ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 9 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།
ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/1/25ལྟ་ཀློག (1014)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དེ་རིང་༢༠༢༠ལོའི་ཁཱ་ཤཱིའི“རེ་བའི་སྐར་ཚོམས་མི་རབས་གསར་པའི་དཔེ་བཟང་མི་སྣ”ལ་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོ་རྔ་ཡུལ་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་

བསམ་གཏན་གླིང་དུ་བསྡུས།

2020藏歷新年卡西村「希望之星,新一代楷模」頒獎盛典


      བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐལ་བཟང་འདི་ལ་ངས་རྔ་ཡུལ་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་གྲྭ་ཚང་འདུས་པ་རྒྱ་མཚོས་ཚབ་བྱས་ཏེ་བོད་གཞི་བྱེས་གཉིས་ཀྱི་རང་རེའི་སྤུན་ཟླ་ཡོངས་ཀྱི་བསམ་དོན་མཐའ་དག་འབད་མེད་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།

      དེ་དང་ཆབས་གཅིག་ཐེངས་འདིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོ་ལ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྡེ་དཔོན་འཇམ་དཔལ་དང་དར་རྒྱས་གཉིས་ཀྱིས་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་རང་སྡེའི་ཚོང་རམས་པ་དག་དང་ལྷག་བསམ་ཅན་རྣམས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་པ་ལ་བཀའ་དྲིན་ཆེ་ཞུ།

     དེ་རིང་གི་བྱ་འགུལ་ནི་ཁཱ་ཤཱི་དགོན་གྲོང་གི་རེ་བའི་སྐར་ཚོམས་ཁྲོད་ཀྱི་མི་རབས་གསར་བའི་དཔེ་བཟང་མི་སྣ་སྐོར་ཞིག་ཡིན་པར་མ་ཟད་ད་ལྟའི་མིག་དཔེ་དང་མ་འོངས་པའི་བདག་པོ་ཤ་སྟག་ཡིན་པས་ཁོ་ཚོར་མུ་མཐུད་དུ་མི་རིགས་སློབ་གསོ་སོགས་ལ་ཤུགས་རྒྱག་རྒྱུར་སྐུལ་མ་བྱ་བའི་ཆེད་དུ་ཡིན།

    མེ་ཏོག་ཆུང་ཡང་མཆོད་རྫས་དང་ཀུར་གུམ་ཉུང་ཡང་སྨན་རྫས་ཟེར་བའི་དཔེ་ལྟར་དེ་རིང་ང་ཚོས་འཛོམས་ཚོད་ཅིག་འབུལ་རྩིས་ཀྱི་བྱ་འགུལ་སྣང་མེད་དུ་མ་བཞག་པར་བྱ་དགའ་ལེན་མཁན་དང་དེ་ལ་དགའ་བསུ་དང་དགའ་གུས་བྱེད་མཁན་གྱི་ཟུར་ཞུགས་གྲྭ་ཚང་དང་སྡེ་མི་ཡོངས་ལ་སྙིང་ནས་གུས་འདུད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

མདོ་འཛིན་པ། ཁཱ་ཤེས་རབ་རྒྱ་མཚོ།

མཛད་རིམ་དང་པོ། སྐུ་མགྲོན་ངོ་སྤྲོད།

མཛད་རིམ་གཉིས་པ།  ཤེས་རིག་ཡར་སྐུལ་གཟེངས་རྟགས་ཐོབ་མཁན་གྱི་སློབ་མའི་མཚན་ཐོ་སྒྲོག་འདོན་བྱ་རྒྱུ།

མཛད་རིམ་གསུམ་པ། གདན་ཞུས་སྐུ་མགྲོན་ཚོས་གསུང་བཤད་གནང་རྒྱུ།

མཛད་རིམ་བཞི་བ། བྱ་དགའ་འབུལ་རྒྱུ།

མཛད་རིམ་ལྔ་བ། བྱ་དགའ་ཐོབ་མཁན་དག་གི་འཐུས་ཚབ་པས་གསུང་བཤད་གནང་རྒྱུ།

མཛད་རིམ་དྲུག་པ། ཟུར་ཞུགས་འཐུས་ཚབ་པས་གསུང་བཤད་གནང་རྒྱུ།

མཛད་རིམ་བདུན་པ། མཇུག་བསྡུ་བ།

མཛད་རིམ་དང་པོ། སྐུ་མགྲོན་ངོ་སྤྲོད།

       ༢༠༢༠ལོའི་ལོ་སར་གྱི་ཚེས་གཅིག་ཉིན་ཁཱ་ཤཱི་དགོན་གྲོང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཁཱ་ཤཱིའི“རེ་བའི་སྐར་ཚོམས་མི་རབས་གསར་པའི་དཔེ་བཟང་མི་སྣ”ལ་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོའི་བྱ་འགུལ་སྟེང་དུ་ཕེབས་པའི་མི་སྣ་དག་ནི།

ཁཱ་ཤཱི་དགོན་པའི་ཚོགས་ཀྱི་བླ་མ་ལས་ཐོག་པ་བློ་བཟང་དུས་ལྡན་རྒྱ་མཚོ་ལགས།

 ཁཱ་ཤཱི་དགོན་པའི་ལས་ཐོག་དགེ་བསྐོས་དགེ་འདུན་རྒྱ་མཚོ་ལགས།

ཁཱ་ཤཱི་དགོན་པའི་ལས་ཐོག་བྱིངས་འདྲེན་ཆེན་མོ་བློ་བཟང་ཚུལ་ཁྲིམས་ལགས།

ཁཱ་ཤཱི་དགོན་པའི་དགོན་བདག་གམ་སྐུ་བདག་ཁཱ་དགོན་སྔུན་གཉིས་ཀྱི་ཡ་གྱལ་ཁཱ་ཤཱི་སང་གི་འཇམ་དབྱངས་ལགས། ཁཱ་ཤཱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྡེ་དཔོན་འཇམ་དཔལ།

ཁཱ་ཤཱིའི་ཚོང་རམས་པ་ཆོས་ལྡན་ཉི་མ་ལགས།

ཁཱ་ཤཱི་དགོན་པའི་གྲྭ་རིགས་ལྷོ་ཡོན་ཏན་རྒྱ་མཚོ་ལགས།

མཛད་རིམ་གཉིས་པ། ཤེས་རིག་ཡར་སྐུལ་གཟེངས་རྟགས་ཐོབ་མཁན་གྱི་སློབ་མའི་མཚན་ཐོ་སྒྲོག་འདོན་བྱ་རྒྱུ།

རྔ་ཡུལ་ཁཱ་ཤཱི་སྡེ་བའི་སློབ་ཆེན་དངོས་གཞི་སློབ་མའི་མིང་བྱང་།

阿坝县卡西村全日制本科生名单

གྲངས་ཀ

ཁྱིམ་ཚང་།

རུས་མིང་།

སློབ་ཆེན།

ཟུར་མཆན།

ཚིག་ཚེ་སང་།

ཚེ་ལྷ་སྐྱིད།

ཁྲིན་འདུ་གསོ་རིག་སློབ་ཆེན།成都中醫藥大學

སློབ་གྲྭ་འདོན་བཞིན་པ།

བར་མ་བསོད་པོ་སང་།

ཚེ་རིང་བསམ་འགྲུབ།

ཧི་ཧེ་སློབ་ཆེན།河海大學

སློབ་གྲྭ་འདོན་བཞིན་པ།

ཤར་ཀ་སང་།

དབང་ལྷ།

སི་ཁྲོན་དགེ་ཐོན་སློབ་ཆེན།四川師範大學

སློབ་གྲྭ་འདོན་བཞིན་པ།

འབྱོར་ལྷ་སང་།

ཌ་གུ་ལྷ་མོ།

ནུབ་བྱང་མི་རིགས་སློབ་ཆེན།西北民族大學

སློབ་གྲྭ་འདོན་བཞིན་པ།

བར་མ་བསོད་པོ་སང་།

རྡོར་གོ

བྱང་ཤར་སློབ་ཆེན།東北大學

 

བར་མ་བསོད་པོ་སང་།

སྒྲོལ་མ་སྐྱིད།

ཅང་སོའི་ཚན་རྩལ་སློབ་ཆེན།江蘇科技大學

 

གྲོང་སྟོད་ལ་གོ་སང་།

གངས་ལྷ།

མཚོ་སྔོན་དགེ་ཐོན་སློབ་ཆེན།青海師範大學

 

ཚིག་ཚེ་སང་།

ཀུན་བཟང་སྒྲོལ་མ།

མཚོ་སྔོན་དགེ་ཐོན་སློབ་ཆེན།青海師範大學

 

ཡར་ལུང་སང་།

འབྱོར་ཕྱུག

མཚོ་སྔོན་དགེ་ཐོན་སློབ་ཆེན།青海師範大學

 

༡༠

བར་མ་བསོད་པོ་སང་།

དུང་སྐྱིད་ལྷ་མོ།

ནན་ཅེན་སློབ་ཆེན།南京大學

 

༡༡

ཡོན་ཏན་སང་།

ཤེས་རབ་ལྷ་མོ།

ལྷོ་ནུབ་མི་རིགས་སློབ་ཆེན།西南民族大學

 

༡༢

གྲོང་སྨད་སང་།

འཇིགས་གོ

ནུབ་བྱང་མི་རིགས་སློབ་ཆེན།西北民族大學

 

༡༣

སྤུས་སང་།

བསོད་ནམས་སྐྱིད།

མཚོ་སྔོན་དགེ་ཐོན་སློབ་ཆེན།青海師範大學

 

༡༤

ཤར་ཀ་སང་།

མང་དགའ།

ལྷོ་ནུབ་མི་རིགས་སློབ་ཆེན།西南民族大學

 

༡༥

ཛི་ནཱ་སང་།

ནོར་སྐྱིད་མཚོ།

ནུབ་བྱང་མི་རིགས་སློབ་ཆེན།西北民族大學

 

༡༦

སྒང་སང་།

བ་སངས།

ནུབ་བྱང་མི་རིགས་སློབ་ཆེན།西北民族大學

 

༡༧

ཁོས་མགོ་སང་།

བདེ་ལོ།

ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན།甘肃民族师范学院

 

༡༨

བར་སྐོར་སང་།

ཕུན་ཚོགས།

མཚོ་སྔོན་དགེ་ཐོན་སློབ་ཆེན།青海師範大學

 

༡༩

གྲོཾ་སང་།

ཏཱ་རེ།

ནེ་ཅང་དགེ་འོས་སློབ་ཆེན།内江师范大学

 

༢༠

ལྟག་ག་སང་།

ནོར་ལྷ་སྐྱིད།

ལྷོ་ནུབ་ནོར་སྲིད་སློབ་ཆེན།西南财经大学

 

༢༡

ལྟག་ག་སང་།

གཏེར་ཆེན་སྐྱིད་

པེ་ཅིན་ཞིང་ལས་སློབ་ཆེན།北京农业大学

 

༢༢

གཏེར་སང་།

ལྷ་སྒྲོན།

བོད་ལྗོངས་སློབ་ཆེན།西藏大學

 

༢༣

གཏེར་སང་།

བདེ་སྐྱིད་སྒྲོལ་མ།

གློག་རྡུལ་ཚན་རྩལ་སློབ་ཆེན།電子科技大學

 

༢༤

གཏེར་སང་།

ཕུན་ཚོགས་སྐྱིད།

ཁྲུང་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་།

重慶人文科技學院

 

༢༥

ལྷ་བཟོ་སང་།

ཚེ་རིང་ལྷ་མོ།

མཚོ་སྔོན་སློབ་ཆེན་བོད་སྨན་གསོ་རིག་སློབ་གླིང་།

青海大学藏医学院

 

༢༦

སྒོ་སྔུན་སང་།

ཚེ་དབང་སྒྲོལ་མ།

སྲི་ཁྲོན་དགེ་འོས་སློབ་ཆེན།四川师范大学

 

༢༧

རྫ་སང་།

བཀྲ་བྷོ།

ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན།

甘肃民族师范学院

༢༠༡༩ལོའི་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་ཁེ་ལས་པའི་མཚན་སྙན་ཐོབ།

༢༨

གྲོང་སྨད་སང་།

དཀོན་བྷེ།

ལྷོ་ནུབ་མི་རིགས་སློབ་ཆེན།西南民族大学

ཞིབ་འཇུག་སློབ་མ།

མཛད་རིམ་གསུམ་པ། གདན་ཞུས་སྐུ་མགྲོན་ཚོས་གསུང་བཤད་གནང་རྒྱུ།

མཛད་རིམ་བཞི་བ། བྱ་དགའ་འབུལ་རྒྱུ།





མཛད་རིམ་ལྔ་བ། བྱ་དགའ་ཐོབ་མཁན་དག་གི་འཐུས་ཚབ་པས་གསུང་བཤད་གནང་རྒྱུ་རེད།


     གསུང་བཤད་གནང་མཁན་ལྷོ་ནུབ་མི་རིགས་སློབ་ཆེན་ནས་ཞིབ་འཇུག་མཐར་ཕྱིན་ཞིང་སི་ཁྲོན་རྔ་བ་ཁུལ་ཛམ་ཐང་རྫོང་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་ཁཱ་ཤཱིའི་གྲོང་སྨད་སང་གི་དཀོན་བྷེ་ཡིན།

 མཛད་རིམ་དྲུག་པ། ཟུར་ཞུགས་འཐུས་ཚབ་པས་གསུང་བཤད་གནང་རྒྱུ།


      གསུང་བཤད་གནང་མཁན་ཁཱ་ཤཱིའི་སྐབས་དང་པོའི་མི་རིགས་སློབ་གསོའི་གླེང་སྟེགས་སྒྲུབ་མཁན་གྲྭ་རིགས་ལྷོ་ཡོན་ཏན་རྒྱ་མཚོ་ཡིན། ཁོང་གིས་རང་སྡེ་བའི་དངོས་གཞིའི་སློབ་ཆེན་འདི་དག་ལ་སྤྲོ་སེམས་འཁོར་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད་མ་འོངས་པའི་ལམ་ཁར་འོད་སྟོང་འཕྲོ་བའི་ཤེས་རིག་ཡར་སྐུལ་ལ་གསུང་བཤད་ཇ་ནོམ་པ་གནང་།

 མཛད་རིམ་བདུན་པ། མཇུག་བསྡུ་བ་དང་མཉམ་པར་སྒྲོན་པ།


      བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐལ་བཟང་དང་སྤྱི་ལོ་༢༠༢༠ལོའི་ལོ་སར་གྱི་ཚེས་གཅིག་ཉིན་ཁཱ་ཤཱི་དགོན་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁཱ་ཤཱིའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཁཱ་ཤཱིའི“རེ་བའི་སྐར་ཚོམས་མི་རབས་གསར་པའི་དཔེ་བཟང་མི་སྣ”ལ་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོའི་བྱ་འགུལ་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་བསྡུས་པ་ཡིན་པས་ཚང་མ་བཀྲ་ཤིས་བདེ་ལེགས་ཞུ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg9m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2020/2/6
རྗེས་སུ་ཡི་རང་། 🙏🙏🙏
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
17681418
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号