ཤ་རུས་གསེང་ནས་ཤོར་བའི་འབོད་སྐུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཤ་རུས་གསེང་ནས་ཤོར་བའི་འབོད་སྐུལ།
ཤ་རུས་གསེང་ནས་ཤོར་བའི་འབོད་སྐུལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/12ལྟ་ཀློག (5821)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤ་རུས་གསེང་ནས་ཤོར་བའི་འབོད་སྐུལ།

ཐེ་བོ་དཀོན་སེང་།

      ད་སྐབས་རྒྱ་ནག་ཝུའུ་ཧན་གྱི་ས་གནས་དེ་ག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་གསར་བ་ཞིག་གིས་རྒྱ་བོད་སོག་གསུམ་གྱི་མིས་གཙོའི་མི་བུ་ཕལ་ཆེར་འཇིགས་སྣང་དང་དངངས་འཚབ་ཅིག་གིས་འུར་ཟིང་དུ་བཏང་དང་གཏོང་བཞིན་པ་ནི་དྲ་ལམ་དང་གསར་འགྱུར་ཁག་ནས་མཐོང་ཐོས་སུ་གྱུར། མ་གཞི་སེམས་ལ་ཆོས་ཡོད་ཆོས་མེད་ཀྱི་མི་བུ་སུ་ཡིན་ཡང་རང་སྲོག་ལ་གཅེས་པ་དང་ནད་ཡམས་ལ་བྱོལ་འདོད་པ་ནི་འདྲ་མཚུངས་ཡིན་པ་ལས་གཞན་དོན་དུ་ཚེ་སྲོག་དང་རང་བདེ་བློས་གཏོང་ཐུབ་མཁན་ནི་དམིགས་བསལ་གྱི་དམ་པ་རེ་ཟུང་མ་གཏོགས་མེད་པ་མངོན་གསལ་ཡིན།

      སྤྱིར་རང་སྲོག་ལ་གཅེས་སྤྲས་དང་རང་བདེ་བསྒྲུབ་རྒྱུའི་ཐོབ་ཐང་ཡོད་པས་སྒྲུབ་འོས་པར་མ་ཟད་བསྒྲུབ་དགོས་ནའང་སྒྲུབ་ལུགས་ནོར་ན་མཇུག་འབྲས་རང་ཉིད་ཀྱིས་འཁུར་དགོས་ཕྱིན་ལས་འབྲས་མདུན་དུ་མི་རིགས་དང་བཙན་གཉོམ་གྱི་དབྱེ་བ་དགར་ས་མེད་ལ། མཐོ་དམན་དང་དབུལ་ཕྱུག་གི་ཆེ་མཐོང་ངོམ་ས་མེད་པར་འདྲ་མཉམ་གྱིས་ལས་ཡག་ཉེས་ཀྱི་གྲུབ་འབྲས་མྱོང་དགོས་པ་གཏན་འཁེལ་རེད།

    ནད་ཡམས་འདི་ནི་ཆེད་མཁས་པས་ཞིབ་འཇུག་ལྟར་ན་རི་སྐྱེས་སྲོག་ཆགས་དང་ཕ་ཝང་སོགས་ཀྱིས་སྐྱེད་པར་འདོད་པ་དང་། ལ་ལས་ཁོར་ཡུག་ལ་གཏོར་བརླག་བྱས་པའི་འབྲས་བུར་འདོད། གཞན་དག་བཟའ་བཏུང་བསྟེན་ཉེས་པས་བྱུང་བར་འདོད་པ་སོགས་འདོད་ཚུལ་སྣ་ཚོགས་ཤིག་མཆིས་ནའང་མདོར་འདྲིལ་ན། འགྲོ་བའི་སྒྲོན་མེར་བསྔགས་པ་སངས་རྒྱས་ཐུགས་རྗེ་ཅན་གྱིས། འགྲོ་བའི་བདེ་སྡུག་ལས་ལས་བྱུང་།།ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།།ཞེས་ལོ་ངོ་དུ་མའི་སྔོན་ནས་ཁ་གསལ་གོ་བདེ་ཡིས་ཐག་བཅད་ཟིན་པས་བཞེད་ཚུལ་དེ་དག་ཀྱང་ལུང་ཚད་མ་ཟུང་གི་དགོངས་ཚུལ་ལས་མ་འདས།

      དེར་བརྟེན་ཆོས་ལུགས་དང་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་མིན་ལ་མ་ལྟོས་པར་རང་རང་སོ་སོའི་ཚེ་འདིའི་བདེ་ཐང་ལ་བརྩོན་འདོད་ནི་འགྲོ་བ་མི་ཙམ་མ་ཟད་སྲོག་ཆགས་འབུ་སྲིན་ཡན་ཆད་ལ་ལྷན་སྐྱེས་སུ་གྲུབ་ཡོད། ཡིན་ན་ཡང་རང་གི་བདེ་སྐྱིད་ཀྱི་ཆེད་དུ་གཞན་གནོད་སྤང་པའི་ལས་ལ་གཉེར་ཤེས་མིན་ཀྱིས་མི་དང་སྲོག་ཆགས་གཞན་གྱི་བར་ལ་ཁྱད་པར་ཞིག་ཡོད་དགོས། དེའི་ཆེད་དུ་གཞན་གནོད་སྤང་པའི་ལས་ལ་གཉེར་ཤེས་མིན་ཀྱིས་མི་དང་སྲོག་ཆགས་གཞན་གྱི་བར་ལ་ཁྱད་པར་ཞིག་ཡོད་དགོས་པ་མ་གཏོགས་དེ་མེད་ཚེ་འགྲོ་བ་མི་རྣམས་ལ་ལུས་རྟེན་ཁྱད་པར་བ་ཞིག་ཐོབ་ཡོད་པའི་དགོས་དོན་མ་གྲུབ་པ་རེད།

     དེས་ན་ད་ལྟའི་རིམས་ནད་འདིས་ང་ཚོ་ལ་ལས་ཀ་ཡག་པོ་ཞིག་གཉེར་དགོས་པའི་ཉེན་བརྡ་ཞིག་བཏང་དང་གཏོང་བཞིན་པ་འདྲ། ཅིའི་ཕྱིར་ཞེ་ན་འཁོར་བའི་སེམས་ཅན་གྱི་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་ཆེ་ཕྲ་ཀུན་ཆོས་སྐད་དུ་ལས་ཉོན་གྱི་འབྲས་བུ་དང་དེང་གི་སྐད་ཆའི་དབང་དུ་བྱས་ན་ལས་ཀ་བྱས་ཉེས་ཀྱི་མཇུག་འབྲས་ཡིན་པར་ཤེས་ལྡན་ཀུན་གྱི་འདོད་ཚུལ་གཅིག་མཐུན་བྱུང་ཡོད།

     རིམས་ནད་གང་ཞིག་སྔོན་འགོག་གི་ཐད་ལ་ཆོས་ཡོད་ཆོས་མེད་དག་གི་བསམ་ཕྱོགས་མི་མཐུན་པ་རྫ་ཁོག་གི་ཟས་སྣ་བཞིན་མི་གཅིག་མོད། འོན་ཀྱང་རིགས་སོ་སོའི་གོམས་གཤིས་དང་ཉམས་མྱོང་ཚད་མ་སོགས་ལ་བརྟེན་ནས་འཕྲལ་རྐྱེན་རིམས་ནད་སེལ་བ་ལ་ཞབས་རིམ་དང་འཕྲོད་བསྟེན་སོགས་ལྷ་རྗེ་སྨན་པ་མཁས་པའི་ངག་བཞིན་བསྒྲུབ་ན་ཕན་ནུས་མཐོན་པར་ངེས། ཆར་བ་ཆུ་གྲོགས་ཟེར་བ་ནང་བཞིན་གོང་རིམ་ནས་ཀྱང་ད་ལྟའི་ཆ་ལ་རིམས་ནད་ཡོངས་ཁྱབ་མི་འགྲོ་བའི་ཆེད་འབངས་མི་དག་ཕྱི་བསྐྱོད་གང་འདོད་བྱེད་མི་ཆོག་པའི་ཁྲིམས་ཆད་བཞག་པའང་ང་ཚོ་ལ་རིམས་ནད་གང་ཞིག་མི་འགོ་བའི་ཐབས་ལམ་ཞིག་ལས་བཙན་བཙིར་གྱི་ཆད་ལས་ཤིག་ཏུ་ནམ་ཡང་སེམས་མི་རུང་།

     ཆོས་དད་པ་ཞིག་ལ་མཚོན་ན་རྐྱེན་ངན་དགེ་སྒྲུབ་ལ་སྐུལ་བའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་སྨྲས་ཀྱང་ཐལ་མི་ཆེ་སྙམ། ནམ་རྒྱུན་དམ་པ་འགའ་རེ་མ་གཏོགས་སྐྱེས་བུ་མང་ཆེ་བ་ཡར་འཁྱམས་མར་ཉུལ་གྱིས་དུས་འདའ་བས་དགེ་བ་རྣལ་མ་ཞིག་སྒྲུབ་མི་ཐུབ། ད་སྐབས་མཚམས་པ་བ་ནང་བཞིན་ནང་དུ་མི་སྡོད་ཀ་མེད་ཡིན་པས། ཉིན་མཚན་གཉིས་ཀར་ཉལ་ན་ཉལ་ཚོད་མེད། དེས་ཕྱིར་ཁ་ཏོན་འདོན་པའམ། ཡང་ན་དཔེ་ཀློག་དང་སྒོམ་ཉམས་བཞེས། རྩོམ་རིགས་ལ་འབད་པ་སོགས་སོ་སོའི་འདོད་མོས་བཞིན་གཉེར་ཆོག་པའི་བདུན་ཕྲག་འགའི་གོ་སྐབས་འདི་ཆུད་ཟོས་མི་གཏོང་བར་དོན་ལྡན་གྱིས་འདས་ན། རྐྱེན་ངན་ལམ་གྲོགས་སུ་འཁྱེར་བའི་ཉམས་ལེན་ངོ་མའང་ཡིན་ནོ།།

     དེ་མིན་ཆོས་ཁས་ལེན་མིན་གཉིས་ཀས་རིམས་ནད་འགོག་པ་ལ་སྐུ་རིམ་དང་སྨན་ཁབ་གང་ཕན་གྱི་རྩོད་པ་ཅི་ཙམ་བྱས་ཀྱང་མི་ཕན་ཐག་ཆོད་རེད། དེ་བས་རྐྱེན་ལམ་དུ་ཤོར་བའི་ཤི་བོ་དག་ལ་བསྔོ་སྨོན་རྣམ་དག་རེ་བྱས། རིམས་ནད་མ་འགོས་པ་དག་ལ་ནད་དུག་མི་འགོ་བར་ཤོག 

      ནད་རིམས་ཀྱིས་མནར་བ་རྣམས་ནད་སྡུག་ལས་ཐར་བར་ཤོག་ཅེས་སྙིང་རྗེ་བཅོས་མ་ཚུན་ཆད་འུ་སྐྱེ་ལ་འབད་ན་དགེ་སྒྲུབ་རྣལ་མ་ཞིག་ཏུ་འགྱུར་བས་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པའི་རིགས་མཐུན་ཡོངས་ལ་གྲོས་འདེབས་པའི་འབོད་སྐུལ་ཞིག་གི་ཚུལ་དུ་ཡུལ་མདོ་སྨད་ལྷོ་རྒྱུད་བསྟན་པའི་འབྱུང་གནས་ལྷ་མོ་ཀིརྟིའི་གྲྭ་རིགས་ཐེ་བོ་དཀོན་སེང་དུ་འབོད་པས/2020/2/8 ཕྱི་དྲོར་བྲིས་པ་དགེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱང་ཆུབ སྤེལ་དུས:2020/2/12
ཐེ་བོ་དཀོན་སེང་ལགས་དེ་ལྟར་གསུང་བཤད་གནང་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41092394
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1