སྤྲེལ་རྫོང་འཇམ་དཔལ་མཁྱེན་རབ་བམ་ཞག་སྒྲོན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 9 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» ཤེས་ཡོན་པའི་སྡེ། »སྤྲེལ་རྫོང་འཇམ་དཔལ་མཁྱེན་རབ་བམ་ཞག་སྒྲོན།
སྤྲེལ་རྫོང་འཇམ་དཔལ་མཁྱེན་རབ་བམ་ཞག་སྒྲོན།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/28ལྟ་ཀློག (32229)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྤྲེལ་རྫོང་འཇམ་དཔལ་མཁྱེན་རབ་བམ་ཞག་སྒྲོན་ངོ་སྤྲོད།


         སྤྱི་ལོ ༡༩༨༨ ཟླ་༡༡ ཚེས་པ་༡༥ འབྲོག་ཁྱིམ་དཀྱུས་མ་ཞིག་ནས་ལང་ཚོའི་མེ་ཏོག་བཞད།   ཁོ་རང་ལོ་དགུར་སོན་པ་སྤྱི་ལོ་༡༩༩༧ ལོར་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་ཆོས་སྒོར་ཞུགས་ནས་དམ་ཆོས་འདུལ་བའི་དགོངས་དོན་ལ་མངའ་བརྙེས་པའི་སྙིགས་དུས་ཀྱི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཡོངས་ཀྱི་དགེ་བའི་གཤེས་གཉེན་ཆེན་མོ་༧རྗེ་བཀྲ་ཤིས་རྒྱལ་མཚན་ཚང་ལས་རབ་ཏུ་བྱུང་ཤིང་མིང་ལ་འཇམ་དཔལ་མཁྱེན་རབ་ཅེས་བཏགས།  དེ་ནས་མཚུངས་མེད་གནས་ཀྱི་བླ་མ་དམ་པ་ཤཱཀྱའི་དགེ་སློང་༧རྒན་བློ་བཟང་དཔལ་ལྡན་ཚང་དང་ཆུ་ཀྱཱ་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་ནགས་རྒན་༧བསྐལ་བཟང་དགེ་འདུན་ཚང་སོགས་དགེ་རྒན་ལ་བརྟེན་ནས་འདོན་རྟ་དབྱངས་གསུམ་ཆོ་ག་ཕྱག་ལེན་སོགས་ལ་བསླབས།

     དེ་ནས་སློབ་དཔོན་དམ་པ་ཆོས་འདུལ་བའི་སྤྱོད་པ་མིག་འབྲས་བཞིན་སྲུང་བའི་དགེ་བཤེས་༧ལྷ་རམས་པ་ཚུལ་ཁྲིམས་ཉི་མ་ཚང་དང་དགེ་བའི་གཤེས་གཉེན་ཆེན་མོ་༧ལྷ་རམས་པ་དགེ་འདུན་རབ་རྒྱས་ཚང་དང་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་༧རྗེ་བཀའ་འགྱུར་བ་བསྐལ་བཟང་དོན་གྲུབ་ཚང་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བསམ་སྦྱོར་གཉིས་ཀྱིས་སྒོ་ནས་ཚུལ་བཞིན་བསྟེན་ཏེ་ཚད་མ་དང་ཕར་ཕྱིན།   ཐ་སྙད་རིག་གནས་སོགས་ལ་སྦྱང་བ་བྱས།      བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་མཚན་ཙམ་ཡང་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན།  རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ ༧ བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྤྲུལ་བར་གྲགས་པའི་༧རྗེ་བློ་བཟང་རྒྱ་མཚོ་ཚང་དང་རྗེ་བཙུན་འཇམ་དབྱངས་དཀར་པོས་རྗེས་སུ་བཟུང་བའི་༧རྗེ་རྔ་བ་གྲགས་པ་ཚང་དང་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་ཡོངས་འཛིན་རྡོ་རྗེ་འཆང་རྣམ་གཉིས་༧རྗེ་འཇམ་དབྱངས་རྒྱ་མཚོ་ཚང་དང་༧རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ། ངེས་དོན་མཁས་པའི་དབང་ཕྱུག་དགེ་བཤེས་༧ལྷ་རམས་པ་འབོ་རའི་ཨ་ཁུ་ཡོན་ཏན་དཔལ་བཟང་བོ་མཆོག་སོགས་ཀྱི་སྐུ་མདུན་དུ་དབང་བཀའ་ཆོས་ཁྲིད་ཞལ་ལུང་མང་པོ་ཐོབ།

     སྤྱི་ལོ ༢༠༡༢ ལོར་ཁོས་ཕ་ཡུལ་ལྷ་ལུང་དཔལ་སྡེ་ནས་ན་གཞོན་སྐོར་ཞིག་བསྡུས་ནས་དུས་རབས་ཀྱི་འགྲོས་དང་བསྟུན་ནས།  སྤྱི་ཚོགས་ཀྱི་དགོས་མཁོ་དང་ས་གནས་ཀྱི་ཁེ་ཕན་ཁོ་ན་ལ་དམིགས་ནས་ལྷ་ལུང་དཔལ་སྡེའི་ཀུན་ཕན་ལས་སྒྲུབ་ཚན་ཆུང་ཟེར་བ་ཞིག་དངོས་སུ་བཙུགས།    རང་ས་གནས་ཀྱི་བླ་མ་སྐྱེས་ཆེན་དམ་པ་དང་དགེ་བའི་གཤེས་གཉེན་མང་པོ། ལྷག་པར་དུ་དེང་རབས་བོད་ཀྱི་སློབ་གསོ་བ་དང་རྩོམ་པ་པོ་གྲགས་ཅན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་སོགས་གདན་འདྲེན་ཞུས་ནས་རང་མི་རིགས་ཀྱི་སྐད་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་བདེ་ཐང་འཕྲོད་བསྟེན་སོགས་ཀྱི་སྐོར་ནས་བཀའ་སློབ་ལམ་སྟོན་མང་པོ་གནང་དུ་བཅུགས་པར་མ་ཟད་ཚོགས་པའི་ངོས་ནས་ཕ་སྐད་རྒྱུགས་འཕྲོད་དང་ཡ་རབས་དཔེ་བཟང་འཁོར་ཡུག་གཙང་སྦྲ་ནད་ཡམས་སྔོན་འགོག་ཁ་མཆུ་འདུམ་འགྲིག་ནད་ཡོན་ཁ་བསུབ་དཀའ་ངལ་ཅན་ལ་རོགས་དངུལ་སོགས་མདོར་ན་དགེ་ལས་ཀྱི་བྱ་བ་མང་པོ་ནན་གྱིས་བསྒྲུབས་པས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར།

       སྤྱི་ལོ ༢༠༡༢ ཟླ་༢  ཚེས་པ་༡ ནས་བཟུང་འཛམ་གླིང་ཨེ་ཛིའི་ཉིན་མོ་དང་བསྟུན་ནས་ཁྲིན་ཏུའུ་གྲོང་ཁྱེར་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་མཁན་ཆེན་བསོད་དར་རྒྱས་ཨེ་ཛིའི་བླ་མ་ཆོས་དཔལ་བཟང་པོ་སོགས་ཀྱིས་གཙོ་སྒྲུབ་གནང་བའི་ཀུན་བརྩེ་ཨེ་འགོག་ཚོགས་པ་དང་།  ཁྲིན་ཏུའུ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཁང་དང་། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་འཕྲོད་བསྟེན་ཡར་སྐུལ་ཚོགས་པ་གསུམ་གྱིས་གཙོ་སྒྲུབ་གནང་བའི་གྲངས་ཉུང་མི་རིགས་ཨེ་འགོག་དྲིལ་སྒྲོག་ཚོགས་འདུ་ལ་ཞུགས་པ་ནས་བཟུང་བོད་མི་རིགས་ཀྱི་ད་ལྟའི་གནས་བབས་ལ་མྱུར་དུ་དགོས་པ་ནི་བདེ་ཐང་ཡིན་པར་བསམ་སྟེ་ལོ་དེ་ནས་བཟུང་།  སྤྲེལ་རྫོང་བློ་བཟང་བསྟན་དར་དང་ལྷ་ལུང་དཔལ་སྡེའི་རྟ་མགྲིན་རྡོ་རྗེ་གཉིས་དང་ལྷན་དུ་བོད་མདོ་དབུས་ཁམས་གསུམ་གྱི་ཆོས་རྒྱུད་ཆེན་པོ་དྲུག་གི་བླ་མ་མཁན་སྤྲུལ་དགེ་བཤེས་དང་སྤྱི་ཚོགས་སློབ་གསོ་བ་ལྷ་རྗེ་བ་གྲགས་ཅན་སོགས་མི་སྣ་གལ་ཆེན་ལྔ་བཅུ་ལྷག་གི་སྐུ་མདུན་ལ་དངོས་སུ་སོང་ནས་ཁོང་རྣམ་པར་འགྲོ་བ་མི་སྤྱི་དང་ཁྱད་པར་བོད་མི་རིགས་ཀྱི་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་སློབ་གསོ་ཞིག་དགོས་ཚུལ་ནན་ཞུ་ཕུལ་ནས་གསུང་བཤད་གལ་ཆེན་གནང་བ་རྣམས་དཀྱུས་གཅིག་ཏུ་འོད་སྡེར་ལ་ཕབས་ཏེ་འོད་སྡེར་འབུམ་ཚོ་ཁ་ཤས་བོད་མདོ་དབུས་ཁམས་གསུམ་གྱི་སེར་སྐྱ་རིས་མེད་ལ་རིན་མེད་གཟིགས་འབུལ་བྱས་ལ།  འགྲུལ་ལམ་སྟབས་མི་བདེ་བའི་ཞིང་འབྲོག་ཡིག་རྨོངས་པ་རྣམས་ལ་ཧ་ཅང་མཁོ་བའི་བདེ་ཐང་རྒྱུན་ཤེས་ཀྱིས་ཁོ་ཚོར་ལམ་སྟོན་བཟང་བོ་མཛད། བདེ་ཐང་ལམ་སྟོན་གྱི་འོད་སྡེར་ཁག་སྔ་ཕྱིའི་འགྲོ་སོང་ཡོངས་ལ་དམངས་སྒོར་འབུམ་ཕྲག་མང་བོ་བཏང་།

     སྤྱི་ལོ་༢༠༡༧ལོའི་ཟླ་༡ཚེས་༢༧ཉིན་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ནས་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དམ་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་ནས་བགྲང་བྱ་ཉེར་དགུ་ལོན་པར་རྗེས་དྲན་དང་།  ཐེངས་གཉིས་པའི་བདེ་ཐང་ལམ་སྟོན་འོད་སྡེར་འགྲེམ་སྤེལ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་གཙོ་སྒྲུབ་བྱས།  ཚོགས་སྟེང་དུ་བོད་མདོ་དབུས་ཁམས་གསུམ་གྱི་ཆོས་རྒྱུད་ཆེན་པོ་དྲུག  ཞུ་དཀར་གཡང་དྲུང་བོན།    རྙིང་མ།   དཔལ་ལྡན་ས་སྐྱ་བ།   བཀའ་བརྒྱུད་པ།  རྒྱལ་བ་ཇོ་ནང་བ།    རི་བོ་དགེ་ལུགས་པ། བཙུན་མ། བོད་ཀྱི་ལྷ་རྗེ་བ།     སྤྱི་ཚོགས་མི་སྣ་གལ་ཆེན་སོགས་ཀྱི་སྐུ་ཚབ།  མདོ་དབུས་མཐོ་སྒང་གི་ཞིབ་འཇུག་ཚོགས་པ་དང་།  ཀྲུང་ཧྭ་རྒྱལ་ཡོངས་འཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས། སྔོན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་གཙོས་ཀྲུང་དབྱང་དང་ཞིང་ཆེན་ཁུལ་དང་རྫོང་གི་དབུ་ཁྲིད་ལས་བྱེད་སོགས་ཆེད་ཞུའི་སྐུ་མགྲོན་མཁས་དབང་སུམ་ཅུ་ལྷག་དང་།   རང་ས་གནས་ཀྱི་སྡེ་བ་སོ་སོའི་སྡེ་དཔོན་ཚོ་དཔོན་གཙོས་མང་ཚོགས་བཞི་བརྒྱ་ལྷག་མཉམ་འཛོམས་བྱས་ཤིང་ཚོགས་འདུར་དེང་རབས་བོད་ཀྱི་སློབ་གསོ་བ་དང་རྩོམ་པ་པོ་གྲགས་ཅན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་༼གངས་ལྗོངས་ལྷག་བསམ་མི་སྣའི་བྱ་དགའ་༽  ཕུལ།  ཚོགས་འདུའི་ཐོག་མཐའ་བར་གསུམ་ལ་འགྲོ་སོང་སྒོར་འབུམ་ཕྲག་གཅིག་དང་ཁྲི་ཚོ་ཁ་ཤས་བཏང། 

      ༢༠༡༨ ལོར་ཕ་ཡུལ་གྱི་བྲག་དཀར་རྫོང་གི་དཔལ་འབྱོར་འཕེལ་རྒྱས་སྐོར་ལ་བསམ་གཞིགས་ཡང་ཡང་བཏང་ནས་ན་གཞོན་ལས་སྒོ་གསར་སྤེལ་ཁེ་ལས་བགྲོ་གླེང་ཚོགས་འདུ་སོགས་གཙོ་སྒྲུབ་བྱས་ནས་ན་གཞོན་ཁེ་ལས་པ་དག་ལ་གོ་སྐབས་ཡག་པོ་བསྐྲུན་པས་སྔ་རྗེས་སུ་དགོན་སྡེ་དང་སློབ་གྲྭ་སྤྱི་ཚོགས་མི་དམངས་མང་ཚོགས་ཀྱིས་གདེངས་འཇོག་བླ་མེད་གནང་།

     མདོར་ན།

ཁོང་གིས་རྒྱུན་དུ་ང་ཚོ་བོད་མི་རིགས་ལ་སྐད་དང་ཡི་གེ་རིག་གཞུང་རྒྱུད་འཛིན་སོགས་ཀྱི་སྐོར་ཕྱག་ལས་གནང་མཁན་མང་པོ་ཡོད་མོད་འོན་ཀྱང་བདེ་ཐང་གི་སྐོར་ལས་ཀ་ལས་མཁན་དང་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་བས་རང་གི་ནུས་པ་ཙམ་ལ་བརྟེན་ནས་མིའི་རིགས་སྤྱི་དང་མི་སྒེར་གང་ལ་མཚོན་ནའང་བདེ་ཐང་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པའི་ངེས་ཤེས་སྐྱེ་རུ་འཇུག་ཨེ་ཐུབ་ལ་འབད་རྒྱུ་ཡིན་ཞེས་པ་དེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི སྤེལ་དུས:2020/2/16
དགོངས་དོན་བཞིན་དུ་འགྲུབ་པར་སྨོན།
 སྤེལ་མཁན: ཡེ་ཤེས་ སྤེལ་དུས:2019/12/2
ངོ་མ་ཡག་པོ་འདུག
 སྤེལ་མཁན: རི་བོ། སྤེལ་དུས:2019/12/2
རེད་དེ་ཁོ་ནི་གྲྭ་བཙུན་ངར་བ་ཞིག་ཡིན་་་་ཁོ་ལ་ཕྱོགས་གང་ཀྱི་ཐད་ནས་་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་ཞིག་ཡོད་པ་དེ་དག་ལ་ཡང་བཀའ་དྲིན་ཞུ་དགོས་ལ་་དེ་དག་གླེང་ཡང་དགོས་ངེས་རེད། ཁོང་གི་མཛད་རྗེས་གླེང་སྐབས་སྒྲོ་འདོགས་དང་རྫུན་བཟོ་བྱེད་མི་ཉན། ངོས་ཡོད་གནས་ཚུལ་དང་དྲང་བདེན་བཤད་དགོས། ཁོང་ལ་སྐུ་ཚེ་རིང་བྱ་བ་ལམ་འགྲོ་ཡོང་པར་སྨོན།
 སྤེལ་མཁན: དོ་དམ་པ། སྤེལ་དུས:2019/12/2
ཁོང་ནི་རེ་བ་ཆེ་ཞིང་འཇོན་ཐང་ལྡན་པའི་གྲྭ་བཙན་ཞིག་ཡིན། ཁོང་གིས་ཞིང་འབྲོག་ཡིག་རྨོངས་པར་ཁ་གཏད་དེ་བདེ་ཐང་ལམ་སྟོན་གྱི་འོད་སྡེར་འབུམ་ཕྲག་མང་པོ་ཞིག་བོད་ཡུལ་ལུང་པར་བཀྲམ་མྱོང་ལ། འོད་སྡེར་རེ་རེའི་ནང་དུ་བོད་ཀྱི་རིས་མེད་གྲུབ་མཐའི་མཁས་དབང་དང་། སློབ་གྲྭ་པའི་སྡེ་ཁག ཡང་ན་འཕྲོད་བསྟེན་སྡེ་ཁག་གི་ཆེད་མཁས་པ་རྣམ་པའི་ཞལ་གསུང་སྒྲ་གཟུགས་གཉིས་ལྡན་གྱི་ལམ་ནས་ཕབ་བསྐྲུན་ཞུས་ཏེ་རྒྱུ་ཚེགས་གཉིས་ཀྱིས་དཀའ་ལས་མང་པོ་བསྐྱོན་ཡོད། དེའི་ཕྱིར་མིའི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཞབས་འདེགས་ཞུ་མཁན་དང་བསམ་པ་ཡར་སེམས་འཛིན་མཁན་ཡོངས་ལ་དུས་རྟག་པར་གུས་འདུད་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45422322
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1