའི་དུས་ཚོད་གཞན་གྱི་སྣང་ཚུལ་ཙམ་ལ་གོ་བ་མ་བླངས་པར།  རང་ཉིད་ཀྱི་མི་ཚེ་འདིའི་མགོན་རང་ཉིད་ཡིན་པ་དེའི་ཕྱིར། ཁེར་རྐྱང་ངས་རང་ཉིད་ཀྱི་རྨི་ལམ་དང་ཕུགས་བསམ་ཚང་མ་རང་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པས། རང་ཉིད་ཀྱི་སེར་པོ་གསེར་གྱི་ལམ་བུ་འདི་མཛེས་སྡུག་མཐོང་བྱེད་སྒེའུ་ཁུང་ཉིད་དུ་བསྒྱུར་ན་འདོད་ཀྱིན་ཡོད།
      ཁེར་རྐྱང་གི་དུས་ཚོད་འདི་ནི་རྒྱང་ནས་རྒྱང་དུ་ཕྱིན་པའི་འགྲུལ་བཞུད་ཀྱི་ལམ་བུ་དང་འདྲ་བར། འདས་སོང་གི་བྱ་བ་དང་ཕྱི་དྲན་ཚང་མ་འཁྲུལ་སྣང་གི་བར་སྟོང་ནས་ཁུར་ཟིན་ལ། རྒྱང་དུ་ཡང་ཁྱེེར་སོང་།
      དགའ་སྐྱོ་དང་ཞེན་ཆགས་བར་དུ་འཁྲེང་བའི་མི་ཚེ་གཞོན་པའི་དུས་ཚོད་འདི་དག་ནས། ང་ལ་ནམ་ཡང་སེམས་ཀྱི་འཆར་ངོས་སུ་ཡོད་པའི་ལྗིད་ལྗིད་ཏིག་ཏིག་གི་གནོན་ཤུགས་དང་ཡིད་ཆད། སྡུག་ཡུས་དང་སྨྲེང་གཏམ།  དགའ་བ་དང་སྐྱོ་བ། ཚང་མ་ཁེར་རྐྱང་རང་ཉིད་ཀྱིས་སྙན་ངག་གི་ཡིད་བརྙན་བར་ནས་ཉམས་ལེན་ཞིག་བྱེད་ཐུབ་པར་འདོད་ཀྱིན་ཡོད། གལ་སྲིད་ངས་དེ་དག་ལ་དང་ལེན་དང་དགའ་བ་སྒོམ་མ་ཐུབ་ན་ངའི་ཁེར་རྐྱང་གི་སྙན་ངག་འདི་ནི་ཁྲེལ་མེད་ཀྱི་ཟློས་གར་ཞིག་ཡིན།  
      རང་ཉིད་ཀྱི་འདོད་དོན་འགྲུབ་པའི་ཁེར་རྐྱང་ང་ནི། གནོན་ཤུགས་དང་སེམས་ཁྲལ་མེད་པའི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས། རྨི་ལམ་དང་འཚོ་བ་ཚང་མ་བློས་བསླངས་བྱེད་པའི་ཉིན་དེར། ང་ལ་ཡོད་པ་ནི་ཁེར་རྐྱང་གི་གྲིབ་མ་དང་ལང་ཚོ་རེད་འདུག
      ཁེར་རྐྱང་གི་ཡོད་ཚད་པོ་ཡང་ནས་ཡང་དུ་དྲན་རྗེས། རང་ཉིད་བདེ་བ་དང་འདོད་དོན་སོགས་སེམས་གཏིང་ན་སྦས་ཏེ། མ་འོངས་པའི་མདུན་ལམ་ལ་ཉེ་བར་བཅར། མི་ཚེ་འདིའི་སང་ཉིན་དང་རྨི་ལམ་དག་ལ་བློས་བསླངས་བྱས།  
      གལ་ཏེ་འཇིག་རྟེན་འདི་རང་ཉིད་ལ་དབང་དུ་བཏང་ན། ངས་ཁེར་རྐྱང་གི་འཇིག་རྟེན་ཞིག་བསྡུས་འགྲེལ་བྱེད་ཀྱིན་ཡོད། གལ་ཏེ་དགའ་སྐྱོ་ཡི་སྨྲེང་གཏམ་འདི་རང་ཉིད་ལ་དབང་དུ་བཏང་ན།  མི་ཚོགས་ཀྱིས་ང་ལ་ཅི་ཞིག་སྨྲ་སྲིད། ཡང་ན་ང་ལ་འཁང་ར་ཅི་ཞིག་བྱ་སྲིད།
      ཁེར་རྐྱང་གི་ང་འཆི་བའི་སྒོ་དྲུང་ན་ཐོན་དུས། ང་ལ་བདེ་སྡུག་གི་མཆི་མ་འཐོར་བའི་གཅེས་ལོ་དག་མེད་པའི་ཁེར་རྐྱང་ཞིག་ཡིན་ཆོག  སྐྱེ་བ་འདི་ནས་ཚེ་སྲོག་གི་དབུགས་རྒྱུན་ཕྲ་མོ་འདི་ཆད་རྗེས། གཅེས་པའི་ལུས་སེམས་ཁ་ཁར་སོང་དུས་བྱ་ཁྱིའི་ཁ་ཟས་ཙམ་གྱི་ཁེར་རྐྱང་ཞིག
      རྨི་ལམ་ལྟ་བུའི་མཚན་མོ་ཞིག་ལ་ཉེ་བར་བསྐྱེལ་ཏེ། མ་འོངས་པའི་རེ་བ་དང་ཕུགས་བསམ་ཚང་མ་འཆད་སྲིད། ས་ཕྱོགས་སུ་བཅད་པའི་དགའ་སྐྱོའི་གདུང་བ་མག་མོག་འདི་དག་ནི། ཁེར་རྐྱང་ངས་ཤ་དང་རུས་པའི་ལྷུ་ཚིགས་ལས་གྱེས་པའི་དམ་ཚིག་ཡིན།  གང་ལྟར་ཁེར་རྐྱང་གི་ང་ནི་གནོང་འགྱོད་དང་ལེ་འདའ་བྱེད་ས་མེད་པའི་ཁེར་རྐྱང་ཞིག་ཡིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
libo བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41109941
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1